སྤེལ་དུས།2019.01.26 ཡོང་ཁུངས།རང་རེའི་ལས་ཁུངས།
313
0

གསར་འགོད་པས་ཨུ་ཡོན་འཇིགས་མེད་ཕུན་ཚོགས་ལ་བཅར་འདྲི་བྱེད་ཀྱིན་པ། 


 སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དེ་རིང་སྟེ། སྤྱི་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་བྱ་བའི་སྙན་ཞུ་ཕུལ་བ་དང་།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་གྲོས་གཞི་བྱ་བའི་སྙན་ཞུ་ཕུལ། སྔ་དྲོའི་གྲོས་ཚོགས་མཇུག་བསྡུས་པ་དང་བསྟུན་ནས། གསར་འགོད་པས་ཚོགས་ཞུགས་ཨུ་ཡོན་ཚོས་སྲིད་གྲོས་བྱ་བའི་སྙན་ཞུ་ལ་ཉན་པའི་མྱོང་བ་སྐོར་རྒྱུས་ལོན་བྱེད་སྐབས། སྲིད་གྲོས་ཨུ་ཡོན་འཇིགས་མེད་ཕུན་ཚོགས་ཀྱིས་བཤད་རྒྱུར།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་དེ་རིང་སྔ་དྲོར་ཕུལ་བའི་སྲིད་གྲོས་བྱ་བའི་སྙན་ཞུར་ཉན་ན། འདས་པའི་ལོ་གཅིག་གི་བྱ་བར་ནང་དོན་ལྔའི་ཐད་ནས་སྤྱི་སྡོམ་བྱས་ཡོད་ཅིང་། སྤྱི་སྡོམ་བྱས་པ་དེའང་དངོས་ཐོག་བདེན་འཚོལ་གྱི་གཏམ་ཡང་དག་ཅིག་རེད། ད་དུང་ལོ་རྗེས་མའི་བྱ་བར་དོན་ཚན་ལྔ་གཙོ་བོར་བཟུང་ནས་བཀོད་སྒྲིག་བྱས་ཡོད་ལ། འཆར་གཞི་བཟོས་པ་དེ་ཡང་མཚོ་སྔོན་གྱི་འཕེལ་རྒྱས་གནས་ཚུལ་དང་མཐུན་ཞིང་། ས་གནས་མང་ཚོགས་ཀྱི་འདོད་བློ་དང་འཚམ་པ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པ་ཞིག་རེད་ཟེར།

སྲིད་གྲོས་ཨུ་ཡོན་བསོད་རྒྱལ་འབུམ་གྱིས་བཤད་རྒྱུར།

ལོ་རེར་བསྡུ་བཞིན་པའི་དམངས་ཆེན་དང་སྲིད་གྲོས་ཀྱི་ཚོགས་འདུ་འདི་ལྟ་བུར་མཚོན་ན། མཚོ་སྔོན་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་རེད། དེ་རིང་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་བྱ་བའི་སྙན་ཞུ་ཕུལ་བ་ལ་ནང་དོན་གཙོ་བོ་འདི་དག་ཡོད་དེ།  གཅིག་ནས་སྲིད་གྲོས་ཀྱི་བསམ་བློ་ཆབ་སྲིད་ཕྱོགས་རེད། གཉིས་ནས་སྲིད་གྲོས་ཀྱི་ཏང་འཛུགས་བྱ་བའི་སྐོར་རེད། གསུམ་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྐོར་རེད། བཞི་ནས་དམངས་གཙོ་གྲོས་མོལ་གྱི་སྐོར་རེད། ལྔ་ནས་སྲིད་གྲོས་ཀྱི་འགན་འཁྲི་དང་ནུས་པའི་སྐོར་རེད། གོང་བཀོད་ཕྱོགས་ལྔ་ནས་འདས་པའི་ལོ་གཅིག་གི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་རེད། དེ་མིན་ད་དུང་ཉིས་སྟོང་བཅུ་དགུ་ལོའི་བྱ་བར་བཀོད་སྒྲིག་གང་ལེགས་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་མཛུབ་སྟོན་གསལ་བོ་གནང་ཡོད་ཟེར།

གསར་འགོད་པས་ཨུ་ཡོན་བསོད་རྒྱལ་འབུམ་ལ་བཅར་འདྲི་བྱེད་ཀྱིན་པ། 

གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། བནྡེ་སྐྱབས། 

རྩོམ་སྒྲིག་འགན་ཁུར་བ། དབྱངས་ཅན།

ལྟ་སྐུལ་བ། རྣ་བྷ། 

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • མཚོ་བྱང་སྲིད་འཕྲིན།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།