སློབ་རའི་འགྱུར་ཁུགས་ལེ་ཚན་སྐབས༡༠༩༣
སྤེལ་དུས། 2012-02-16 རྡེབ་ཚད། ཡོང་ཁུངས། རང་རེའི་ལས་ཁུངས།
ཐེངས་འདིའི་ལེ་ཚན་གྱི་སྣ་ཚོགས་གཏམ་གྱི་འཁོར་ལོའི་ཚན་པའི་ནང་དུ་ཀྲུང་གོ་རྒྱལ་ཁབ་ནས་གདམས་ཐོན་བྱུང་བའི 2011ལོར་སློབ་གསོའི་ཐད་བྱས་རྗེས་བླ་མེད་བཞག་པའི་མི་སྣ་བཅུ་མཚམས་སྦྱོར་བྱས་ཏེ་ཁོ་ཚོའི་མཛད་རྗེས་རག་ཙམ་གླེང་རྒྱུ་དང་གཞན་བློ་རིག་འགྲན་པའི་སྡིངས་ཀ་དང་ངག་འཕྲིན་རྩེད་འཇོ་བཅས་བཀོད་སྒྲིག་བྱས་ཡོད
2011ལོར་ཀྲུང་གོར་སེམས་འགུལ་ཐེབས་སུ་བཅུག་པའི་
སློབ་གསོ་བ་གྲགས་ཅན་བཅུ།
༽

ཐུའུ་ཅཱ་རིགས་ཀྱི་ཁྱིམ་ནས་འཚར་ལོངས་བྱུང་བའི་སློབ་གསོའི་རྒྱུན་འཛིན་པ་ལིག་ཧྥ་ཡན།
ལིག་ཧྥ་ཡན་ནི་ད་ལོ་ལོ་བཞི་བཅུ་ཞེ་གཅིག་ཡིན་ལ། ཧོ་པེ་ཞིང་ཆེན་ཁྲང་ཡང་རྫོང་གི་མི་ཡིན། ད་ལྟ་ས་དེ་གའི་སློབ་ཆུང་ཞིག་གི་སློབ་གཙོ་གཞོན་པའི་འགན་ཁུར་ཡོད་ཅིང་། ཡོད་ཚད་སློབ་གསོར་ཕུལ་བའི་ཨ་ཕས་ཁོ་མོར་བག་ཆགས་ཟབ་མོ་བཞག་པ་དང་ཁོ་མོའི་རྒྱུ་ནའང་སློབ་གསོར་རོགས་སྐྱོར་དང་ལས་དོན་མཐའ་སྐྱོང་བའི་
སྙིང་སྟོབས་དང་ལྷག་བསམ་དྭངས་མ་ཞིག་ཡོད་རྐྱེན་སློབ་མ་མང་པོ་ཞིག་གིས་སློབ་སྦྱོང་བྱེད་པའི་དཀའ་ཁག་སེལ།

བྱམས་བརྩེའི་བདག་པོ་ཨ་ལིས་མུའུ།
ལོ་ན་བཞི་བཅུར་སོན་ཞིང་ཕ་ཡུལ་ཞིན་ཅང་གི་ཡིན་པའི་ཨ་ལས་མུའུ་ཡིས་ཤ་བསྲེགས་པའི་ཞོར་ལས་ཀྱི་ཡོང་འབབས་ཀྱིས“ཨ་ལིས་མུའུ་སྦྱང་འབྲས་
ལེགས་ཐོན་གྱི་བྱ་དགའི་དངུལ”ཞེས་པ་བཙུགས་ཏེ་དབུལ་ཕུངས་སློབ་མར་རོགས་སྐྱོར་བྱེད་པའི་སློབ་གསོའི་བྱ་བཞག་རླབས་ཆེན་གནང་།

གངས་ལྗོངས་ཡུལ་གྱི་སློབ་གསོ་བ་བཟའ་ཟླ་གཉིས།
ཧོའུ་ཀྲུང་བཟའ་ཟླ་གཉིས་ནི་ཟི་ཁྲོན་དཀར་མཛེས་ཁུལ་དར་མདོ་རྫོང་གི་ཕན་བདེ་སློབ་གྲྭའི་དེང་བླངས་དགེ་རྒན་ཡིན། ཁོ་བཟའ་ཟླ་གཉིས་ཀྱིས་གཞི་རིམ་ས་ཁུལ་གྱི་ཉམས་ང་བའི་སློབ་གསོའི་གནས་ཚུལ་དེ་མཐོང་བ་ནས་ད་ལྟའི་བར་ཏུ་ད་ཕྲུག་སློབ་བུ་གང་མང་ཞིག་ལ་བྱམས་བརྩེའི་དྲོད་ཁོལ་གནང་བ་དང་མི་ཚེ་གང་བོའི་ལས་དོན་བློ་ཐག་རྦད་ཆོད་ཀྱིས་གཞི་རིམ་ས་ཁུལ་གྱི་སློབ་གསོར་འབུལ་དགོས་བའི་དམ་བཅའ་བརྟན་པོ་བཞག

