ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་50ལོན་པ། > འོས་སྦྱོར་ནང་དོན།

ཡུས་ཀྲིན་ཧྲིན་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཀྲུང་གོའི་ཕུགས་འདུན་ཏེ་གངས་ལྗོངས་ཀྱི་སྤྲོ་གླུ་ཞེས་པར་གཟིགས།

སྤེལ་དུས། 2015-09-09 10:42:49   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཏུང་ཞོ་ཡན།


俞正声观看庆祝西藏自治区成立50周年文艺晚会《中国梦·雪山欢歌》 1.jpg

པར་འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་བརྒྱད་བརྒྱ་ལྷག་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་པའི་ཚུལ་རེས།
 

俞正声观看庆祝西藏自治区成立50周年文艺晚会《中国梦·雪山欢歌》 2.jpg

པར་འདི་ནི་དགོང་ཚོགས་ཀྱི་ཡུལ་དངོས་རེད།
 

ཚེས་བདུན་ཉིན་གྱི་དགོང་མོར། ད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཀྲུང་གོའི་ཕུགས་འདུན་ཏེ་གངས་ལྗོངས་ཀྱི་སྤྲོ་གླུ་ཞེས་པ་དེ་བོད་ལྗོངས་མི་དམངས་ཚོམས་ཁང་ནས་བསྡུས། ཡུས་ཀྲིན་ཧྲིན་དང་ལིག་ཡན་ཏུང་། སུང་ཁྲུན་ལན་སོགས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་མགོ་ཁྲིད་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་བརྒྱད་བརྒྱ་ལྷག་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས།

དགོང་ཚོགས་ལས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་རིང་ལ་བྱུང་བའི་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་ངོམ་པར་བྱས་པར་མ་ཟད། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་མཐུན་སྒྲིལ་དང་དམངས་གཙོ། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པའི་རེ་འདུན་བཟང་བོ་མཚོན་པར་བྱས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།