ས་གནས་རང་གི་ཐོན་ཁུངས་བེད་སྤྱད་དེ་ཕྱུག་འགྱུར་གྱི་ལམ་བུ་སྙེག་གིན་པའི་གསེར་ལུང་ཞང་ལམ་ལུང་སྡེ་བ།
2019.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 171

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་རྫོང་གསེར་ལུང་ཞང་ལམ་ལུང་སྡེ་བ་ནི་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་།རྫོང་མཁར་དང་བར་ཐག་སྤྱི་ལེ19ཡོད། སྡེ་བ་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི26.35ཡོད་ལ། བཀོད་སྤྱོད་བྱས་ཆོག་པའི་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི18.71ཡོད། སྡེ་བར་ཕྱུགས་ལས་མཉམ་ལས་ཁང1དང་། ཐོན་སྐྱེད་ཚན་ཆུང2། ཁྱིམ་ཚང་124། མི་གྲངས468ཡོད།2018ལོར་ལོ་རེར་མི་རེའི་ས་སྙོམས་ལག་ཐོག་ཡོང་འབབ་སྒོར་ཁྲི1.37སླེབས་པ་དང་། སྡེ་བ་རིམ་པའི་ཐུན་མོང་ཚོང་གཉེར་གྱི་ལོ་གཅིག་རིང་གི་ཡོང་འབབ་སྒོར་འབུམ3དང་ཁྲི2ལ་འཕར།

ཐོན་ལས་འཕེལ་རྒྱས་ལས་གཞིའི་སྤྱི་བསྒྲགས་མིང་བྱང་། 

ཉེ་བའི་ལོ་འདི་དག་གི་རིང་ལ། ལམ་ལུང་སྡེ་བས་སྐྱེ་ལྡན་དང་ལྗང་མདོགའབག་བཙོག་མེད་པའི་ཐོན་ཁུངས་ཀྱི་ཁྱད་ཆོས་འབུར་ཏུ་ཐོན་པར་བྱེད་པ་དང་།མཚོ་སྔོན་ཞིང་ཆེན་ གྱི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དང་། རྨ་ལྷོ་ཁུལ་གྱི“ཁུལ་གསུམ་འཛུགས་སྐྲུན”གྱི་འཐབ་ཇུས་བཀོད་སྒྲིག་གི་གོ་སྐབས་དམ་འཛིན་བྱས་ཏེ།དངོས་སུ་གསེར་ལུང་ཞང་ལམ་ལུང་སྡེ་བའི“སྐྱེ་ལྡན་ཕྱུགས་ར་ཆེན་མོ”བསྐྲུན་ནས། ཕྱུགས་ར་ཆེན་མོ་དེ་ཁྱད་ལྡན་སྤུས་གཙང་གི་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་དང་། འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྙོམས་སྒྲིག་པ། རྒྱ་ཆེའི་འབྲོག་པ་རྣམས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པར་སྐུལ་ཁྲིད་མཁན་བཅས་སུ་འགྱུར་བར་བྱས་ནས། ས་གནས་ཀྱི“ཤོ་ཏོ་ནོར་གནག”གི་སྤུས་གཙང་ཐོན་ཁུངས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་བརྒྱུད། ད་ཆ་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་འཐུས་ཚང་དུ་གྱུར་ཡོད་པ་དང་།དེང་རབས་ཀྱི་ཕྱུགས་ལས་ཐོན་ལས་མ་ལག་རྩ་བའི་ཆ་ནས་འཛུགས་བསྐྲུན་བྱས་ཚར་ཡོད་པས། དེང་སྐབས་གསེར་ལུང་ཞང་ནི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི“ཤོ་ཏོ་ནོར་གནག”ཁྱད་ལྡན་ཐོན་ལས་ལེགས་གྲས་ཀྱི་ཁོངས་དང་།“ཤོ་ཏོ་ནོར་གནག”གི་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དང་ལས་སྣོན་ཞིབ་ཚགས་རྟེན་གཞི་ཞིག་ཏུ་དངོས་སུ་གྱུར་ཡོད།

 2018ལོའི་ཟླ8པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་སྐབས་དང་པོའི་འབྲི་གཡག་རྒྱུད་བཟང་འདེམ་གསོའི་བྱེད་སྒོའི་རྨ་ལྷོའི་ཡན་ལག་ཚོགས་ར་དེ་གསེར་ལུང་ཞང་ལམ་ལུང་སྡེ་བ་ནས་བསྡུས་པའི་ཁྲོད་དུ།ལམ་ལུང་སྡེ་བའི་མཉམ་ལས་ཁང་ལ་བྱ་དགའ་ཨང་དང་པོ་གཅིག་དང་། བྱ་དགའ་ཨང་གཉིས་པ་གསུམ། བྱ་དགའ་ཨང་གསུམ་པ་གཉིས་བཅས་ཐོབ་པ་དང་ཁྱོན་བསྡོམས་སྒོར་ཁྲི28ཐོབ།

