མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས།
2020.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 106

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་ཚོས་ཚན་ཆུང་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས་པ་དང་། ཨུ་ཡོན་ཚོས་སྲིད་གཞུང་བྱ་བའི་སྙན་ཞུ་ཁས་ལེན་དང་གདེང་འཇོག་མཐོན་པོ་བྱས།

ཚན་ཆུང་སོ་སོའི་གྲོས་སྡུར་ཚོགས་ར་རུ། ཨུ་ཡོན་ཚོས་གྲུབ་འབྲས་དང་འཕེལ་རྒྱས་གླེང་བ་དང་། ཡུས་དངོས་ཀྱི་སྣང་ཚུལ་ཧ་ཅང་བཟང་། ཚང་མས་མཐའ་གཅིག་ཏུ། སྲིད་གཞུང་བྱ་བའི་སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྱབ་པར་བྱས་ཡོད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ཡོད་ལ། སྙན་ཞུའི་ལངས་གནས་མཐོ་བ་དང་བྱེད་ཐབས་བཟང་བ་དང་། བསམ་ཕྱོགས་ཧ་ཅང་གསལ་ལ། དངོས་ཐོག་བདེན་འཚོལ་བྱས་ཡོད་པ་དང་། ག་ས་གང་དུ་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་དང་བཅོས་བསྒྱུར་གསར་གཏོད་ཀྱི་དུས་རབས་ཀྱི་དགོངས་པ་མངོན་པར་བྱས་ཡོད།  སྙན་ཞུའི་ནང་གྲུབ་འབྲས་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བཟང་བོ་བྱས་ཡོད་པ་དང་། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་གནས་བབ་ལ་དབྱེ་ཞིབ་བྱས་ཡོད་ལ། བྱ་བར་བཀོད་སྒྲིག་བཟང་བོ་བྱས་ཡོད་པ་དང་། ཡིད་ཆེས་ཀྱིས་ཁེངས་པ་དང་ཆོད་སེམས་བརྟན་པ། དམངས་སེམས་གཅིག་ཏུ་བསྡུས་པ་དང་སེམས་འགུལ་ཐེབས་པའི་སྙན་ཞུ་བཟང་བོ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཞུགས་མཁན་དང་དེར་བདེན་དཔང་བྱེད་མཁན་ཞིག་ཡིན་པའི་ཆ་ནས། མྱོང་ཚོར་ཧ་ཅང་ཟབ་པའི་ཚུལ་བསྟན།