ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > པར་བརྙན་ལ་བརྒྱུས་པའི་ཟིན་ཐོ།

མགོ་ལོག་འབུམ་པ་ཁག་གསུམ་གྱི་ཕ་ཡུལ་ཏེ་གཅིག་སྒྲིལ་རྫོང་གི་མཐོང་སྣང།

སྤེལ་དུས། 2014-09-25 10:30:30   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་བརྟན་ཚེ་རིང་།

སྤྱི་ལོ༢༠༡༤ལོའི་ཟླ༩བའི་ཚེས༢༥ཉིན། གཟའ་ཕུར་བུ།

ཞོགས་པའི་སྐྱ་རེངས་ཀྱིས་རྟ་བདུན་དབང་བོ་འཛུམ་གྱིས་བསུས་པའི་སྐབས་འདིར་ངེད་བཅར་འདྲི་ཚན་ཆུང་གིས་ཀྱང་དུས་ཚོད་དམ་འཛིན་སྒོས་ཞོགས་ཟས་ལ་རོལ་མ་ཐག་གཅིག་སྒྲིལ་རྫོང་ཐོག་ཏུ་བསྐྱོད་པ་ཡིན། གཅིག་སྒྲིལ་རྫོང་ནི་རྨ་ཀླུང་གསེར་ལྡན་ཕྱུག་མོའི་སྟོད་རྒྱུད། གངས་ཅན་བོད་ཀྱི་བླ་རི་ཨ་མྱེས་རྨ་རྒྱུད་སྦོམ་ར་དང་གཉན་པོ་གཡུ་རྩེ། གཡང་དྲུང་ལྕགས་རྩེ་སོགས་བརྗིད་ཆགས་གངས་ཀྱི་རི་བོས་ཡོངས་སུ་བསྐོར་བ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ་བཞི་བརྒྱ་བཞི་བཅུར་བསྐྱོད་པའི་མཚམས་ན་ཆགས་ཡོད་པས་རླངས་འཁོར་ལ་བསྡད་ནས་དུས་ཚོད་དྲུག་ཙམ་ལ་བསྐྱོད་དགོས་བྱུང་སོང་། ཡིན་ནའང་དགའ་འོས་པ་ཞིག་ལ་ལམ་བར་གྱི་གཉན་པོ་གཡུ་རྩེ་ས་གཤིས་སྤྱི་གླིང་བརྒྱུད་ནས་འགྲོ་རྒྱུའི་ཐག་བཅད་པས་ཐང་ཆད་པའི་སྣང་བ་ཅི་ཡང་མི་འདུག

image001.jpg

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།