སྐབས་ཉི་ཤུ་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གནས་ཚུལ་བཀོད་པ། ༼ ཁག་དྲུག་པ ༽
2019.06.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 395

འབའ་རྫོང་ས་ཆ་ནས་ཐོན་པའི་བོད་ཀྱི་ཁབ་ལེན་གཡང་ཊི་ལས་བཟོས་པའི་ཐོན་རྫས་སྣ་ཚོགས།

འབའ་རྫོང་རྫོང་རུའི་འབྱུང་ཡུལ་སྲོལ་རྒྱུན་རྫ་ཆས་རིག་གནས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་འགྲེམ་སྟོན་བྱས་པའི་ཐོན་རྫས་སྣ་ཚོགས། 

འབའ་རྫོང་ས་ཆ་ནས་ཐོན་པའི་བོད་ཀྱི་ཁབ་ལེན་གཡང་ཊི་ལས་བཟོས་པའི་ཐོན་རྫས་སྣ་ཚོགས།

འབའ་རྫོང་རྫོང་རུའི་འབྱུང་ཡུལ་སྲོལ་རྒྱུན་རྫ་ཆས་རིག་གནས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་འགྲེམ་སྟོན་བྱས་པའི་ཐོན་རྫས་སྣ་ཚོགས་རྒྱ་ཆའི་འཛད་སྤྱད་པ་ཡོངས་ཀྱི་མིག་གི་དཔལ་དུ་གྱུར་ཡོད།

ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་སྐབས་ཉི་ཤུ་པའི་ཀྲུང་གོའི་མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོགས་འདུའི་སྟེང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རྫོང་རུའི་འབྱུང་ཡུལ་སྲོལ་རྒྱུན་རྫ་ཆས་རིག་གནས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་འགྲེམ་སྟོན་བྱས་པའི་ཐོན་རྫས་སྐོར་ཞིག་རྒྱ་ཆེའི་འཛད་སྤྱོད་པ་མང་པོའི་མིག་གི་དཔལ་དུ་གྱུར་ཡོད་པར་མ་ཟད། མཚོ་ལྷོ་འགྲེམ་ཁུལ་གྱི་ཆེས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཤིག་ཏུ་གྱུར་ཡོད། ཀུང་ཟི་འདིའི་སྤྱི་གཉེར་བ་བང་ཆེན་གྱིས་བཤད་རྒྱུར།

རྒྱུས་ལོན་བྱུང་བ་ལྟར་ན། འབའ་རྫོང་རྫོང་རུའི་རིག་གནས་ནི་རྡོ་ཆས་གསར་པའི་དུས་རབས་ཀྱི་རྗེས་ཤུལ་ཞིག་ཡིན་ལ། དེ་ལས་ཐོན་པའི་རྫ་ཆས་སྣ་ཚོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ཉིས་སྟོང་བཅུ་གསུམ་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག་སྐོར་བདུན་པར་ཆོག་མཆན་བཀོད་པ་ཁྱབ་བསྒྲགས་བྱས། ད་ལྟ་སྤྱི་གཉེར་ཁང་འདིས་རྫོང་རུའི་རིག་གནས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ལད་ཟློས་རྫ་ཆས་སྣ་ཚོགས་ལས་སྣོན་དང་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ལྷག་པར་དུ་བོད་ཀྱི་ཁབ་ལེན་གཡང་ཊི་ལས་བཟོས་པའི་ཐོན་རྫས་སྣ་ཚོགས་ཆེས་ཐོག་མར་ཚོང་རར་འགྲེམ་བཞིན་ཡོད། བོད་ཀྱི་ཁབ་ལེན་གཡང་ཊི་ནི་གསར་དུ་ཚོར་རར་ཐོན་པའི་ཁྱད་པར་ཅན་གྱི་གཡང་ཊིའི་རིགས་ཤིག་ཡིན་ལ། དེའི་མིང་གཞན་ལ་བོད་ཀྱི་གཡང་ཊི་དང་མཚོ་བོད་གཡང་ཊི། རྡོ་མཆོག་སྨན་རྒྱལ་སོགས་ཀྱང་འབོད་སྲོལ་ཡོད། གཡང་ཊི་དེ་ནི་གནའ་སྔ་མོ་ནས་བཟུང་ཀྲུང་ལུགས་སྨན་མཛོད་ཀྱི་གཏེར་རྡོའི་སྨན་རྫས་ཁྲོད་བཞག་ཡོད་པར་མ་ཟད། མིང་དུ་གྲགས་པའི་གསོ་རིག་གནའ་དཔེ་སྟེ་ལྷ་ཤིང་རྩ་གནད་དང་རྩྭ་ཤིང་རྩ་གནད། བོད་ཀྱི་གསོ་རིགས་རྒྱུད་བཞི་སོགས་གཞུང་ལུགས་ནང་དུ་ཟིན་ཐོ་གསལ་བོར་བཀོད་ཡོད།

སྤྱི་གཉེར་བ་བང་ཆེན་གྱིས་བཤད་རྒྱུར།

ཉེ་བའི་ལོ་འདི་དག་གི་རིང་ལ་འབའ་རྫོང་རྫོང་རུའི་འབྱུང་ཡུལ་སྲོལ་རྒྱུན་རྫ་ཆས་རིག་གནས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་ཁེ་ལས་རང་ངོས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པ། རྒྱུན་ཆད་མེད་པར་ས་གནས་རང་གི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ལས་སྣོན་དང་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ལྷག་པར་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུ་ཆེན་པོ་འདི་བརྒྱུད་ནས་སྲོལ་རྒྱུན་གྱི་འཕེལ་རྒྱས་རྣམ་པ་ཡོངས་སུ་བསྒྱུར་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་བཞིན་ཡོད།

གསར་འགོད་པ། དཔའ་བརྟན་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།