ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པ། > འོས་སྦྱོར་ནང་དོན།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་ས་ནས་བསྡུས།

སྤེལ་དུས། 2015-09-09 10:20:18   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཏུང་ཞོ་ཡན།


西藏自治区成立50周年庆祝大会隆重举行 1.jpg

པར་འདི་ནི་ཡུས་ཀྲིན་ཧྲིན་གྱིས་བོད་རང་སྐྱོང་ལྗོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། མཛེས་སྡུག་གི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་ཕྱག་བྲིས་གནང་ཡོད་པའི་རྟེན་འབྲེལ་ཞུ་བྱང་གནང་།
 

西藏自治区成立50周年庆祝大会隆重举行 2.jpg

ཚེས་བརྒྱད་ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲི་གཉིས་ལྷག་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལ་ཐང་ཆེན་དུ་འཛོམས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། མཛེས་སྡུག་གི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་ཕྱག་བྲིས་གནང་ཡོད་པའི་རྟེན་འབྲེལ་ཞུ་བྱང་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུ་ཞུགས་པར་མ་ཟད་གསུང་བཤད་གནང་།
 

西藏自治区成立50周年庆祝大会隆重举行 3.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུ་ཞུགས་པར་མ་ཟད་གསུང་བཤད་གནང་།
 

ཚེས་བརྒྱད་ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲི་གཉིས་ལྷག་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལ་ཐང་ཆེན་དུ་འཛོམས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། མཛེས་སྡུག་གི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་ཕྱག་བྲིས་གནང་ཡོད་པའི་རྟེན་འབྲེལ་ཞུ་བྱང་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུ་ཞུགས་པར་མ་ཟད་གསུང་བཤད་གནང་།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། རྟེན་འབྲེལ་ཚོགས་ཆེན་གྱི་མགོ་བརྩམས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིག་ཡན་ཏུང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐོར་གྱི་རྟེན་འབྲེལ་གློག་འཕྲིན་སྒྲོག་འདོན་བྱས།

ཡུས་ཀྲིན་ཧྲིན་གྱིས་བོད་རང་སྐྱོང་ལྗོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཁ་ཡིག་ལ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། མཛེས་སྡུག་གི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་ཕྱག་བྲིས་གནང་ཡོད་པའི་རྟེན་འབྲེལ་ཞུ་བྱང་གནང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ་དང་། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པད་མ་འཕྲིན་ལས་ཀྱིས་རྟེན་འབྲེལ་ཞུ་བྱང་དང་ལེན་བྱས།   

ཡུས་ཀྲིན་ཧྲིན་གྱིས་ཚོགས་ཆེན་སྟེང་གསུང་བཤད་གནང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། ལས་རིགས་ཁག་གི་མི་སྣ། བོད་ལྗོངས་སུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་དམག་དཔུང་གི་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྙིང་ཉེ་བའི་འཚམས་འདྲི་ཞུས། བོད་རང་སྐྱོང་ལྗོངས་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཐད་བྱས་རྗེས་བཞག་ཡོད་པའི་བློ་མཐུན་རྣམས་དང་གྲོགས་པོ་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས། བོད་ལྗོངས་ལ་ཐུགས་ཁུར་བྱེད་པ་དང་བོད་ལྗོངས་ལ་དགའ་བ། བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་རྒྱབ་སྐྱོར་བྱེད་པའི་ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱི་སྡོར་རང་མི། རྒྱལ་སྤྱིའི་མཛའ་མཐུན་མི་སྣ་བཅས་ལ་སེམས་གཏིང་ནས་བཀའ་དྲིན་ཞུས།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ལོ་ངོ་ལྔ་བཅུའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་བྱས་ཏེ་དབུལ་ཕོངས་དང་རྗེས་ལུས་ཀྱི་བོད་ལྗོངས་རྙིང་བ་དེ་སྐྱེ་སྟོབས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བར་བསྒྱུར། འོད་སྟོང་འབར་བའི་གྲུབ་འབྲས་དེ་དག་བླངས་པ་ནི་བློ་མཐུན་མའོ་ཙེ་ཏུང་དང་ཏིན་ཞའོ་ཕེན། ཅང་ཙེ་མེན་བཅས་གཙོ་ཡིན་པའི་ཏང་གི་རབས་གསུམ་པའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་དང་། བློ་མཐུན་ཧུའུ་ཅིན་ཐོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་ལ། ཇུས་འགོད་བཟང་བོ་བྱས་པའི་གྲུབ་འབྲས་ཡིན་ལ།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་མ་འོང་གསར་གཏོད་དང་མགོ་ཁྲིད་ཡང་དག་པ་བྱས་པའི་གྲུབ་འབྲས་ཡིན་པ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་གྲུབ་འབྲས་ཡང་ཡིན། འོད་སྟོང་འབར་བའི་གྲུབ་འབྲས་དེ་དག་བླངས་པ་ལས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གལ་ཆེན་གལ་ལེགས་སྒོས་མཚོན་པར་བྱས་ཡོད་ལ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་ངོམ་པར་བྱས་ཡོད་ཟེར།
བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ་ཡིས་ཚོགས་ཆེན་སྟེང་གཏམ་བཤད།

བོད་ལྗོངས་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཞུའུ་ཡུང་དང་། མང་ཚོགས་ཀྱི་འཐུས་མི་འཇམ་དཔལ་གྱིས་ཚོགས་ཆེན་སྟེང་གཏམ་བཤད། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱ་མཚོས་རྟེན་འབྲེལ་ཚོགས་ཆེན་ལ་མགོ་འཛིན་བྱས།  

དེའི་རྗེས་སུ་བཀྲ་ཤིས་པའི་རྣམ་པས་ཁེངས་པའི་མང་ཚོགས་ཀྱི་ཁྲོམ་སྐོར་རྒྱ་ཆེན་པོ་སྤེལ།

ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་སུང་ཁྲུན་ལན་དང་ཏུའུ་ཆིན་ལིན། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་བསྡུས། ཀྲང་ཡང་། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་མི་སྣ་ཚང་མ། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གསུམ་གྱི་འགན་ཁུར་མི་སྣ་བཅས་ཚོགས་ཆེན་ལ་ཞུགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།