ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > པར་བརྙན་ལ་བརྒྱུས་པའི་ཟིན་ཐོ།

མཚོ་ཤར་བོད་ཡུལ་དུ་བསྐྱོད་པའི་ཞོན་ཧྭ་རྫོང་གི་མཐོང་སྣང་། ཁག་དང་པོ།།

སྤེལ་དུས། 2014-11-02 08:45:03   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་བརྟན་ཚེ་རིང་།

སྤྱི་ལོ་༢༠༡༤ལོའི་ཟླ༡༡པའི་ཚེས་༢ཉིན། གཟའ་ཉི་མ།

ངེད་བཅར་འདྲི་ཚན་ཆུང་གིས་གྲོས་བསྡུར་བྱས་ཏེ་ཐོག་མར་ཞོན་ཧྭ་རྫོང་རྡོ་སྦིས་ཞང་གི་ཧོར་གྲོ་བ་སྡེ་བར་བཅར་འདྲི་བྱེད་དུ་འགྲོ་རྒྱུ་ཐག་བཅད་པ་ཡིན། ཧོར་གྲོ་བ་སྡེ་བ་ནི་མདོ་སྨད་རྟ་ཡི་ཆོལ་ཁའི་ཆར་གཏོགས་པ་ས་ལ་དགེ་བཅུ་ཚང་བ། ཨ་མྱེས་དར་རྒྱལ་རི་བོ་དང་ཐག་མི་རིང་བའི་རྡོ་སྦིས་གསེར་མོ་ལྗོངས་ཀྱི་ལུང་དཀྱིལ་དུ་ཆགས་ཡོད་ལ། ཡུལ་འདིར་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟར་བྱོན་མྱོང་བ་མ་ཟད། ང་ཚོས་བཅར་འདྲི་བྱ་རྩིས་ཡོད་པའི་སྡེ་བ་འདིར་གངས་ཅན་མཁས་པའི་ཁྱུ་མཆོག་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་ལྗགས་ཀྱི་འདབ་མ་རབ་ཏུ་ཡངས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོའི་འཁྲུངས་ཡུལ་ཡིན་པས། ང་ཚོ་དམ་པ་གང་དེའི་ལྟེ་ཁྲག་འཕོ་སའི་གནས་འདིར་སླེབས་པས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། དམ་པ་ཁོང་ནི་བོད་གངས་ཅན་གྱི་མཁས་པ་ཆེན་པོ་ཡིན་པའི་མི་ཚད་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཆེས་ཐོག་མའི་ས་བོན་འདེབས་མཁན་ཡང་ཡིན་ཏེ། སྤྱི་ལོ༡༩༥༠ལོའི་ཟླ་༡ཚེས་༡ཉིན། ཁོང་གིས་ཐོག་དང་པོར་རླུང་འཕྲིན་གྱི་གློག་རླབས་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་བོད་རིགས་མི་དམངས་རྣམས་ལ་བོད་སྐད་ཀྱི་ལམ་ན

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།