དབུལ་ཐར་མཁྲེགས་གཏོར་ལས་ཡུས་ཧྲུའུ་ཡི་ལོ་བཅུའི་འཕོ་འགྱུར།
2020.04.20 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 22

 ཁྱིམ་ཚང་ཐོན་ལས་ཀྱི་རོགས་སྐྱོར་ནས་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པའི་བར་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་ནས་ཁང་རྙིང་སྒྱུར་བཀོད་བྱེད་པའི་བར། ནུས་རྩལ་གསོ་སྦྱོང་བྱེད་པ་ནས་སྤྱི་ཕན་རང་བཞིན་གྱི་ལས་རྐང་བཀོད་སྒྲིག་བྱེད་པ་སོགས། དབུལ་ཐར་མཁྲེགས་གཏོར་གྱི་བཟོ་འགོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་རབ་དང་རིམ་པ་གངས་ལྗོངས་རྩྭ་ཐང་དུ་ཁྱབ་པ་དང་། རོང་འབྲོག་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་རེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་འགའི་རིང་ལ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ཏན་ཏིག་གིས་སྒྲུབ་ནས་རོང་འབྲོག་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།

ཏང་འཛུགས་སྐྱོང་གི་སྤྱི་ཁྱབ་བཀོད་འདོམས་པས་དབུལ་ཐར་མཁྲེགས་གཏོར་ལ་འཆར་གཞི་བཀོད།

ཏང་འཛུགས་སྐྱོང་གི་སྤྱི་འདོམས་དང་རྐྱེན་སྲོལ་ཇེ་ལེགས་སུ་བཏང་ནས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཕོངས་ཀྱི་གདོང་མཆོང་དུང་བརྡ་ཡང་ཡང་བསྒྲགས།

བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན།  ད་ལྟའི་བར་དུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་རིམ་རྩིས་བྱས་ན། གྲོང་ཁྱེར་དང་རྫོང་དབུལ་པོ2ཀྱི་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ་དབུལ་པོ88་དང་མི་འབུམ་གཅིག་ལྷག་དུས་བཅད་ལྟར་དབུལ་ཕོངས་ལས་ཐར། དབུལ་པོར་འགྱུར་ཚད2015ལོའི་ལོ་མཇུག་གི34%ནས2018ལོའི་ལོ་མཇུག་གི7.2%ལ་མར་ཆག་པ་དང་། མི་གྲངས་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ2015ལོའི་སྒོར2970ནས5200ལ་འཕར་ཡོད།

ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བསམ་གཞིགས་ལེགས་པོ་བཏང་།

དབུལ་ཐར་མཁྲེགས་གཏོར་གྱི་འགག་རྩ་ནི་འཕེལ་རྒྱས་ལ་བརྟེན་དགོས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ཁག་ས་བབ་དམའ་བའི་ས་ཁུལ་ལས་མཐོ་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་མི་ལེགས་པ་དང་། འཛུགས་སྐྲུན་གྱི་མ་རྩ་མཐོ་བ། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ། སྤྱི་པའི་ཞབས་ཞུ་མི་འདང་བ་བཅས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དེ་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པ་དང་། ངེས་པར་དུ་ས་གནས་དེའི་ཁྱད་ཆོས་དང་མཐུན་ཞིང་དབུལ་ཕོངས་མང་ཚོགས་ཟབ་ཞུགས་བྱེད་པར་འཚམ་པའི་ཐོན་ལས་གདམ་གསེས་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད།

2020ལོའི་ཟླ3པའི་ཚེས25ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་ཆུང་ཁག་གཅིག་གི་ལོ་རིམ་ལྔ་པ་དང་དྲུག་པའི་སློབ་མ་སློབ་འགོ་ཚུགས་ཤིང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་ཆ་ཚང་སློབ་ཆུང་བཞི་པའི་སློབ་གཙོ་ཀྲང་ཞུའེ་ཆིང་གིས“སློབ་མ་ཚོའི་སློབ་གྲྭའི་སྒོ་འགྲམ་གྱི་དམར་ཕྱིའི་དྲོད་འཇལ་ཡོ་བྱད་ཀྱིས་དྲོད་ཚད་འཇལ་བའི་རྣམ་པར་བལྟས་ནས“ཉིན་འདིར་བྱིས་པ་ཚོས་རེ་སྒུག་ཡུན་རིང་བྱས་པ་དང་ང་ཚོས་ཀྱང་གྲ་སྒྲིག་ཡུན་རིང་བྱས་བ་ཡིན”ཞེས་དེ་ལྟར་བཤད་ཅིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དབྱང་ཞའོ་ཝུའེ་ཡིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་དུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་དང་། ནུས་རྩལ་གསོ་སྦྱོང་། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་སོགས་ལ་དམིགས་ནས་བྱ་བ་སྣ་ཚོགས་སྒྲུབ་ཏེ། མང་ཚོགས་དབུལ་པོའི་དངོས་ཡོད་དཀའ་ཁག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། ལོ་ཤས་རིང་མ་དངུལ་བཀོད་སྒྲིག་དང་འཛུགས་སྐྲུན་བྱས་པ་བརྒྱུད་སྡོད་ཁང་དང་། འགྲིམ་འགྲུལ། འཐུང་ཆུ་སོགས་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ། འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱུང་ཡོད་ཟེར།

