ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > དཔའ་རིས་ཡུལ་དུ་བསྐྱོད་པ།

དཔའ་རིས་ཡུལ་དུ་བསྐྱོད་པ་དཀར་པོའི་རང་མདངས་ལས་ཁག་བཅུ་བདུན་པ་གཡང་ཁྱུང་སྡེ་བའི་སློབ་ཆུང་།

སྤེལ་དུས། 2015-07-17 18:38:29   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།

 ཚེས་བཅུ་བདུན་ཉིན་གྱི་ཉིན་གུང་ངེད་དཔའ་རིས་ཡུལ་དུ་བསྐྱོད་པའི་བཅར་འདྲི་ཚན་ཆུང་ལྱང་ཇུ་མཁར་བརྒྱུད་ནས། ཀྲང་ཡེ་གྲོང་ཁྱེར་རམ་འབྲོང་ཡུལ་དུ་འབོད་སྲོལ་དུ་ཡོད་པ་དེའི་ཁོངས་གཏོགས། སུའུ་ནན་ཡུ་གུར་རིགས་རང་སྐྱོང་རྫོང་གི་གཡང་ཁྱུང་སྡེ་བར་ཕྱིན་ཏེ་གཡང་ཁྱུང་སློབ་གྲྭར་བཅར་འདྲི་བྱས།
གཡང་ཁྱུང་སྡེ་བ་ནི་སུའུ་ནན་ཡུ་གུར་རིགས་རང་སྐྱོང་རྫོང་གི་མངའ་ཁོངས་སུ་ཡོད་པའི་བོད་ཀྱི་སྡེ་བ་བཞིའི་ནང་གི་གཅིག་ཡིན་ལ། དེ་ཉིད་ནི་སྡེ་བ་གཞན་གསུམ་ལས་བོད་སྐད་དང་། བོད་ཡིག བོད་ཀྱི་དམངས་སྲོལ་རིག་གནས་སོགས་རྒྱུད་འཛིན་དང་ལག་ལེན་བྱས་པ་ཆེས་བཟང་པོ་རེད། གཡང་ཁྱུང་སློབ་གྲྭའི་ནང་དུ་སྔོན་ཆད་ནས་བཟུང་བོད་ཡིག་ཁྲིད་ཀྱིན་མེད་པས། རྒན་པོ་དག་ལས་ཆུང་ཕྱོགས་པ་དག་གིས་བོད་སྐད་སྨྲ་ཤེས་པ་ཙམ་ལས་བོད་ཡིག་ཤེས་ཀྱིན་མི་འདུག ལོ་ངོ་འགའ་ཤས་ཀྱི་རིང་ནས་བཟུང་སྡེ་མི་རྣམས་ཀྱིས་རང་གི་བོད་སྐད་ཉམས་པ་དང་། བོད་ཀྱི་རིག་གནས་ཉམས་བཞིན་ཚུལ་མཐོང་བས། སློབ་གྲྭའི་ནང་དུ་བྱིས་པ་རྣམས་ལ་ངེས་པར་དུ་བོད་ཡིག་ཁྲིད་དགོས་པའི་བསམ་བློ་སྐྱེས། དེ་ནས་ཁོང་ཚོས་གཡང་ཁྱུང་དགོན་པ་ལས་སྐྱ་སར་བབས་པའི་ཚུལ་ཁྲིམས་བཟང་པོར་སློབ་གྲྭ་ནས་ཟུར་ཁྲིད་བྱེད་དུ་བཅུག་མོད། ཆོག་མཆན་མེད་པས་ལས་འཁྱོལ་ཡོང་རྒྱུ་དཀའ་འདུག ན་ནིང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྫོང་གི་འབྲེལ་ཡོད་ལས་ཁུངས་ལ་སྙན་ཞུ་ཞུས་ཏེ་བོད་ཡིག་གི་དགེ་རྒན་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན་པར། སྲིད་གཞུང་གིས་ཁས་བླངས་ཏེ་དགེ་རྒན་གཉིས་ཀྱི་སྐལ་བྱིན་ཡོད་པ་སང་ལོ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཟེར་བས། སྡེ་མི་ཡོངས་ཧ་ཅང་དགའ་འདུག
དམངས་སྒྲུབ་དགེ་རྒན་ཚུལ་ཁྲིམས་བཟང་པོས་བཤད་རྒྱུར། ཁོ་རང་བོད་ཡིག་ལ་དགའ་ཞིང་བོད་སྐད་བཤད་པར་ཡང་ཧ་ཅང་དགའ་བས། རང་གི་བོད་ཀྱི་རིག་གནས་འདི་མི་ཉམས་ཆེད་ཟུར་ཁྲིད་བྱས་ནས་བསྡད་པ་ཡིན། རྗེས་མར་དགེ་རྒན་བྱ་ཐུབ་པའི་གོ་སྐབས་བྱུང་ཚེ་མུ་མཐུད་དུ་སྡེ་བའི་བྱིས་པ་རྣམས་ལ་བོད་ཡིག་འཁྲིད་རྒྱུའི་འགན་དེ་འཁུར་འདོད་ཧ་ཅང་ཆེ་ཟེར།

ཨ་མདོ་བརྙན་འཕྲིན་གྱིས་དམངས་སྒྲུབ་དགེ་རྒན་ཚུལ་ཁྲིམས་བཟང་པོར་བཅར་འདྲི་བྱེད་བཞིན་པ།

ཆེས་བབ་ཆགས་ཤིང་ཡིད་དུ་འོང་བའི་ཁ་གཡང་དྲོན་མོ།

སློབ་མ་ཚོས་སྐོར་བྲོ་འཁྲབ་བཞིན་པ།

སློབ་མ་ཚོས་སྐོར་བྲོ་འཁྲབ་བཞིན་པ།

དཔའ་རིས་རླུང་བརྙན་འཕྲིན་ཁང་གིས་དམངས་སྒྲུབ་དགེ་རྒན་ཚུལ་ཁྲིམས་བཟང་པོར་བཅར་འདྲི་བྱེད་བཞིན་པ།

གཡང་ཁྱུང་སྡེ་བའི་མ་འོངས་པའི་རེ་ལྟོས་བྱེད་ས།

གཡང་ཁྱུང་སྡེ་བའི་མ་འོངས་པའི་རྒྱུད་འཛིན་པ།

གཡང་ཁྱུང་སྡེ་བའི་རུ་ཁག་གཅིག

གཡང་ཁྱུང་སྡེ་བའི་ཡུལ་ལྗོངས།

བོད་ཉམས་དོད་པའི་བོད་ཁྱིམ།

ལཱུ་ཀྱཱ་མཁན་པོའི་ཁྱིམ་དུ་མཉམ་པར་བསྐྱོན་པ།

གཡང་སྡེའི་མི་རྣམས་ཀྱིས་སྐྱེལ་མ་བྱེད་བཞིན་པ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།