གསོག་དངུལ་ཡོད་ཚད་རོགས་སྐྱོར་སློབ་དངུལ་ལ་ཕུལ་བའི་
བརྩེ་ལྡན་གྱི་དགེ་རྒན་ཁྲུན་ཆས་ཞན།
ཁྲུན་ཆས་ཞན་ནི་ད་ལོ་ལོ་ན་གྱ་བདུན་ཡིན་ལ་ལས་འཁྱེར་ངལ་གསོ་བྱས་ཟིན་པའི་དགེ་རྒན་ཞིག་ཡིན། ཁོས་སློབ་མ་ཚོར་སློབ་དངུལ་རོགས་རམ་དང་དཔེ་མཛོད་ཁང་གི་མཐུན་རྐྱེན་སྒྲུབ་པ་དམིགས་ཡུལ་དུ་བཟུང་དེ་ནམ་རྒྱུན་འཚོ་བ་ངན་ངོན་གྱིས་རོལ་བཞིན་ཡོད། ད་རུང་ཁོས་བཤད་རྒྱུར་
རང་གི་ལུས་པོའི་གྲུབ་ཆ་རེ་རེ་བྱས་ཏེ་མི་དམངས་ལ་ཕུལ་དགོས་ནའང་ཡིད་མཐུན་ཡིན་ཟེར།

ཁྱིམ་གཅིག་ཏུ་སློབ་མ་ལྔ་བཅུ་བདག་གཉེར་བྱེད་བཞིན་པའི་བྱམས་ལྡན་མཁན་པོ་ཏུན་བེའུ་ཞིན།
ཁོ་རང་ད་ལོ་ལོ་ང་གཉིས་ཡིན། ཁོ་ཚོའི་ས་ཆ་ནི་ཧ་ཅང་དབུལ་ཕུངས་ཡིན་སྟབས་སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་ཆེའང་བགྲོད་ཐུབ་པའི་སློབ་མ་ཧ་ཅང་ཉུང་། ཁོ་རང་ཉིད་ཀྱང་ཁྱིམ་གྱི་ཆ་རྐྱེན་གྱི་དབང་གིས་སློབ་གྲྭ་འགྲིམས་པའི་ལས་སྐལ་དེ་མ་ཐོབ། དེ་བས་ཁོས་ཕག་ཤ་བཙོང་བའི་ཚོང་ལས་ཅུང་ཙམ་ཞིག་གཉེར་ཏེ་
ས་དེ་གའི་སློབ་མ་མང་པོ་ཞིག་སློབ་གྲྭ་འགྲིམས་འདོད་པའི་རྨི་ལམ་མངོན་འགྱུར་བྱུང་དུ་བཅུག

བྱིས་པ་༡༣༠ཡི་ཡུམ་ཆེན་ཞུའུ་ཡེ་ཧྭ།
ཞུའུ་ཡེ་ཧྭ་ནི་ད་ལོ་ལོ་ང་ལྔ་ཡིན་ལ། ཧོའུ་ནན་ཞིང་ཆེན་ཞང་ཐན་གྲོང་ཁྱེར་སྨན་ཁང་ན་བྱ་བ་སྒྲུབ་བཞིན་ཡོད། ཁོ་མོ་ཆུང་དུས་ནས་ཕ་མ་འདས་པའི་ད་ཕྲུག་ཞིག་ཡིན་ལ་སྟབས་མ་ལག་པའི་རྐྱེན་ངན་གྱིས་རྐང་པ་གཉིས་རྩ་བ་ནས་ཆད། དེ་ནས་ཁོ་མོའི་ཞང་ཐན་གྲོང་ཁྱེར་གྱི་སྨན་ཁང་ནས་རྐུབ་སྟེགས་གཉིས་ཀྱིས་རམ་འདེགས་ལ་བརྟེན་ནས་རང་གི་ནུས་ཚོད་ཀྱིས་ལོ་སོ་བདུན་ལ་ནད་གཡོག་དང་ཞབས་ཞུའི་ལས་ཀ་བསྒྲུབས་ནས་དེ་གའི་ཚབས་ཆེ་བའི་དབང་བོ་སྐྱོན་ཅན་དག་གཙོ་བྱས་བྱིས་པ ༡༣༠ ཙམ་ལ་བྱམས་ལྡན་ཨ་མ་བཞིན་གྱིས་གཉོར་སྐྱོང་བྱས།

