ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག >  བོད་ཡུལ་འགྲུལ་བཞུད་རིང་མོ།

ཨ་ཆེན་གངས་རྒྱབ་བརྒལ་ནས་གཙོད་ཀྱི་ཕ་ས་མྱུལ་བ།

སྤེལ་དུས། 2015-09-16 16:57:54   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་ཁོ།

ཟླ9པའི་ཚེས15ཉིན་བོད་ཡུལ་འགྲུད་བཞུད་རིང་མོའི་འགྲམ་གཉིས་དང་ས་ཁུལ་བཞིས་བོད་ཡུལ་འགྲུལ་བཞུད་རིང་མོའི་བཅར་འདྲི་ཚན་ཆུང་ལྷ་སའི་ནག་ཆུ་ནས་མུ་མཐུད་དུ་ལམ་ལ་ཆས་མོད། བཅར་འདྲི་མི་སྣ་སྐོར་ཞིག་ལ་ས་མཐོ་བྱུང་ནས་ནག་ཆུ་ནས་ཞག་གཅིག་འདུག་དགོས་བྱུང་སོང་།

དེ་རིང་སྔ་དྲོ་ང་ཚོས་ནང་ཇ་འཐུང་རྗེས་འདས་པའི་ཉིན་འདི་དག་གི་བྱ་བར་སྤྱི་སྡོམ་དང་མ་འོངས་པའི་ཉིན20རིང་གི་ལམ་ཐག་དང་འཆར་འགོད་བྱེད་པའི་ཚོགས་འདུ་འཚོགས།

ཁ་སང་ང་ཚོ་ཨ་ཆེན་གངས་རྒྱབ་ཀྱི་འཛམ་གླིང་གི་མཐོ་སར་གནས་རི་ལུང་དེ་དག་བརྒལ་སྐབས་ལམ་བར་དུ་གཙོད་དང་རྐྱང་མང་པོ་ཞིག་མཐོང་པ་དང་། དེ་ཚོས་ཨ་ཆེན་གངས་རྒྱབ་ཀྱི་ཁོད་ཡངས་བའི་རྩྭ་ཐང་སྟེང་ནས་བག་ཕེབས་དང་ལྷོད་ཡངས་ངང་རྩྭ་ཆུ་ལ་ངང་གིས་རོལ་ཏེ་ཕར་འགྲོ་ཚར་འོངས་བྱེད་པའི་རླངས་འཁོར་གྱི་འགྲོས་དང་བསྟུན་ནས་ཡར་རྒྱུགས་མར་རྒྱུགས་བྱེད་བཞིན་འདུག  ང་ཚོས་ཀྱང་ཆེད་དུ་མཐོ་སྒང་གི་བླ་སྲོག་ཏུ་གྱུར་བའི་རི་དྭགས་དེ་དག་ལ་པར་བླངས་ནས་ཁོ་ཚོས་འགྲོ་འདུག་སྤྱོད་གསུམ་སོགས་ལ་རྒྱུས་ལོན་ཅུང་ཙམ་བྱས་པ་ཡིན།

གཙོད་ནི་རྩྭ་གཟན་རི་དགས་ཀྱི་རིགས་ཡིན་ལ་མང་ཆེས་ཤོས་ཤིག་མདོ་དབུས་མཐོ་སྒང་སྟེང་དུ་གནས་ཡོད། རྐང་ལག་བཞི་སྲ་ཞིང་བརྟན་ལ་རྔ་མ་ཐུང་། ལུས་ཕུང་རིང་ཚད་ལ་ལི་སྨི130-140ཡོད། རྭའི་རིང་ཚད་ལ་ལི་སྨི50-60 ཡོད། ལུས་ཕུང་གི་ལྕི་ཚད་ལ་སྤྱི་རྒྱ 40-60ཡོད། གཙོད་ཀྱི་སྤུ་མདོག་སེར་ཞིང་མཐུག་ལ་ཐོང་གའི་སྤུ་མདོག་ཁམ་ནག་དང་། ཀླད་པའི་གཙུག་དང་རྣ་གཉིས་ཀྱི་སྤུ་མདོག་དཀར་པོ་ཡིན། སྐེ་འོག་དང་ཕོ་འོག  རྐང་ལག་བཞིའི་སྤུ་ཅུང་སྲབ། རྒྱལ་ཁབ་ཀྱི་རིམ་པ་དང་པའི་སྲུང་སྐྱོབ་རི་དྭགས་ཀྱི་གྲས་ཡིན། སྤྱང་ཀི་ནི་གཙོད་ཀྱི་སྲོག་གཅོད་གཤེད་མ་གཙོ་བོ་ཡིན། སྤྱང་ཀིས་གཙོད་ཕྲུག་རྨས་མ་དང་། ལོ་ཆེ་བ་སོགས་བཟུང་ནས་ཁ་ཟས་བྱེད་པ་རེད། ད་དུང་བྱ་གླག་སོགས་ཀྱང་བཙས་མ་ཐག་པའི་གཙོད་ཕྲུག་དག་ཁ་ཟས་བྱེད་པར་གོམས་ཡོད།

ཨ་ཆེན་གངས་རྒྱབ་ན་སོས་དལ་བག་ཕེབས་ཀྱིས་རྩྭ་ཟ་བཞིན་པའི་གཙོད།

ཨ་ཆེན་གངས་རྒྱབ་ན་སོས་དལ་བག་ཕེབས་ངང་རྩྭ་ཟ་བཞིན་པའི་རྐྱང་།

རྐྱང་ཁྱུ།

ཨ་ཆེན་གངས་རྒྱབ་ཀྱི་རྐྱང་།

ཨ་ཆེན་གངས་རྒྱབ་ཀྱི་གཙོད།

མཚོ་བོད་ལྕགས་ལམ་འགྲམ་གྱི་གཙོད།

ཨ་ཆེན་གངས་རྒྱབ་ན་རྩྭ་ཟ་བཞིན་པའི་གཙོད།

མཚོ་བོད་ལྕགས་ལམ་འགྲམ་གྱི་གཙོད།

གཙོད།

རྩྭ་ཟ་བཞིན་པའི་རྐྱང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།