ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > དཔའ་རིས་ཡུལ་དུ་བསྐྱོད་པ།

དཔའ་རིས་ཡུལ་དུ་བསྐྱོད་པ་དཀར་པོའི་རང་མདངས་ལས་ཁག་བཅོ་ལྔ་པ་རང་མདངས་མ་ཉམས་པའི་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྨན་ཁང་།

སྤེལ་དུས། 2015-07-16 17:34:44   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།

IMG_6667.JPG 

དཔའ་རིས་བོད་སྨན་ཁང་གིས་བོད་ཀྱི་གསོ་བ་རིག་པའི་ལག་ལེན་ཉམས་སུ་མ་བཅུག་པར། དུས་ད་ལྟའང་བོད་སྨན་གཙོ་བོར་བྱས་ཏེ་མང་ཚོགས་ཀུན་ལ་བདེ་སྐྱིད་བླ་མེད་གནང་བཞིན་འདུག་ལ། ལྷག་པར་བོད་སྨན་ཞིབ་འཇུག་ཁང་བཙུགས་ནས་རང་ཉིད་ཀྱིས་གསར་གཏོད་བྱས་པའི་བོད་སྨན་ཡང་འགའ་ཞིག་འདུག དེ་བཞིན་རང་གི་བོད་སྨན་ལས་གཞན་གསོ་རིག་གཞན་དང་ཉམས་མྱོང་བརྗེ་རེས་ཚུལ་གྱིས་གཞན་གྱི་ལེགས་ཆ་བཏུས་ཤིང་། དེང་རབས་ཀྱི་འཕྲུལ་ཆས་ནང་འདྲེན་བྱས་ཏེ་ནད་པ་ཡོངས་ཀྱི་སྡུག་བསྔལ་བསལ་དང་སེལ་བཞིན་འདུག

ལྷ་རྗེ་ཚེ་བྷོ་ཡིས་བཤད་རྒྱུར། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྨན་ཁང་ནི་སྤྱི་ལོ1978ལོར་བཙུགས་པ་ཡིན་ལ། བོད་སྨན་དང་རྒྱ་སྨན། ནུབ་ལུགས་ཀྱི་སྨན་བཅས་གཅིག་འདུས་ཀྱི་སྨན་བཅོས་དང་། སྔོན་འགོག ཁམས་གསོ། ཞིབ་འཇུག སྨན་ཁྲིད་བཅས་དཀྱུས་གཅིག་ཏུ་ཡོད་པའི་རིམ་གཉིས་ཀ་པའི་མི་རིགས་གསོ་རིག་སྨན་ཁང་ཞིག་ཡིན་ལ། སྤྱི་ལོ2013ལོའི་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། ས་གནས་འདིར་གནས་སྤོ་བྱས་པ་ཡིན། ད་ལྟ་བོད་སྨན་ཁང་དུ་སྨན་པ་འབུམ་རམས་པ་གཉིས་དང་། རབ་འབྱམས་པ་དྲུག་ཡོད། འདིར་ཡོད་པའི་སྨན་སྣ་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་ལ། རང་ཞིབ་འཇུག་ཁང་གིས་གསར་གཏོད་བྱས་པའི་སྨན་དྲུག་ཡོད། ལྷག་པར་དུ་གྲུམ་ནད་ཀྱི་སྨན་ལུམས་ཚན་ཁག་དང་ཕྱི་ནད་ཚན་ཁག་ནི་ཀན་སུའུ་ཞིང་ཆེན་གྱི་ཀྲུང་ལུགས་ཆེད་སྤྱོད་ཚན་ཁག་འཛུགས་སྐྲུན་ལས་ཁུངས་གཙོ་བོ་དང་། ཝུའུ་ཝེ་གྲོང་ཁྱེར་གྱི་བོད་ལུགས་ཆེད་སྤྱོད་ཚན་ཁག་གཙོ་བོ་ཡིན་ཟེར།

སྨན་པ་ཚེ་བྷོས་བོད་སྨན་ཁང་གི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

གྲུམ་ནད་ཚན་ཁག

སྨན་ལུམས་སུ་འདུག་སའི་གཞོང་བ།

སྨན་པས་ནད་པ་ལ་སྨན་བཅོས་བྱེད་བཞིན་པ།

བོད་སྨན་ཁང་གི་སྨན་པའི་སྡེ།

མང་ཚོགས་སྐོར་ཞིག་གིས་བོད་སྨན་ལེན་བཞིན་པ།

སྨན་བསྡེབས་བཞིན་པ།

སྨན་སྟེར་སའི་བོད་སྨན་གྱི་སྟེགས་བུ།

ཨ་མདོ་བརྙན་འཕྲིན་གྱི་མདོ་འཛིན་པས་ནད་པར་བཅར་འདྲི་བྱེད་བཞིན་པ།

གྱང་ལྡེབས་ངོས་ཀྱི་ཚིགས་སུ་བཅད་པའི་སྙན་ངག

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།