བོད་འབྲེལ་གྱི་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་ངང་འཕེལ་རྒྱས་སུ་འགྲོ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།
2020.09.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

--མཚོ་སྔོན་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

ཟླ9ཚེས22ཉིན་འཚོགས་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྲོས་ཚོགས་ལས་ང་ཚོས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་། གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་བྱེད་པ། ཚོགས་འདུའི་གྲུབ་འབྲས་ལ་འགྱུར་བ་གཏོང་བ། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོར་གཏོང་བ། འབད་འཐབ་དམིགས་འབེན་གཅིག་འདུས་བྱེད་པར་གནད་ལ་འཁེལ་བའི་མཛུབ་སྟོན་འདོན་སྤྲོད་བྱས་ཡོད་ལ། རང་ཞིང་གི་དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཡག་པོར་བསྒྲུབ་པར་སྐུལ་སློང་གི་བཀའ་རྒྱ་བཏང་བ་དང་། ལག་བསྟར་བྱེད་ཐབས་དང་འགུལ་སྐྱོད་ཇུས་གཞི་འདོན་སྤྲོད་བྱས་ཡོད། ང་ཚོས་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་ལྟར། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་དོ་མི་མཉམ་ལ་འཐུས་ཚང་མིན་པའི་མིན་པའི་གནད་དོན་ལ་དམིགས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་རྒྱུ་དེ་མགོ་རྩོམ་ས་བྱས་ཏེ། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་ཆས་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་རྐྱེན་སྲོལ་འགན་སྲུང་བྱེད་པ། སྤྱི་འདོམས་ཇུས་འགོད་བྱེད་པ། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ། གནད་ལ་འཁེལ་བའི་སྒོ་ནས་ཤུགས་འདོན་པ་བཅས་བྱས་ནས་བོད་འབྲེལ་གྱི་ཁུལ་དང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་ས་གཞི་ཆེ་མོའི་སྟེང་དུ་དུས་རབས་གསར་བའི་ནང་རིགས་སོ་སོའི་མི་དམངས་ཀྱི་མཛེས་སྡུག་གི་འཚོ་བར་ལེའུ་གསར་པ་ཞིག་འབྲི་དགོས།

ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཚུན་ལ། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཁྲེགས་གཏོར་གྱི་དཀའ་ངལ་སེལ་བ། བོད་འབྲེལ་གྱི་ཁུལ་དང་རྫོང་གི་འཕེལ་རྒྱས་སྔ་ན་མེད་པའི་ཇེ་མགྱོགས་སུ་བཏང་བ་དང་། མཁར་གྲོང་གི་རྣམ་པ་སྔ་ན་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤུགས་ཚད་སྔ་ན་མེད་པར་ཇེ་ཆེར་བཏང་བ། མང་ཚོགས་ལ་སྔ་ན་མེད་པའི་ཁེ་ཕན་དངོས་ཐོབ་ལ། ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། མི་རིགས་ས་ཁུལ་དུ་ཏང་གི་སྲིད་འཛིན་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་བ། ལས་དོན་སོ་སོར་ཁྱོན་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། འཕེལ་རྒྱས་ནི་འགྱུར་མེད་ཀྱི་གནས་ལུགས་ཤིག་དང་། མཚོ་སྔོན་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཞིག་རེད། གནས་བབ་གསར་པ་དང་ལས་འགན་གསར་བར་ཁ་གཏད་དེ། ང་ཚོས་བོད་འབྲེལ་གྱི་ཁུལ་དང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་དུས་སྐབས་ཀྱི་བོད་འབྲེལ་ལས་དོན་གྱི་དུས་རབས་ཀྱི་གཞི་རྩ་དམ་འཛིན་ཡག་པོ་བྱས་ཏེ། དམངས་འཚིས་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་མགོ་འཛུགས་ས་དང་རྐང་ཚུགས་སར་བརྩིས་ནས་འཐུས་ཚང་མཐོར་འདེགས་དང་གནད་འཕིགས་ཇུས་འདོན།དངོས་འབེབ་དམ་འཛིན་བཅས་བྱས་ཏེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བར་ཁག་ཐེག་བྱེད་དགོས།

རང་ཞིང་གི་བོད་འབྲེལ་གྱི་ཁུལ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་གནད་ཆེ་ས་ནིདབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཆེས་དཀའ་ཚེགས་ཆེ་བའི་ལས་འགན་ནི་དབུལ་མཁྲེགས་གཏོར་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་མི་འདང་ས་ཆེས་ཆེ་ཤོས་ཤིག་ཡིན་ལ་མཚོན་རྟགས་རང་བཞིན་གྱི་དམིགས་ཚད་ཅིག་ཀྱང་ཡིན།