བྱམས་བརྩེ་ཅན་གྱི་ཚོང་བདག་ཆེན་མོ་ལིག་ཀྲུའུ་ཁྲིན།
ལིག་ཀྲུའུ་ཁྲིན་ནི་ད་ལོ་ལོ་ན་རེ་བརྒྱད་ཡིན་ལ་ཐེ་ཝན་གྱི་ཚོང་བ་ཞིག་ཡིན། ཁོས་བབ་ཆགས་ཀྱི་འཚོ་བ་རོལ་ཏེ་རང་དང་འདྲ་བའི་ད་ཕྲུག་དག་ལ་འཚོ་བའི་རོགས་རམ་མི་ཉུང་མ་གནང་། ལིག་ཀྲུའུ་ཁྲིན་གྱིས་བཤད་རྒྱུར་རང་ཉིད་ཀྱང་དྭ་ཕྲུག་ཞིག་ཡིན་པས་བྱིས་པ་ཚོའི་དཀའ་སྡུག་ལ་ཚོར་སྣང་ཟབ་པས། ངས་ཕངས་མེད་ཀྱིས་བྱིས་པ་ཚོར་རོགས་རམ་བྱེད་ཀྱི་ཡོད་པར་མ་ཟད་ལོ་ལོན་དང་བདག་མེད་དག་ལའང་ཐུགས་ཁུར་བླ་ལྷག་གནང་གིན་ཡོད་ཟེར།

ལྷག་བསམ་ཅན་གྱི་གསར་འགོད་པ་ཀྲང་ཕེན་དབྱིས།
ཀྲང་ཕེན་དབྱིས་ནི་ཐེ་ཝན་ཡོན་ལེན་རྫོང་གི་མི་ཡིན། ཁོ་མོ་ནི་གསར་འགོད་པ་ཞིག་ཡིན་ལ་བཅར་འདྲིའི་བྱ་བའི་ཁྲོད་དུ་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་གྱི་ཞང་གྲོང་ཞིག་གི་གནས་ཚུལ་ཞིབ་ཏུ་རྒྱུས་ལོན་བྱས་ནས་སློབ་གསོའི་ཉམས་ཉེན་རྟོགས་པ་དང་། དེ་ནས་ཁོ་མོས་ས་དེའི་སློབ་གསོ་ལ་རོགས་འདེགས་བྱེད་པའི་སེམས་ཐག་བཅད་དེ་ད་ལྟའི་བར་དུ་རྒྱུ་ཤུགས་དང་ལུས་ཤུགས་ཡང་ན། སེམས་ཤུགས་གང་མང་བཏོན་ཏེ་བྱིས་པ་མང་པོ་ཞིག་ལ་འོད་སྣང་སྦྱིན།

དགེ་རྒན་རང་གི་ཕ་མ་བཞིན་ལོ་༢༨ལ་གཉོར་སྐྱོང་བྱས་བའི་སློབ་བུ་སུང་ཅིན་ཕེན།
སུང་ཅིན་ཕེན་ནི་ད་ལོ་ལོ་ན་རེ་དགུ་ཡིན་ལ་པེ་ཅིན་གྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དགེ་རྒན་ཞིག་ཡིན། སུང་ཅིན་ཕེན་གྱིས་འཚོ་བར་དཀའ་ཁག་ཆེ་བའི་རང་གི་དགེ་རྒན་ཀྲུང་ལགས་རང་ཉིད་ཀྱི་ཁྱིམ་དུ་བསུས་ཏེ་རང་ཉིད་ཀྱི་ཨ་མ་བཞིན་དུ་བསྙེན་བཀུར་གནང་།