སྐྱེ་ལྡན་ཕྱུགས་ར་ཆེན་མོའི་འཛུགས་སྐྲུན་བྱ་བཞག་མགོ་བརྩམས་པ་ནས་བཟུང་། ལམ་ལུང་སྡེ་བས“ཤོ་ཏོ་ནོར་ནག”གསོ་སྤེལ་རྟེན་གཞི་དང་ཐོན་ཁུངས་ཁོར་ཡུག་གི་ལེགས་ཆར་བརྟེན་ནས། སྐྱེ་ལྡན་ཕྱུགས་ར་ཆེན་མོ་འཛུགས་སྐྲུན་བྱེད་པའི་ལྟེ་བའི་ལས་དོན་དང་གལ་ཆེའི་འཐབ་ཇུས་ཀྱི་དོན་སྙིང་ལ་ནན་ཏན་གྱིས་དམིགས་གཏད་པར་མ་ཟད།ད་དུང་“རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་འཇོག་པ། ཕྱུགས་ཟོག་ལ་རིགས་དགར་བ། རྩྭ་ཐང་ལ་དབྱེ་བ་བཀར་ནས་ཕྱུགས་ཟོག་རེས་སྐོར་བྱས་ནས་འཚོ་བ། མི་སྣ་ལག་རྩལ་ལྟར་ལས་བགོས་བྱེད་པ། གཅིག་གྱུར་སྒོས་ཞིབ་གཉེར་དོ་དམ་བྱེད་པ།ཡོང་སྒོ་མ་རྐང་ལྟར་བགོ་བ”བཅས་ཀྱི་འཛུགས་སྐྲུན་བླང་བྱ་ལྟར་དུ།མ་རྐང་ནང་ཞུགས་པའི་ཁྱིམ་ཚང119ཡོད་ཅིང་།མ་རྐང་ནང་ཁྱིམ་ཚང་ཞུགས་ཚད་95.9%ཟིན་ཡོད། མ་རྐང་ནང་ཞུགས་པའི་མི་གྲངས་460ཡོད་པ་དང་། མ་རྐང་ནང་མི་གྲངས་ཞུགས་ཚད98.2%ཟིན་ཡོད། ཕྱུགས་ཟོག་མ་རྐང་ནང་ཞུགས་པའི་མ་དངུལ་སྒོར་ཁྲི་841.125དང་། མ་རྐང་ནང་ཞུགས་པའི་ནོར་ནག2000ལྷག་ཡོད།2018ལོའི་ལོ་མཇུག་ཏུ་ཁེ་སྤོགས་ཐེངས་དང་པོ་བགོ་དུས་སྒོར་ས་ཡ4དང་ཁྲི6སྟོང4ལྷག་བགོ་བྱ་བྱས། ཐེངས་གཉིས་པར་སྒོར་ས་ཡ2དང་འབུམ1ལྷག་གི་ཁེ་སྤོགས་བགོས།

འདི་ནི་རྨ་ལྷོ་སོག་རྫོང་ཁྱོན་ཡོངས་ནས་དབུལ་ཐར་བྱས་རྗེས་ཀྱི་གྲུབ་འབྲས་ཆེ་ཤོས་ཤིག་ཡིན་པར་མ་ཟད། རྨ་ལྷོ་སོག་རྫོང་གི་ས་གནས་མང་ཚོགས་ཀྱིས་རང་གི་ཐོན་ཁུངས་བེད་སྤྱད་དེ་ཕྱུག་འགྱུར་གྱི་ལམ་བུ་སྙེག་གིན་པའི་མིག་དཔེ་གསོན་པ་ཞིག་ཀྱང་རེད།

ལམ་ལུང་སྡེ་བའི་རྒྱུད་བཟང་ནོར་གནག

ལམ་ལུང་སྡེ་བའི་རྒྱུད་བཟང་ནོར་གནག

ལམ་ལུང་སྡེ་བའི་རྒྱུད་བཟང་ནོར་གནག

ལམ་ལུང་སྡེ་བའི་རྒྱུད་བཟང་ནོར་གནག


གསར་འགོད་པ། ཨ་བརྟན་རྒྱལ་དང་བན་དེ་སྐྱབས།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།