ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > པར་བརྙན་ལ་བརྒྱུས་པའི་ཟིན་ཐོ།

མཚོ་ཤར་བོད་ཡུལ་དུ་བསྐྱོད་པའི་ཞོན་ཧྭ་རྫོང་གི་མཐོང་སྣང་། ཁག་གཉིས་པ།

སྤེལ་དུས། 2014-11-03 11:28:34   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་བརྟན་ཚེ་རིང་།

སྤྱི་ལོ་༢༠༡༤ལོའི་ཟླ༡༡ཚེས་༣ཉིན། གཟའ་ཟླ་བ།
ངེད་བཅར་འདྲི་ཚན་ཆུང་གིས་ཞོགས་པའི་ཁ་ཟས་ལ་རོལ་མ་ཐག་བཅར་འདྲི་བྱེད་ཡུལ་པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་ཏེ་བིས་མདོ་ཞང་མ་རུ་སྡེ་བར་བཅར་འདྲི་བྱེད་དུ་སོང་བ་ཡིན། མ་རུ་སྡེ་བ་ནི་སྔ་དུས་ནས་བཟུང་སྟེ་གཞན་གྱིས་མིག་དཔེ་ལྟ་སར་གྱུར་བའི་སྔོན་ཐོན་སྡེ་བའི་གྲས་སུ་ཡོད་པ་མ་ཟད། མི་རིགས་མཐུན་སྒྲིལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཡ་རབས་སྤྱོད་བཟང་གི་ཕྱོགས་སུ་ཆས་བཞིན་པའི་སྡེ་བ་ཞིག་ཡིན། སྤེན་པད་ཀྱིས་བརྒྱན་པའི་ཕྱིའི་མཁར་དང་བཅས་པ་རྒྱ་མི་ཆེ་ནའང་། ནང་གི་རྟེན་དང་བཅས་པ་དད་ལྡན་གྱི་སྐྱེ་བོ་འགུག་པའི་ལྕགས་ཀྱུར་གྱུར་ཡོད། སྔོན་ཆད་ས་སྐྱའི་འཁོན་གྱི་གདུང་རྒྱུད་ལས་ཆད་པའི་བིས་མདོ་དཔོན་ཚང་གི་གཞིས་ཀ་ཡིན་ཞིང་། བོད་རབ་བྱུང་བཅུ་དྲུག་པའི་ས་སྟག་སྤྱི་ལོ་༡༩༣༨ལོར་པཎ་ཆེན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གནས་འདི་རུ་སྐུ་བལྟམས་ཤིང་། པན་ཆེན་ཁོང་ཉིད་ཀྱི་ལྟེ་ཁྲག་འཕོ་ས་དང་། ཕྱག་རྫས་ཀྱི་རིགས། གཟིམ་ཁྲི་སོགས་མང་དུ་མཇལ་རྒྱུ་ཡོད། ཁོང་འཁྲུངས་པའི་རྒྱ་ལོ་ཚེས་གསུམ་ཉིན་གྱི་ནངས་མོར་མ་གལ་གྱི་ལྗོན་བཟང་ཆེན་པོ་དེའི་རྩེ་ནས་ཁུ་བྱུག་གྲགས་མྱོང་བ་སོགས་ཁྱད་པར་བའི་ངག་རྒྱུན་ད་སྐབས་

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།