ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་ཚོས་ཚན་ཆུང་བགར་ཏེ་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས།
2020.01.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 122

ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར།   ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་ཚོས་ཚན་ཆུང་བགར་ཏེ་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས།

ཚན་ཆུང་བགར་ཏེ་གྲོས་ཞིབ་བྱེད་པའི་ཁྲོད་དུ།   ཨུ་ཡོན་རྣམས་ཀྱིས་ལོ་གཅིག་གི་རིང་ལ་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་གདེང་འཇོག་ཚད་མཐོན་པོ་བྱས།  ཚང་མས་གཅིག་གྱུར་སྒོས་བལྟས་ན།   ཉིས་སྟོང་བཅུ་དགུ་ལོ་ནི་སྲིད་གྲོས་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཡོད་པའི་ལོ་ཞིག་ཡིན།    ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོའི་འོག    མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གཏན་གནས་ཁོང་དུ་ཆུད་པར་བྱས་པ་དང་།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་གཙོ་གནད་ལ་དམིགས་ཏེ་སྲིད་གྲོས་བྱ་བར་འཆར་འགོད་དང་སྐུལ་འདེད་བཏང་ལ།    སྤུས་ཚད་མཐོར་འདེགས་དང་ཕན་ནུས་ཇེ་མཐོར་གཏོང་རྒྱུ་དེ་འབུར་ཐོན་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་།     འགན་སྒྲུབ་ནན་མོ་དང་ཐུན་མོང་གི་འདུ་ཤེས་གཅིག་གྱུར་བྱས་ཏེ་བྱ་བ་སོ་སོའི་ཐད་འཕེལ་རྒྱས་གསར་པ་བྱུང་བ་དང་།     མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད་པར་སྙམ།    དེ་མིན།  སྙན་ཞུ་གཉིས་ནི་བདེན་འཚོལ་དངོས་གཉེར་དང་བསམ་ཕྱོགས་གསལ་བ།  གཙོ་གནད་འབུར་ཐོན་ཡིན་པ།     ལས་འགན་གཏན་ཁེལ་གསལ་བོ་བྱས་ཡོད་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པ་དང་།    ལོ་གཅིག་རིང་གི་བྱ་བར་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་ཡོད་པར་མ་ཟད།   སྙན་ཞུའི་ནང་བཏོན་ཡོད་པའི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་བསམ་ཕྱོགས་དང་ཆབ་སྲིད་ལངས་གནས་མཐོ་བས།   མཛུབ་སྟོན་རང་བཞིན་དང་སྔོན་དཔག་རང་བཞིན།  བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པར་སྙམ།

ཨུ་ཡོན་ཚོས་བསྟན་དོན།  ཉིས་སྟོང་ཉི་ཤུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་།   བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ།  སྲིད་གྲོས་བྱ་བ་སོ་སོ་བཟང་བོར་བསྒྲུབ་པའི་ཐད་དོན་སྙིང་གལ་ཆེན་ལྡན་པས།     མི་དམངས་སྲིད་གྲོས་ཀྱིས་གཙོ་གནད་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ།   ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ།       སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱེད་པ།   སྔར་ལས་བཟང་བོའི་སྒོ་ནས་ཐུན་མོང་གི་འདུ་ཤེས་གཅིག་གྱུར་བྱེད་པ།   ལག་བསྟར་དོན་འཁྱོལ་བྱེད་པ་དང་མཐུན་སྒྲིལ་གཅིག་གྱུར་བྱེད་པའི་ཆབ་སྲིད་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་བཅས་བྱས་ཏེ་ཞིང་ཆེན ་སྲིད་གྲོས་དེ་ཆེད་དོན་གྲོས་མོལ་ལས་ཁུངས་ཤིག་ཡིན་པའི་ཆ་ནས་ཆབ་སྲིད་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཁྲོད་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས།     སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་གཞུང་ལུགས་ལ་སློབ་སྦྱོང་བྱེད་པའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་།    འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།   སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ།    འགན་འཁྲི་ཁག་ཁུར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།   འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་སྲིད་གྲོས་བྱ་བའི་ཁྲོད་ཀྱི་གཙོ་གཞིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ཚུལ་བསྟན།