མགོན་པོ་བཀྲ་ཤིས་ཀྱིས་རྨ་ལྷོ་ཁུལ་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2020.10.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 75

ཉེ་ལམ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཟང་བོ་བྱེད་པ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོར་བཞག་སྟེ། བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་གཏིང་ཟབ་དང་ཞིབ་ཕྲ་སྒོས་བསྒྲུབ་པའི་ཐད་ལ་ཤུགས་བསྐྱེད་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚང་མས་བཤད་དོན། གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བ་དང་། མི་རིགས་སོ་སོའི་འཆམ་མཐུན་མཉམ་གནས་དང་བློ་རྩ་གཅིག་སྒྲིལ། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་མཛེས་པའི་བདེ་སྐྱིད་འཚོ་བར་ལྡབ་འགྱུར་སྒོས་གཅེས་སྤྲས་བྱས་ནས། ཧུར་ཐག་སྒོས་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་འདོན་པ་ཡིན་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།