མཚོ་སྔོན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་རྩ་འཛུགས་ཀྱི་ཁག་ཐེག་ཆེན་པོ་འདོན་སྤྲོད་བྱས།
2019.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 64

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་ཆབ་སྲིད་ལངས་གནས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་བ་དང་། འགན་འཁྲི་ཁག་ཁུར་དངོས་སུ་ཇེ་དྲག་ཏུ་བཏང་ལ། ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། ནག་འཇོམས་ངན་སེལ་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་ནུས་ལྡན་གྱིས་ཟུང་སྦྲེལ་བྱས་ཤིང་། ཕྱོགས་གཅིག་ཏུ་སྟོབས་ཤུགས་བཏོན་ནས། ལས་འགན་སྣ་ཚོགས་དོན་འཁྱོལ་ཟབ་མོ་བྱས་ཏེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་ཉམས་ཞན་ཐར་ཐོར་གྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་ལེགས་བཅོས་བྱེད་པ་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ངན་ནག་སྟོབས་ཤུགས་ཀྱི་འབྱུང་ཁུངས་མེད་པར་གཏོང་བའི་གནད་འགག་གི་ཐབས་ཤིག་ཏུ་བརྩིས་ནས། ནག་འཇོམས་ངན་སེལ་གྱི་འཐབ་ར་བརྟན་པོར་བསྐྲུན།

ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་སྡེ་ཁག་གིས་ད་དུང་སྡེ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་གཙོ་གནད་དུ་བཟུང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་པའི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། ངན་ནག་སྟོབས་ཤུགས་ཀྱིས་གཞི་རིམ་སྲིད་དབང་ལ་ཐེ་གཏོགས་བྱེད་པར་གཏན་འགོག་བྱས།

ངན་ནག་སྟོབས་ཤུགས་འབྱུང་བ་དང་འཕེལ་བར་རྩ་བ་ནས་འགོག་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་འགོ་ཁྲིད་པའི་ནུས་པ་ཇེ་ཆེར་གཏོང་ཆེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལག་བསྟར་བསམ་འཆར་དང་། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཐུས་ཚང་དུ་འཛུགས་པའི་ལག་བསྟར་བསམ་འཆར་སོགས་ལམ་ལུགས་ཡིག་ཆ་རབ་དང་རིམ་པ་གཏན་འབེབས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་ནུས་སྔར་ལས་ཚད་ལྡན་དུ་བཏང་བ་དང་། བྱ་བའི་ལས་འགན་སྣ་ཚོགས་གསལ་བོར་བགོས།