ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > པར་བརྙན་ལ་བརྒྱུས་པའི་ཟིན་ཐོ།

རྨ་གཡང་ཕྱུག་མོའི་འགྲམ་ངོགས་ན་གནས་བའི་དར་ལག་རྫོང་གི་མཐོང་སྣང་ ། ཁག་གཉིས་བ།

སྤེལ་དུས། 2014-09-21 00:00:00   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་བརྟན་ཚེ་རིང་།

སྤྱི་ལོ་༢༠༡༤ལོའི་ཟླ་༩བའི་ཚེས་༢༡ཉིན། གཟའ་ཉི་མ།

སྤྱིར་དེ་རིང་ནི་གཟའ་ཉི་མའི་ངལ་གསོའི་དུས་ཚོད་ཡིན། ཡིན་ནའང་ངེད་བཅར་འདྲི་ཚན་ཆུང་གིས་དུས་ཚོད་དམ་འཛིན་དང་བྱ་བ་ལེགས་འགྲུབ་ཡོངས་ཆེད་སྔར་བཞིན་བཅར་འདྲིར་འགྲོ་རྒྱུ་ཐག་བཅད། དར་ལག་རྫོང་དྲིལ་སྒྲོག་པུའུ་ཡི་བཀོད་སྒྲིག་ལྟར་ངེད་བཅར་འདྲི་ཚན་ཆུང་སྡེར་ནང་ས་བྲིས་ཚད་མཐོའི་བོད་ཀྱི་ལག་རྩལ་ཐོན་རྫས་ཀུང་ཟིར་བསྐྱོད་པ་ཡིན། དར་ལག་རྫོང་གི་ཞོགས་པའི་མཛེས་ལྗོངས་ནི་རི་མོ་མཁན་གྱིས་པིར་གྱིས་བྲིས་པ་བཞིན་མཛེས་སྡུག་ལྡན་ལ་ངེད་ཚན་ཆུང་གིས་ཀྱང་དགའ་སྤྲོའི་གླུ་སྒྲ་དང་བཅས་ཏེ་རླངས་འཁོར་ལ་བསྡད་ནས་ཆུ་ཚོད་གཉིས་ཙམ་ལ་སོང་རྗེས་སུ་སྡེར་ནང་ཡུལ་ཚོ་སྟེ་སྡེར་ནང་ས་བྲིས་བྱུང་ཡུལ་ལ་འབྱོར་སོང་།   སྡེར་ནང་ས་བྲིས་ནི་སློབ་དཔོན་པེེ་རོ་ཙཱ་ནའི་བྲིས་རྒྱུན་ཡིན་ལ། སློབ་དཔོན་ཁོང་རྒྱལ་མོ་ཚ་བ་རོང་ལ་བྱོན་པའི་ལམ་བར་སློབ་མ་མང་དུ་བསྐྱངས་པ་དང་། ལྷག་པར་ཁམས་ས་ངན་གྱི་ས་ངན་བླ་མ་བསྟན་འཛིན་གཙོས་སློབ་མ་ཕུལ་བྱུང་ཅན་མང་དུ་སྐྱེད་བསྲིང་བྱས། མཐར་སྡེར་ནང་འཇང་བླ་མ་བསྟན་འཛིན་གྱིས་ཀ་ཐོག་བླ་མ་ལྕམ་ལྷའི་མདུན་ནས་སྦྱངས

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།