ཡུས་ཧྲུའུ་གསར་བ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་གྱུར། འགག་རྩའི་ཁྱབ་ཁོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པར་དམིགས་ཏེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། མ་ལག་ལྡན་པའི་བསམ་གཞིག་ལ་བརྟེན་ནས་གནས་སྤོས་སྔ་རྗེས་ཀྱི་རོང་འབྲོག་པའི་འཚོ་བར་ཇུས་འགོད་བྱས་ཤིང་།  ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས། ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་གང་ལེགས་བྱས་ནས། “ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེ་གའི་མི་གསོ་མི་ཐུབ་པའི”རྣམ་པ་ལེགས་བསྒྱུར་བྱེད་པར་སྐུལ་འདེད་ཆེན་པོ་བཏང་།

ཐོག་མའི་བསམ་འདུན་མི་བརྗེད་པར་དམིགས་ཚད་གསར་པའི་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱེད།

2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ཞིང་། དེ་མིན་ཁྱོན་ ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ཡང་ཡིན། དམིགས་ཚད་དང་ཚོད་བགམ་གསར་པའི་མདུན་དུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སེམས་ཤུགས་སྲ་བརྟན་གཏོང་བའི་ཐད་གཅིག་བསྡུས་ཀྱིས་ཞན་ཆ་གསབ་པ་དང་། “མེད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ཐོན་ལས་དང་། ལས་ཞུགས། སློབ་གསོ། སྨན་བཅོས་སོགས་ཕྱོགས9ནས་སྲ་བརྟན་མཐོར་འདེགས་གཏོང་བའི་བྱ་བ་དམ་འཛིན་ཡག་པོ་བྱེད་པ། བརྟན་བརླིང་ངང་དབུལ་ཐར་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། མ་འོངས་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། དབུལ་ཞྭ་ཕུད་རྗེས་ལྷོད་གཡེང་དུ་མི་འགྲོ་བ་དང་། དབུལ་ཞྭ་ཕུད་པའི་རྫོང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བར་མཐོང་ཆེན་བྱས་ནས། མཐོང་ཆེན་བྱེད་ཚད་ཇེ་ཆུང་དུ་མི་འགྲོ་བ་དང་། མ་དངུལ་འཇོག་ཤུགས་ཇེ་ཉུང་དུ་མི་གཏོང་བ། ལས་ཀ་བྱེད་ཤུགས་ཇེ་ཆུང་དུ་མི་གཏོང་བ། མི་སྣའི་སྟོབས་ཤུགས་ཇེ་ཆུང་དུ་མི་གཏོང་བ། དབུལ་ཐར་སྤུས་ཚད་ཇེ་དམའ་རུ་མི་གཏོང་བ་བཅས་མངོན་འགྱུར་བྱ་དགོས།

ལོ10ཡི་རིང་ཡུས་ཧྲུའུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བར་བཅངས་པའི་ཕུགས་འདུན་ནམ་ཡང་ཆད་མྱོང་མེད་པ་དང་། འཆམ་མཐུན་མཛེས་སྡུག་གི་ཡུས་ཧྲུའུ་གསར་པ་བསྐྲུན་རྒྱུ་དེ་ཡུས་ཧྲུའུ་མི་དམངས་ཀྱི་སེམས་ཁོང་གི་རེ་སྒུག་ཅིག་ཏུ་གྱུར་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སྣང་སྔར་ལས་ཇེ་མཐོར་འགྲོ་རྒྱུ་རེད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།