ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > དཔའ་རིས་ཡུལ་དུ་བསྐྱོད་པ།

དཔའ་རིས་ཡུལ་དུ་བསྐྱོད་པ་དཀར་པོའི་རང་མདངས་ལས་ཁག་བཅུ་དྲུག་པ་གཡང་ཁྱུང་དགོན་དགའ་ལྡན་དར་རྒྱས་གླིང་།

སྤེལ་དུས། 2015-07-17 17:55:57   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།

དགོན་པ་འདི་ནི་རབ་བྱུང་བཅུ་བའི་ས་མོ་སྟག་སྟེ་སྤྱི་ལོ1578ལོར་ཏཱ་ལའི་སྐུ་ཕྲེང་IMG_6930.JPGགསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ཉིད་མདོ་སྨད་དང་ཁམས་སུ་ཕེབས་ནས་ཆོས་ཀྱི་མཛད་པ་གང་ལེགས་སྒྲུབ་པའི་སྐབས་དང་། ལྷག་པརསོག་པོའི་ཡུལ་ནས་ཆོས་ཀྱི་རྒྱལ་པོར་བཞུགས་པའི་དུས་སུ་སོག་པོའི་བླ་དཔོན་ཆེན་པོ་ཐཱའ་ཆེན་ཏཱ་བླ་མས་ཀན་སུའུ་ལང་ཇུའི་ཡུང་ཁྲང་ངམ། མདོ་ལ་རིང་མོའི་བྱང་ཕྱོགས་ཀྱི་རི་འདབས། དར་གོས་ཚོང་ལམ་རིང་མོའི་ལམ་ཆེན་གྱི་ལྷོ་ཕྱོགས། མདོ་སྨད་རྟའི་ཆོ་ག་གཡང་ཁྱུང་དགོན་རྙིང་ལུང་བ་ནས་ཐོག་མར་ཕྱག་བཏབ་མཛད། གོང་མའི་དབུ་བླ་པྲ་ཏི་དབང་ཕྱུག་གྲགས་པ་ཀླུ་སྒྲུབ་ཁྲི་སར་བཀོད་ནས་འདུ་ཁང་ཆེན་མོ་གསར་བཞེངས་བྱས། རྗེས་སུ་ཐུའུ་བཀྭན་རིན་པོ་ཆེ་དང་། པྲ་ཏི་དབང་ཕྱུག་གྲགས་པ་ཀླུ་སྒྲུབ། སོག་པོའི་བླ་དཔོན་ཐཱ་ཆེན་ཏཱ་བླ་མ་སོགས་ཀྱིས་རབ་གནས་མཛད་པའི་རྟེན་འབྲེལ་བསྒྲིགས། སྐབས་དེར་བླ་མ་ཐཱ་ཆེན་ཏཱ་ལ་སྟོབས་འབྱོར་མངའ་ཐང་ལྡན་པས། མིང་རྒྱལ་རབས་དུས་ཀྱི་གོང་མ་ཆན་ལུང་ལོ་ངོ་ཞེ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྟག་སྟེ་སྤྱི་ལོ1782ལོར་དགོན་པའི་རྒྱབ་རི་ལ་བྱ་ཁྱུང་རྒྱལ་པོ་ས་ལ་བབས་འདྲ་དང་། མདུན་ཕྱོགས་སུ་གཡུ་འབྲུག་སྔོན་མོ་ལྟ་བུའི་གཙང་ཆབ་སྔོན་མོ་ལྷུང་ལྷུང་དུ་དལ་གྱིས་འབབ་པ། ས་པད་མ་འདབ་བརྒྱད་ཁ་འབྱེད་པ་ལྟ་བུ་མངོན་པར་མཛེས་པའི་གཡང་ཁྱུང་ནས་རྒྱལ་བ་ཤཱཀྱ་ཐུབ་པའི་ལྷ་ཁང་དང་། མར་མེ་མཛད་ཀྱི་ལྷ་ཁང་། བྱམས་ཁང་། རྒྱལ་བ་སེང་གེའི་ང་རོའི་ལྷ་ཁང་། ཚོགས་ཆེན་འདུ་ཁང་། མགོན་ཁང་། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་བཅས་ལྷ་ཁང་བདུན་བཞེངས་ནས་བདེ་ལྡན་ཞིང་མཆོག་གཉིས་པ་ལྟ་བུའི་ཆོས་ཀྱི་ཞིང་ཁམས་ཆེན་པོར་གྱུར། དེའི་རྗེས་སུ་ཐང་རིང་རྒྱལ་བ་སྐུ་གཉིས་པ་མཚན་བཟང་པོ ༧ ཐུབ་སྟོབས་རྒྱ་མཚོ་མཆོག་ཉིད་གདན་དྲངས་ནས་བྱང་ཆུབ་མཆོད་རྟེན་དང་གཙུག་གཏོར་རྣམ་རྒྱལ་མའི་མཆོད་རྟེན་བཞེངས་ཏེ་ཆོས་སྲིད་བརྟན་པོར་བསྲུངས། དེ་ནས་རིམ་གྱིས་གྲྭ་བཙུན་ཀྱང་བརྒྱད་བརྒྱ་ལྷག་ཏུ་བཞུགས་པ་དང་དད་ལྡན་གདུལ་བྱ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ཁམས་མིག་གི་ཡུལ་དུ་གཟིགས་སུ་གྱུར། དེ་ནས་ཆིན་གོང་མ་ཐུང་ཀྲིའི་སྐབས་དམག་འཁྲུག་བྱུང་སྟེ་ལྷ་ཁང་དང་འདུ་ཁང་། དགེ་འདུན་གྱི་སྡེ་སོགས་བཅོམ་བརླག་བཏང་བས་ཆོས་སྲིད་གང་ལའང་གནོད་འཚེ་ཐེབས་ནས་ཡུལ་མི་ཁ་ཐོར་དུ་སོང་།

