མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ནས་བསྡུས།
2019.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཐིན་ཅཱ་ཚའེ། ཝང་ཡུས་ཡན། དབྱིན་པེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཝང་ཀྲིན་ཧྲིན། ཀྲང་ཝུན་ཁོས། ཁྲིན་མེན་ཀོ མིན་ཡུང་ཧྲན་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་མཐུད་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། འབྲེལ་མཐུད་གྲོས་ཚོགས་ཐེངས་དང་པོའི་གནད་དོན་ལེགས་སྒྲིག་དངོས་འབེབས་གནས་ཚུལ་བསྒྲགས་ནས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་མཚོ་སྔོན་དུ་བསྡད་པའི་རིང་ཆེད་དོན་འཐབ་རྩོད་ཐད་བླངས་པའི་དུས་རིམ་རང་བཞིན་གྱི་ཕན་འབྲས་ལ་སྤྱི་སྡོམ་བྱས། དེ་མིན་ད་དུང་འབྲེལ་མཐུད་གྲོས་ཚོགས་ཐེངས་གཉིས་པའི་ལྟ་སྐུལ་མཛུབ་སྟོན་བསམ་འཆར་ལེགས་སྒྲིག་བྱ་བར་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ལེགས་སྒྲིག་བྱ་བ་དང་དངོས་འབེབས་བྱ་བ་དམ་པོར་འཛིན་པའི་བརྩོན་སེམས་དང་རང་རྟོགས་རང་བཞིན་ལ་སྐུལ་སློང་འདོན་སྤེལ་གང་ལེགས་བྱས་ནས། ལེགས་སྒྲིག་ཕན་འབྲས་བརྟན་པོར་བརྟེན་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ས་ནས་ཟབ་སར་སྤེལ་བ་ལ་མུ་མཐུད་དུ་རྨང་གཞི་བརྟན་པོ་བཏིངས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་སྔོན་དུ་བསྡད་པ་ནས་བཟུང་། ས་གནས་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་དུ། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་བ་དང་གོ་སྐབས་དམ་འཛིན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ལ། འཐབ་རྩོད་སྙིང་སྟོབས་ཇེ་ཆེར་བཏང་སྟེ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་མཛུབ་སྟོན་ཞིབ་མོ་དང་སྐུལ་འདེད་སྟོབས་ལྡན་གྱི་འོག་ནས། ནག་ངན་དང་འབྲེལ་བའི་སྟོབས་ཤུགས་ཅི་རིགས་ལ་རྡུང་རྡེག་ཚབས་ཆེན་བཏང་བ་བརྒྱུད། ཆེད་དོན་འཐབ་རྩོད་ལ་ཕན་འབྲས་གསར་བ་ཐོབ། ས་གནས་དང་སྡེ་ཁག་སོ་སོས་རིམ་པ་མཐོ་བའི་སྒོ་ནས་ལེགས་སྒྲིག་བྱ་བ་སྤེལ་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པའི་མཐོ་ཚད་ནས་འགྲེང་སྟེ། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་བཏང་བ་དང་ཆབ་སྲིད་ཀྱི་འོས་འགན་ཕྲག་སྟེང་དུ་བླངས་པ། ཆབ་སྲིད་ཀྱི་ཁག་ཁུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ། ལེགས་སྒྲིག་དངོས་འབེབས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འོས་འགན་ལག་བསྟར་བཟང་བོ་བྱས་པ་དང་། ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་བཏོན་པའི་ཞིབ་ཕྲའི་གནད་དོན་ལ་དོན་ཚན་རེ་རེ་བྱས་ནས་ཐོད་གཏུག་ལེགས་པོ་བྱས་ཏེ། རང་ངོས་ཀྱི་ཤེས་རྟོགས་ལ་བརྟེན་ནས་གནད་དོན་གྱི་འབྱུང་རྩ་འཚོལ་བ་དང་ཞིབ་ཕྲའི་བྱེད་ཕྱོགས་ཀྱི་སྟེང་ནས་གནད་དོན་གྱི་ཧེ་བག་བཙལ་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལེགས་སྒྲིག་དང་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བརྗོད་དོན་འགན་འཁྲི་དམ་པོར་འཛིན་པ་དང་གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། དངོས་ཡོད་ཀྱི་ཕན་འབྲས་ལ་དོ་སྣང་བྱེད་པ་བཅས་ལ་འབད་དགོས། འོས་འགན་དངོས་འབེབས་ལ་ཤུགས་སྣོན་པ་དང་ཁ་ཕྱོགས་ལ་མིག་གཏོད་པ། ཁ་ཕྱོགས་དམ་པོར་བཟུང་སྟེ། གནད་དོན་འབུར་ཐོན་ལེགས་སྒྲིག་སྟེང་ནས་ནོར་འཆུག་གཅིག་ཀྱང་མི་འབྱུང་བར་བྱེད་དགོས། ལེགས་སྒྲིག་ཕན་འབྲས་ལ་དོ་སྣང་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་གྱིས་བཏོན་པའི་གནད་དོན་དང་བླང་བྱ་ཅི་ཡོད་དང་ལེན་བྱེད་པ་དང་རང་རྟོགས་སྒོས་གོ་བ་བླངས་ནས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལེགས་སྒྲིག་དངོས་འབེབས་བྱ་བ་དམ་པོར་བཟུང་སྟེ། སྒྲིག་ལུགས་འཛུགས་སྐྲུན་ཐོག་མཐའ་བར་གསུམ་ཀུན་ལ་འཛིན་དགོས་པར་མ་ཟད། ལས་རིམ་ཁག་སོ་སོའི་བྱ་བ་ཡི་རིམ་པ་མཐོ་རུ་གཏོང་བ་དང་སྤུས་ཚད་མཐོར་འདེགས་གཏོང་བ། ཕན་འབྲས་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། གནད་དོན་འོས་འགན་ལེགས་སྒྲིག་རྒྱུན་འཁྱོངས་བྱས་ཏེ། ལེགས་སྒྲིག་དངོས་འབེབས་ཀྱི་ལྟ་སྐུལ་སྐུལ་འདེད་ཞིབ་བཤེར་དང་རྗེས་འདེད་འདྲི་རྩད་ཕན་འབྲས་ལ་ཤུགས་སྣོན་དགོས། ལེགས་སྒྲིག་བྱེད་ཞོར་དང་སྒྲིག་ཁྲིམས་ནན་མོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། འགན་གཡོལ་ལ་རྩད་གཅོད་ནན་མོ་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འཐབ་རྩོད་ཀྱི་སྙིང་སྟོབས་འཛོམས་པོ། བྱ་བའི་བྱེད་ཕྱོགས་བརྟན་པོ་བཅས་ལ་བརྟེན་ནས། ལྟ་སྐུལ་མཛུབ་སྟོན་ལེགས་སྒྲིག་བྱ་བར་ཕན་འབྲས་ལོན་པར་སྐུལ་འདེད་བཏང་སྟེ། ལག་ལེན་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བྱས་རྗེས་འཇོག་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། ཁོངས་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་བྱ་བར་གཞོགས་འདེགས་བྱེད་པའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་སོ་སོའི་ཀྲུའུ་རིན་གཞོན་པ་དང་ཆེད་དོན་ཚན་ཁག་སོ་སོའི་ཚན་གཙོ། ཚན་གཙོ་གཞོན་པ། གྲོང་ཁྱེར་དང་ཁུལ་ཏང་ཨུ་སོ་སོ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།