མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2020.01.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 84

ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་གྲོས་ཚོགས་ཀྱིས་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རེ་དགུ་ཡོད་པ་དང་། མི་ང་དགུ་གྲོས་ཚོགས་ལ་ཞུགས་ལ། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་བསྡོམས་པས་དྲུག་ཡོད་དེ། གཅིག་ནས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས་ཐོན་འབྱུང་བ། གཉིས་ནས་གྲོས་ཚོགས་ཀྱི་གྲོས་རིམ་གཏན་ཁེལ་བྱེད་པ། གསུམ་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བདམས་ཐོན་འབྱུང་བ། བཞི་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་གཏན་ཁེལ་བྱེད་པ། ལྔ་ནས་བརྡས་ཐག་བཅད་དེ་གྲོས་གཞིའི་བྱེད་ཐབས་ཇུས་གཞི་ལ་གྲོས་འཆམ་འབྱུང་བ། དྲུག་ནས་འཐུས་མིའི་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་གཏན་ཁེལ་བྱེད་པ་བཅས་ཡིན།

ཚོགས་ཐོག་ནས་རིམ་པ་བཞིན་གོང་གསལ་གྱི་གྲོས་རིམ་དྲུག་འདེམས་བསྐོ་དང་གཏན་ཁེལ། གྲོས་འཆམ་བྱུང་།

ཝང་ཅན་ཅུན་དང་ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཅཱ་དབྱིན་ཀྲུང་བཅས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རུ་བདམས།