བོད་འབྲེལ་གྱི་ཁུལ་དང་རྫོང་གི་དབུལ་ཐར་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་འགྱུར་བ་གསུམ་དང་མི་ལེན་པ་བཞི”ཡི་བླང་བྱ་གལ་ཆེན་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་སྤྱད་དེ“སྲ་བརྟན་དགུ་མཐོར་འདེགས་གཏོང་བའི་བྱ་སྐྱོད”ལག་བསྟར་བཟང་པོ་བྱས་ནས། “ཁ་གསབ་བྱེད་པའི”འགུལ་སྐྱོད་ལ་ཡར་སྐུལ་བཟང་པོ་བྱེད་པ་དང་།“བསམ་པའི་སྟེང་ནས་དབུལ་ཐར་བྱེད་པའི་བྱ་སྤྱོད”ལག་བསྟར་བཟང་པོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་འཆར་འགོད་དང་། བསམ་འཆར་ལག་བསྟར་བྱེད་པ། འགུལ་སྐྱོད་ཆེན་པོའི་བཅུའི་འཆར་གཞི་ལག་བསྟར་བྱེད་ཐབས་ཇེ་མགྱོགས་སུ་གཏོང་བ། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་གཉིས་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། བོད་འབྲེལ་གྱི་ཁུལ་དང་རྫོང་གི་ཞིང་ཕྱུགས་ལས་ཁྱོན་ཡོངས་ནས་རིམ་པ་སྤོར་བ་དང་། རོང་འབྲོག་ཁུལ་ཁྱོན་ཡོངས་ནས་གོང་འཕེལ་གཏོང་བ། རོང་འབྲོག་མང་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

རང་ཞིང་གི་བོད་འབྲེལ་གྱི་ཁུལ་དང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་བོད་འབྲེལ་ལས་དོན་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་དགོས་པ་དང་། ནུས་ཤུགས་ཡོད་རྒུས་བོད་འབྲེལ་གྱི་ཁུལ་དང་རྫོང་གི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པ། དམངས་འཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་རྣམས་ཀྱིས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་ཐུབ་པར་བྱ་དགོས། ང་ཚོས་པུའུ་དང་ཞིང་ཆེན་གྱི་ཐུན་མོང་ངོས་ཟིན་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་བོད་འབྲེལ་གྱི་ཁུལ་དང་རྫོང་ལ་སྐུལ་འདེད་གཏོང་བའི་གོ་སྐབས་དང་བསྟུན་པ་དང་། སྟོབས་ཤུགས་ལ་བརྟེན་ནས་མཐོ་སྒང་གི་མཛེས་སྡུག་གྲོང་རྡལ་གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཁྱད་ཆོས་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་འགྲོ་བར་ཤུགས་བསྣན་ནས། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། ས་ཁོངས་ཧྲིལ་པོའི་མཉམ་འཛུགས་མཉམ་འདྲེས་མཉམ་སྤྱོད་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་སྐྲུན་དགོས། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་དཔེ་སྟོན་ཞིང་ཆེན་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་རང་ཞིང་གི་བོད་འབྲེལ་ཁུལ་དང་རྫོང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐོན་ལས་སྦྲེལ་ཐག་དང་། མཁོ་སྤྲོད་སྦྲེལ་ཐག རིན་ཐང་སྦྲེལ་ཐག་བཅས་ཤུགས་ཆེན་པོས་མཐོར་འདེགས་བཏང་སྟེ། ཞིང་སྡེ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་ཆ་རྐྱེན་བཟང་པོ་བསྐྲུན་པར་སྐུལ་འདེད་གཏོང་དགོས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁྱོན་ཡོངས་ལ་གཅིག་གྱུར་བཀོད་འདོམས་བྱས་ནས་ལས་བྱེད་པ་དང་། སློབ་གསོ། སྨན་བཅོས་ཤེས་ལྡན་པ་སོགས“ཚོགས་པའི”རོགས་སྐྱོར་རྐྱེན་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས་པ་དང་། རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་ས་ཁུལ་མི་གཅིག་པར་འཛིན་གྲྭ་གཉེར་བའི་ཤུགས་ཆེ་རུ་གཏོང་དགོས་པ་དང་། དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕན་ཚུན་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་མུ་མཐུད་དུ་གསར་གཏོད་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་སྒྲིག་བཟོ་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་བོད་འབྲེལ་གྱི་ཁུལ་དང་རྫོང་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རིག་གནས་མ་ལག་ནང་ཞུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་མ་ལག་ནང་ཞུགས་པར་སྣེ་ཁྲིད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་འཇགས་ཚོར་བ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

ལོ་ཙཱ། ཚེ་རིང་སྒྲོལ་མ།