སྐབས་ཉི་ཤུ་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གནས་ཚུལ་བཀོད་པ། ༼ ཁག་བདུན་པ ༽
2019.06.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 701


ཚོང་ལས་ལ་བྲེལ་བཞིན་པའི་འགན་འཛིན་པ་བསོད་ནམས་རྒྱལ་མཚན། 

 

ལྷ་གཡག་རྟགས་ཅན་གྱི་ཀོ་གདན། 

                 ལྷ་གཡག་རྟགས་ཅན་གྱི་ཐོན་རྫས་ཀྱི་རིགས། 

   ལྷ་གཡག་རྟགས་ཅན་གྱི་ཐོན་རྫས་ཀྱི་རིགས། 

ལྷ་གཡག་མཐོ་སྒང་ནོར་གནག་སྐྱེ་ཁམས་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོན་སྐྱེད་བྱས་པའི་ལྷ་གཡག་རྟགས་མའི་ཐོན་རྫས་ནི། གཙོ་བོ་རང་རེའི་མདོ་དབུས་མཐོ་སྒང་གི་ནོར་གནག་གི་ཀོ་བ་རྒྱུ་ཆ་བྱས་ནས་བཟོས་ཤིང་།  འཛམ་གླིང་གི་ཆེས་ཐོག་མའི་བོད་ཀྱི་ནོར་གནག་གི་ཀོ་བ་དམིགས་བསལ་གྱིས་ཁྱད་ཆོས་སུ་བཟུང་ནས་བཟོ་བསྐྲུན་བྱས་པ་ཞིག་རེད། ཁོ་ཚོས་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཞབས་ཞུའི་མ་ལག་བཟང་པོ་ལ་བརྟེན་ནས་འཛད་སྤྱོད་པའི་བདེ་ཐང་དང་བདེ་འཇགས། བདེ་སྐྱིད་བཅས་ལ་འགན་འཁུར་རྒྱུ་དང་།  མདོ་དབུས་མཐོ་སྒང་གི་ཁྱད་པར་བའི་ས་གནས་ཀྱི་ཐོན་ཁུངས་བེད་སྤྱད་དེ་སྤུས་ལེགས་གནོད་མེད་ཀྱི་ཐོན་རྫས་གསར་སྤེལ་བྱེད་པ་དང་ས་གནས་ཀྱི་ཐོན་ཁུངས་སྤྱོད་སྒོ་ཇེ་ཆེར་གཏོང་བ།   ཁྲོམ་ར་རྒྱ་བསྐྱེད་པ།   ཁྱད་པར་དུ་བོད་ཀྱི་ན་གཞོན་ཚོར་འདི་ལྟ་བུའི་ཚོང་ལས་ཀྱི་ལམ་ཁར་སྣེ་ཁྲིད་དང་སྐུལ་འདེད་བྱེད་རྒྱུ་བཅས་ནི་ལྷ་གཡག་མཐོ་སྒང་ནོར་གནག་སྐྱེ་ཁམས་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་མཐར་ཐུག་གི་དམིགས་ཡུལ་གཙོ་བོ་དེ་རེད།

ལྷ་གཡག་མཐོ་སྒང་ནོར་གནག་སྐྱེ་ཁམས་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོན་སྐྱེད་བྱས་པའི་ལྷ་གཡག་རྟགས་མའི་ཐོན་རྫས་ལ་རྒྱབ་ཁུག ཕྲག་ཁུར། ལག་འཛིན། མཆན་བཟུང་། སྒོར་ཁུག་ཆེ་ཆུང་སོགས་ཡོད། རྒྱུ་ཆ་ནི་ཀོ་བ་རྐྱང་རྐྱང་གིས་གྲུབ་ལ་ཀོ་བ་དང་རས་བསྲེས་ནས་བཟོས་པ་སོགས་རང་ཅག་གི་མཛེས་དཔྱོད་ཀྱི་ལྟ་བ་དང་འཚམ་པོ་ཡོང་ཅི་ཐུབ་བྱས་ཡོད། ལྷ་གཡག་རྟགས་མའི་ཀོ་ལྷམ་གྱི་རིགས་ནི་དབྱི་ཐ་ལའི་ལྷམ་བཟོ་ལག་རྩལ་བཀོལ་སྤྱོད་བྱས་ཡོད་པས་བཟོ་སྟངས་དང་ཚུགས་ཀའི་ཆ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པ་ཞིག་རེད། ཞོལ་ནས་ང་ཚོས་སྐབས་འདིའི་འགྲེམ་སྟོན་ལ་ཞུགས་ཡོད་པའི་ལྷ་གཡག་མཐོ་སྒང་ནོར་གནག་སྐྱེ་ཁམས་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཞིན་ཧེ་ཡན་ལག་ཁང་གི་འགན་འཛིན་པ་བསོད་ནམས་རྒྱལ་མཚན་བརྒྱུད་ནས་ཁོ་ཚོའི་ཀུང་ཟིའི་གནས་ཚུལ་སྐོར་ལ་རྒྱུས་ལོན་ཞིག་བྱེད།

གསར་འགོད་པ། གཡང་འབུམ་རྒྱལ། དཔའ་བརྟན་རྒྱལ། 

རྩོམ་འགན་པ། ཨ་བརྟན་རྒྱལ།  

ལྟ་སྐུལ་བ། ལྷ་བརྟན།

 སྤྱིའི་ལྟ་སྐུལ་བ། རྣ་བྷ།