ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག >  བོད་ཡུལ་འགྲུལ་བཞུད་རིང་མོ།

ཇོ་མོ་གླང་མའི་ཕྱོགས་སུ་བསྐྱོད་པ།

སྤེལ་དུས། 2015-09-23 12:29:43   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་ཁོ།

1.jpg 1.jpg

 ཟླ9བའི་ཚེས22ཉིན་བོད་ཡུལ་འགྲུལ་བཞུད་རིང་མོའི་འགྲམ་གཉིས་དང་ས་གནས་བཞིའི་གཙོ་རྒྱུག་སྨྱན་བྱད་མདོ་དབུས་མཐོ་སྒང་གསར་འགྱུར་རྒྱང་བསྐྱོད་བཅར་འདྲི་ཚོགས་པ་འབྲོང་པ་རྫོང་བར་ཡངས་གྲོང་རྡལ་ནས་ལམ་ཆས་པ།

 ཟླ9བའི་ཚེས22ཉིན་བོད་ཡུལ་འགྲུལ་བཞུད་རིང་མོའི་འགྲམ་གཉིས་དང་ས་གནས་བཞིའི་གཙོ་རྒྱུག་སྨྱན་བྱད་མདོ་དབུས་མཐོ་སྒང་གསར་འགྱུར་རྒྱང་བསྐྱོད་བཅར་འདྲི་ཚོགས་པ་ཆུ་ཚོད7དང་ཕྱེད་ཀའི་སྟེང་ཡར་ལངས་ཏེ་ནངས་ཇ་འཐུང་པ་དང་ཆུ་ཚོད9སྟེང་གཞིས་ཀ་རྩེ་ས་ཁུལ་དིང་རི་རྫོང་གི་ཕྱོགས་སུ་ལམ་ལ་ཆས་པ་ཡིན།   སང་ཉིན་རི་བོ་ཇོ་མོ་གླང་མར་འཛེགས་དགོས་པས་དེ་རིང་ངེས་པར་དུ་དམིགས་སར་སླེབས་དགོས།

ང་ཚོ་འབྲོང་པ་རྫོང་བར་ཡངས་གྲོང་རྡལ་ནས་མཛེས་སྡུག་གི་རྩྭ་ཐང་ཆེན་པོའི་མཛེས་སྡུག་ལ་རོལ་ནས་མུ་མཐུད་དུ་ལམ་ལ་ཆས་པ་ན།  ཁོད་ཡངས་པའི་འབྲོང་པ་རྫོང་གི་རྩྭ་ཐང་སྟེང་དུ་རྟ་ནོར་ལུག་གསུམ་སྐར་ཚོགས་བཞིན་དུ་ཁྱབ་འདུག་ལ།  འབྲོག་ཁྱིམ་དག་གི་རུ་འདབས་སུ་སྒོ་ཁྱི་འགའ་ཕར་འགྲོ་ཚུར་འགྲོ་བྱེད་པ་ཡང་མཐོང་བྱུང་།

མདོ་སྒང་གི་ཞོགས་པ་ནི་ཧ་ཅང་མཛེས་སྡུག་ལྡན་ཏེ། ཕྱོགས་བཞི་མཚམས་བརྒྱད་རབ་ཏུ་མཛེས་པས་ལྷ་ཡུལ་ཁམས་དང་ཅོ་འདྲི་བར་བྱེད།   ངས་དྭངས་ཤིང་གཙང་ལ་དྲི་མའི་མ་གོས་པའི་མཛེས་སྡུག་གི་རྩྭ་ཐང་དང་འབྲོག་པའི་སྦྲ་ནག་དག་མཐོང་དུས་གནས་འདིའི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ནི་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡིན་པར་འདོད་པའི་སེམས་བྱུང་དབང་མེད་དུ་སྐྱེས་བྱུང་།   

དེ་ནས་རིམ་གྱིས་ལྷོ་ཕྱོགས་སུ་ལ་ཆས་པ་ན་ལམ་འགྲམ་གྱི་ཁོར་ཡུག་ནི་ཧ་ཅང་མཛེས་པས་ཡིད་ལ་འཆར་ཡན་དང་དྲན་སྣང་མང་པོ་ཞིག་སྐྱེས་བྱུང་།  ཆུ་ཚོད12དང་སྐར་མ50སྟེང་ས་དགའ་རྫོང་ལ་འབྱོང་སོང་།  རྫོང་འདི་ནི་མཛེས་ཤིང་སྡུག་ལ་གྲལ་དག་པའི་མཐོ་སྒང་གི་གྲོང་རྡལ་ཞིག་རེད།   ང་ཚོས་གནས་འདི་ནས་གུང་ཟས་ལ་རོལ་བ་ཡིན།

བོད་ལྗོངས་གཞིས་ཀ་རྩེའི་སྟོན་ཁའི་ཁོར་ཡུག་ནི་ཧ་ཅང་མཛེས་ལ་ནམ་མཁའ་གཡའ་དྭངས་ཤིང་ས་གཞི་རྡུལ་དག་པར་མ་ཟད།  མེ་ཏོག་སྣ་བརྒྱ་མཉམ་དུ་བཞད་འདུག   ཆུ་ཚོད7དང་སྐར30སྟེང་བརྟན་ཞིང་བརླིང་པའི་གངས་རི་ཆེན་པོ་སྟེ་ཇོ་མོ་གླང་མའི་འདབས་རོལ་དུ་དངོས་སུ་འབྱོར་བྱུང་། 

དགོང་མོ་ཆུ་ཚོད8ཀྱི་སྟེང་བོད་ལྗོངས་གཞིས་ཀ་རྩེའི་དིང་རི་རྫོང་སྒང་དགའ་གྲོང་རྡལ་དུ་འབྱོར་བྱུང་།  གྲོང་རྡལ་ཆུང་ཆུང་འདིའི་ཁོར་ཡུག་ནི་མཛེས་ཤིང་སྡུག་ལ་ས་སྲོད་ཀྱི་རྣམ་པ་ནི་དེ་ལས་ཀྱང་མཛེས་སྡུག་ལྡན་པ་ཞིག་རེད།  གྲོ་ནས་སྲན་གསུམ་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་འདིས་གསེར་མདོག་གི་སྟོན་ལྗོངས་བསུ་པ་མཉམ་དུ་གནས་འདིར་ཕེབས་པའི་མགྲོན་པོ་རྣམས་ལ་བསུ་བ་བྱེད་པ་དང་ཀུན་ནས་མཚུངས།

2.jpg 

ང་ཚོའི་རླངས་འཁོར་རུ་ཁག་ས་དགའ་རྫོང་དུ་འབྱོར་བ།

3.jpg

རླངས་འཁོར་གྱི་ལྷུ་ལག་ལ་སྐྱོན་བྱུང་བ།
4.jpg

སྟོན་ལེན་བཞིན་པ།

5.jpg 

སྐུ་ཚེ་སྡེ་བའི་སྟོན་བསྡུ་བཞིན་བའི་རྣམ་པ།

6.jpg6.jpg

ཇོ་མོ་གླང་མ།

7.jpg

ཆུ་ཚོད8ཀྱི་སྟེང་བོད་ལྗོངས་དིང་རི་རྫོང་གི་སྒང་དགའ་གྲོང་རྡལ་དུ་འབྱོར་བ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།