ཧྲིན་ཀྲིན་ས་ཁུལ་ནས་སྐབས་༡༡པའི་དང་བླངས་དགེ་རྒན་གྱི་བྱ་འགུལ་སྤེལ་བ།
ཧྲིན་ཀྲིན་གྲོང་ཁྱེར་གྱི“དང་བླངས་དགེ་རྒན”ཞེས་པའི་ཚོགས་པ་དེ་རང་རྒྱལ་གྱི་ཞིང་ཆེན་༡༢་དང་རང་སྐྱོང་ས་ཁུལ་གྱི་སྡེ་བ༡༨༠ལྷག་ལ་དགེ་རྒན་གྱི་ལས་ཀར་རམ་འདེགས་གནང་བར་ཕྱིན་ཞིང་། ཚོགས་པ་འདིའི་ཚོགས་མི་ནི་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་ན་གཞོན་དག་དག་ཡིན་ལ་ཁོ་ཚོའི་ལྷག་བསམ་རྣམ་དག་གིས་མི་རིགས་མང་པོ་ཞིག་གི་བྱིས་པའི་མདུན་ལམ་ལ་གཟི་བྱིན་གནང་བ་དང་གཞི་རིམ་ས་ཁུལ་མང་པོ་ཞིག་གི་སློབ་གསོར་དགེ་མཚན་བསྐྲུན།
༼ནང་དོན་ཞིབ་རྒྱས་ལེ་ཚན་ལ་ཉན་ན་གསལ་བོར་ཤེས་ཐུབ༽
རྩོམ་སྒྲིག་པ། སྒྲོལ་མ།
མགོ་འཛིན་པ། སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ལྷ་བརྟན།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ན་QQ 1834307929ནང་དུ་བསྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目组
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
- སློབ་རའི་འགྱུར་ཁུགས་ལེ་ཚན་སྐབས༡༠༩༣
- སློབ་རའི་འགྱུར་ཁུགས་སྐབས༡༠༩༢པ།
- སློབ་རའི་འགྱུར་ཁུགས་སྐབས༡༠༩༡པ།
- སློབ་རའི་འགྱུར་ཁུགས་སྐབས༼༡༠༩༠༽
- སློབ་རའི་འགྱུར་ཁུགས་སྐབས༡༠༨༨པ།
- སློབ་རའི་འགྱུར་ཁུགས་སྐབས༡༠༨༧
- སློབ་རའི་འགྱུར་ཁུགས་སྐབས༡༠༨༦པ།
- སློབ་རའི་འགྱུར་ཁུགས་སྐབས༼༡༠༨༥༽བ།
- སློབ་རའི་འགྱུར་ཁུགས་སྐབས༡༠༨༤པ།
- སློབ་རའི་འགྱུར་ཁུགས་ལེ་ཚན་སྐབས་༡༠༨༣
རྡེབ་ཚད་མང་ཤོས།
- གཞི་རིམ་སློབ་གསོར་ཡར་སྐུལ་དང་སློབ་མས་རང་འགན་སྒྲུབ་པ། ཁག་གསུམ་པ།
- སློབ་གྲྭ་ཆེན་མོ་བ་ཞིག་གི་གྲུབ་འབྲས་དང་མི་རིགས་རིག་གནས།
- ཕྱི་འགྲིམས་སློབ་མ་ཞིག་གི་མཐོང་ཐོས་མྱོང་གསུམ།
- སློབ་རའི་འགྱུར་ཁུགས་ལེ་ཚན་སྐབས་༡༠༨༣
- མཚོ་སྔོན་ཞིང་ཆེན་སྐབས་གསུམ་པོའི་ཉི་ཧོང་སྐད་ཡིག་གཏམ་བཤད་འགྲན་སྡུར་མཚོ་སྔོན་མི་རིགས་སློབ་ཆེན་ནས་བསྡུས་པ།
- ཙོང་ཁ་མཁྱེན་བརྩེ་འོད་སྣང་མཐུན་ཚོགས་ཀྱིས་ཙོང་ཁའི་ཡུལ་དུ་ཐོན་པའི་ཕན་ནུས།
- རྗེས་དྲན་རིག་རྩལ་དགོང་ཚོགས“ཐོན་མིའི་གཟི་བྱིན།”ཞེས་པའི་གནས་ཚུལ་བཅར་འདྲི།
- “སློབ་རའི་དཔེ་ལེགས་མི་སྣ”ཞེས་བའི་ཆེད་སྒྲིག་ལེ་ཚན་གྱི་ཁག་དང་པོ།
- སློབ་རའི་འགྱུར་ཁུགས་སྐབས་༡༠༨༡པ།
- ༼སློབ་ཆུང་དགེ་རྒན་ཞིག་གི་སློབ་ཁྲིད་ཀྱི་ཉམས་མྱོངས་དང་འགན་འཁྲི༽ཞེས་པའི་ཆེས་སྒྲིག་ལེ་ཚན།





"