གཡང་ཁྱུང་དགོན་པའི་མིང་ལ་དབྱིངས་ཁྱུང་དང་། དབྱིངས་ཆུང་། ཡོང་ཆང་། གྱང་རིང་བཅས་མིང་དུ་མ་ཡོད་འདུག་ལ། འདི་ཉིད་སྔོན་ཆད་དཔའ་རིས་བོད་རང་སྐྱོང་རྫོང་ལ་གཏོགས། སྤྱི་ལོ1959ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་ནས་བཟུང་ཀྲང་དབྱེ་ས་ཁུལ་གྱི་མངའ་ཞབས་སུའུ་ནན་ཡུ་གུར་རིགས་རང་སྐྱོང་རྫོང་གི་ཁོངས་སུ་གྱུར། སྤྱི་ལོ 1971ལོའི་ཟླ་བཅུ་པར་ཡུང་ཁྲང་རྫོང་ལ་བཀར་མོད། ཕྱི་ལོར་སླར་ཡང་སུའུ་ནན་རྫོང་གི་ཁོངས་སུ་འདུ་བར་བྱས།

དགོན་འདི་དང་ཐོག་ནས་དགེ་ལུགས་པའི་དགོན་པ་ཞིག་ཡིན་ལ། དམངས་གཙོ་བཅོས་སྒྱུར་སྔོན་ལ་དགོན་འདིའི་ལྷ་སྡེ་དང་མཆོད་གཞིས་ནི་མཛུབ་ལུང་དོང་ཆུ་དང་། གཡང་མཚོ་སྟེགས་སྲིབ་ཆེན་པོ། རྡོ་འབུམ་སྐེད། དཀར་ཆུ་ལུང་བ། རྡོ་ཐང་། ཡང་སྐྱེད་དར་གོང་མ་དང་བཅས་པའི་ཡུལ་གྲུ་སོགས་ཀྱི་ཁྱུང་ཚ་དང་། རྒྱལ་སྲས། ཐོགས་པ། ཨམ་ཐོ། ཤར་མ་ཚོ་བ་ལྔ་བཅས་ཡོད།

