ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག >  བོད་ཡུལ་འགྲུལ་བཞུད་རིང་མོ།

མངའ་རིས་རྩྭ་མདའ་རྫོང་དུ་བསྐྱོད་པ།

སྤེལ་དུས། 2015-09-24 11:25:10   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

IMG_0559.JPG

དེ་རིང་ཞོགས་པའི་ཆུ་ཚོད་དགུའི་སྟེང་བོད་ཡུལ་འགྲུལ་བཞུད་རིང་མོའི་བཅར་འདྲི་ཚན་ཆུང་བོད་ལྗོངས་སྒར་རྫོང་ནས་ལམ་ལ་ཆས་ཏེ་རྩྭ་མདའ་རྫོང་གི་ཕྱོགས་སུ་བསྐྱོད་པ་ཡིན། ཞོགས་པའི་ཉི་ཟེར་འོག་གི་སྒར་རྫོང་སྔར་ལས་གཟི་དཔལ་ལྡན་ཞིང་ཕྱོགས་བཞིའི་ཁོ་ར་ཁོར་ཡུག་གསེར་ཞུན་བྱུགས་པ་བཞིན་ཀུན་ནས་མཛེས། ང་ཚོ་བསིལ་རླུང་དྭངས་མོ་ཞིག་གི་རྒྱུ་བ་དང་འགྲོགས་ནས་ལམ་ལ་ཆས་པ་ཡིན། རྩྭ་མདར་བསྐྱོད་པའི་ལམ་ཁ་སྣུམ་ལམ་ཡིན་ལ་ལམ་བར་དུ་དུད་ཁྱིམ་མང་པོ་ཡོད་པས། སྔར་ཉིན་ལྟ་བུའི་སུན་སྣང་མེད་པའི་ཁར་ངལ་གསོ་ཡག་པོ་བྱས་ཡོད་པས་དེ་རིང་ཚང་མའི་གདོང་ལ་གཟི་མདངས་རབ་ཏུ་རྒྱས་ཡོད། འོན་ཀྱང་འཆམ་ནད་ཕོག་པ་དང་ལུས་ཟུང་ཞན་པ་སོགས་ཀྱི་དབང་གིས་ཚོགས་མི་འགའ་རེ་ང་ཚོ་དང་ཁ་མི་འབྲལ་ཐབས་མེད་བྱུང་།

རྩྭ་མདའ་ཉག་ཁ་བརྒྱུད་ནས་རྩྭ་མདའ་རྫོང་ཐོག་ཏུ་འབྱོར་སྐབས་ཕྱི་དྲོའི་ཆུ་ཚོད་དྲུག་ཙམ་ལ་སླེབས་ཡོད། ནུབ་ཁའི་ཉི་ཟེར་གྱི་འོག་ཏུ་རྩྭ་མདའ་རྫོང་ནི་མཐོ་སྒང་གི་སྣུན་ཚོན་རི་མོ་ཞིག་དང་མཚུངས་ཤིང་། གནས་འདིར་སྙན་པའི་གྲགས་པ་མཁའ་རུ་འཕགས་པའི་མངའ་རིས་གུ་གེ་རྒྱལ་རབས་ཀྱི་མཁར་ཤུལ་ཡོད།

གུ་གེ་རྒྱལ་རབས་ཀྱི་མཁར་ཤུལ་ནི་གཙང་འགྲམ་གྱི་ས་སྒང་ཞིག་གི་སྟེང་དུ་ཆགས་ཡོད་པ་དང་། འདི་ནི་རྒྱལ་ཁབ་ཀྱི་སྐབས་དང་པོའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲས་ཡིན། གུ་གེ་རྒྱལ་རབས་འཇིགས་པའི་ལོ་རྒྱུས་ཐད་ཆེད་མཁས་པ་མང་པོར་བཞེད་དགོངས་སྣ་ཚོགས་ཡོད་པས་ཆགས་འཇིགས་ཀྱི་ལོ་རྒྱུས་ལ་ཁ་ཚོན་བཅད་ནས་སྨྲ་མི་ནུས་མོད། ད་ལྟ་ང་ཚོའི་མཐོང་ལམ་དུ་གྱུར་བའི་ཤུལ་བཞག་མཁར་གྱང་འདི་དག་གིས་ཀྱང་གནའ་བོའི་དུས་ཀྱི་གུ་གེ་རྒྱལ་རབས་ཀྱི་སྟོབས་དང་འབྱོར་བ། བློ་དང་ཤེས་རབ། གཞན་ལས་ཁྱད་དུ་འཕགས་པའི་ལག་རྩལ་སོགས་མཐོང་ཐུབ།

IMG_0560.JPG

རྩྭ་མདའ་རྫོང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས།

IMG_0561.JPG

རྩྭ་མདའ་རྫོང་གི་ཡུལ་ལྗོངས།

IMG_0562.JPG

གུ་གེའི་མཁར་ཤུལ།

IMG_0563.JPG

གུ་གེའི་མཁར་ཤུལ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།