2019ལོའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་མགོ་བརྩམས།
2019.08.05 ཁུངས། ཀློག་གྲངས། 735

2019ལོའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་སྤྱི་ཟླ8པའི་ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་མགོ་བརྩམས། ཆེད་ཚོགས་སྟེང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིག་པོ་ཁྲོན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ། མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོ། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧྭ་ཝུན་ཞིག  མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རིན་བཀྲ་ཤིས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་ཁང་གི་ཐེ་ཀྲང་གཞོན་པ་བྱམས་པ་བཀྲ་ཤིས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་བ་གཞོན་པ་ལྷ་བརྟན་བཅས་ཞུགས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། དམངས་སྲོལ་ཆེད་མཁས་པ་གཅན་བཀྲ་བྷོ། དམངས་ཁྲོད་རིག་རྩལ་ཆེད་མཁས་འབྲུག་རྒྱལ་འབུམ། དམངས་ཁྲོད་སྒྱུ་རྩལ་པ་དང་ཁུལ་རིམ་པའི་ལ་གཞས་རྒྱུད་འཛིན་པ་ལྕགས་མོ་རྒྱལ། དམངས་ཁྲོད་སྒྱུ་རྩལ་པ་དང་ཞིང་ཆེན་རིམ་པའི་ལ་གཞས་རྒྱུད་འཛིན་པ་ཚེ་དཔལ་སྐྱབས། དམངས་ཁྲོད་སྒྱུ་རྩལ་པ་དང་ཁུལ་རིམ་པའི་ལ་གཞས་རྒྱུད་འཛིན་པ་སྒྲོལ་མ་ཚེ་རིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་རིག་གནས་ཁང་གི་མགོ་གཙོ་ཐུགས་རྗེ་བཅས་ཆེད་མཁས་པ་དག་ཀྱང་ཞུགས་ཡོད།

ལ་གཞས་ཆེད་ཚོགས་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་ཤིས་ཚིག་ཕུལ།  

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་ཤིས་ཚིག་འབུལ་བཞིན་པ།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིག་པོ་ཁྲོན་གྱིས་ལ་གཞས་ཆེད་ཚོགས་མགོ་བརྩམས་པ་ཁྱབ་སྒྲོག་བྱེད་པ།

མདོ་འཛིན་པ་ཚེ་རིང་བཀྲ་ཤིས་དང་འཆི་མེད་སྒྲོལ་མ།

ཐེངས་འདིའི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་བསྒྲུབས་པའི་དམིགས་ཡུལ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབ་དང་། མཚོ་སྔོན་ཞིང་ཆེན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གཏིང་ཟབ་ཀྱིས་དོན་འཁྱོལ་བྱ་ཆེད་ཡིན།

གླུ་བ་དག

གླུ་མ་དག

ཐེངས་འདིའི་ལ་གཞས་ཆེད་ཚོགས་ཀྱི་དགྱེས་འཛོམས་འདི་ལ་མཚོ་བྱང་གི་གླུ་བ་ཚེ་རིང་གིས་གླུ་བ་གླུ་མའི་ཚབ་བྱས་ཏེ་ཤིས་ཚིག་ཕུལ་ཞིང་། མཚོ་བྱང་གི་གླུ་བ་རྣམ་རྒྱལ་མགོན་གྱིས་གླུ་སྒོ་ཕྱེ་བས། 2019ལོའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་ལ་དབུ་ཁྱུད་བྲིས་པ་དང་། དེ་ནས་མཚོ་བྱང་གི་གླུ་བ་དོ་རེས་དང་། མཚོ་ལྷོའི་གླུ་མ་བྱམས་མཚོ་གཉིས་ཀྱིས་ངག་སྒོ་ཡངས་པོར་འཁྲོལ་ནས། སྲིད་པའི་གླུ་རྒན་ལེན་རེས་བྱས་པས་གླུ་སྟོན་ཆེན་མོ་འདིའི་མགོ་བསླངས་ལ། ཁོང་གཉིས་ཀྱིས་ཆུ་ཚོད་གཅིག་རིང་ལ་གཞས་བླངས་རྗེས། རྨ་ལྷོའི་གླུ་བ་ཚེ་སྒྲུབ་རྒྱལ་དང་མགོ་ལོག་གི་གླུ་མ་ཚེ་རིང་སྒྲོལ་མ་གཉིས་ཀྱིས་བླངས། ཁོང་གཉིས་ཀྱིས་རོགས་མཐུན་པའི་སྐོར་བླངས་ནས་སྡེ་ཆེན་ཁྲོམ་པའི་དར་ལུང་རྣ་བ་གསོ་བའི་སྐབས་སུ། མཚོ་ལྷོ་གླུ་བ་སྨོན་ལམ་རྒྱ་མཚོ་ཡར་ལངས་ནས་རོགས་བརྩད་པ་ན། ལ་གཞས་ཆེད་ཚོགས་ཀྱི་ཚ་རླབས་མཐོ་རུ་འཕྱུར་དུ་བཅུག དེར་མཐུད་ནས་མཚོ་ལྷོའི་གླུ་བ་བཀྲ་ཤིས་དོན་འགྲུབ་དང་མཚོ་བྱང་གི་གླུ་མ་གཉིས་ཀྱིས་བླངས། མཇུག་མཐར་གླུ་བ་རྣམ་རྒྱལ་མགོན་དང་གླུ་མ་མཁའ་འགྲོ་འཚོ་གཉིས་ཀྱིས་བླངས་ཏེ་དེ་རིང་གི་ལ་གཞནས་ཆེད་ཚོགས་ཀྱི་མཇུག་བསྡུས། 

གླུ་བ་ཚེ་རིང་གིས་ཤིས་ཚིག་འབུལ་བ།

གླུ་བ་རྣམ་རྒྱལ་མགོན་གྱིས་གླུ་སྒོ་འབྱེད་པ།

གླུ་བ་དོ་རེས།

གླུ་མ་བྱམས་མཚོ།

གླུ་བ་ཚེ་སྒྲུབ་རྒྱལ།

གླུ་མ་ཚེ་རིང་སྒྲོལ་མ།

གླུ་བ་སྨོན་ལམ་རྒྱ་མཚོས་རོགས་རྩོད་པ།

གླུ་བ་བཀྲ་ཤིས་དོན་འགྲུབ།

གླུ་མ་ཕུར་མཚམས་ཚེ་སྐྱིད།

གླུ་བ་རྣམ་རྒྱལ་མགོན་དང་གླུ་མ་མཁའ་འགྲོ་འཚོ།

གླུ་བ་རྣམ་རྒྱལ་མགོན།

གླུ་མ་མཁའ་འགྲོ་འཚོ།


ལྟད་མོ་བའི་ཚོགས།