སྤྱི་ལོ1958ལོར་དགོན་འདིར་གཏོར་བཤིག་ཚབས་ཆེན་ཐེབས། ཆོས་སྒོ་ཕྱེས་ནས་སྤྱི་ལོ1982ལོར་དང་ཐོག་དགོན་པའི་མ་ཎི་ཁང་ཞིག་ཉམས་པ་གསོས། གྱ་ལྔ་ལོར་སུའུ་ནན་རྫོང་གིས་གཡང་ཁྱུང་དགོན་པ་ཆོས་སྒོ་ཕྱེ་བའི་ཆོག་མཆན་གནང་ལ། སྲིད་གཞུང་གིས་སླར་གསོའི་མ་དངུལ་ཁྲི་གསུམ་ལྷག་གནང་། དད་ལྡན་མང་ཚོགས་ཀྱིས་དམངས་སྒོར་ཁྲི་དགུ་བཅུ་གོ་བདུན་ལྷག་ཞལ་འདེབས་སུ་ཕུལ་བས་འདུ་ཁང་ཁང་མིག་བརྒྱད་ཅུ་ཅན་དང་སྐུ་པར་ཚ་ཚ་འབུམ་ཁང་གསུམ། ནང་ཆེན་གཅིག གྲྭ་ཤག་བཅུ་ཕྲག་བཅས་ཡོངས་སུ་གྲུབ། གོ་གཉིས་ལོར་རྫོང་སྲིད་གཞུང་གིས་སེར་མོ་བ་ཉི་ཤུ་བཞུགས་ཆོག་པའི་བཀའ་གནང་བ་དང་། དུས་ད་ལྟ་གྲྭ་བཙུན་སོ་དྲུག་འདུས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ་བཞིན་འགྲོ་ལ་ཕན་བདེ་བསྐྲུན་བཞིན་ཡོད་དོ། །

གཡང་ཁྱུང་དགོན་པའི་གྲྭ་བཙུན་དག་གིས་བསུ་མ་བྱེད་བཞིན་པ།

དགོན་པའི་གཡས་ཟུར་ན་ཡོད་པའི་བྱ་རྒྱལ་ཁྱུང་ཆེན།

དགོན་པ་གྲྭ་བ་དར་རྒྱས་ལགས་ཀྱིས་དགོན་པའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

ཚོགས་ཆེན་འདུ་ཁང་།

གྲྭ་བཙུན་རྣམས་ཀྱི་གྲྭ་ཤག

དགོན་པའི་ཟུར་གྱི་ཁང་རྙིང་ཞིག 

ལཱུ་ཀྱཱ་མཁན་པོས་འདུ་ཁང་ནང་གསོལ་བ་འདེབས་བཞིན་པ།

བཀའ་བསྟན་གྱི་བྲག་རི།

ཇོ་བོའི་སྐུ་བརྙན།

ཨ་ཁུ་དར་རྒྱས་ཀྱིས་དགོན་པའི་རྟེན་བྱིན་ཅན་ངོ་སྤྲོད་བྱེད་བཞིན་པ།

དགོན་པའི་བྱམས་སྐུར་མཇལ་དུ་འགྲོ་བཞིན་པ།

བབ་ཆགས་པའི་གྲྭ་བ་ཆུང་ཆུང་ཞིག

བྱམས་སྐུ་ཆེན་མོ། 

བཅར་འདྲི་ཚན་ཆུང་གིས་བསྐོར་བ་རྒྱག་བཞིན་པའི་ཚུལ།

བཅར་འདྲི་ཚན་ཆུང་གཡང་ཁྱུང་དགོན་པར་བསྐྱོན་པའི་མཉམ་པར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།