ལ་གཞས་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ།
2021.06.28 ཁུངས། ཀློག་གྲངས། 1269

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།(གསར་འགོད་པ། དབང་རྒྱལ་ཚེ་རིང་།)རང་རེའི་བོད་ཀྱི་ཕུལ་བྱུང་གཟུགས་འདས་ཤུལ་གཞག་རིག་གནས་ཀྱི་ཡ་གྱལ་དུ་གྱུར་བའི་སྲིད་པའི་གླུ་རྒན་ཏེ་ལ་གཞས་སྒྱུ་རྩལ་འདི་ནི་མེས་པོའི་ཤེས་རབ་ལས་འཁྲུངས་པའི་དམངས་ཀྱི་བསམ་བློའི་རྒྱགས་ཕྱེ་ཞིག་ཡིན་ལ། འདིས་བོད་རིགས་མི་དམངས་ཀྱི་བསམ་པའི་སྙིང་སྟོབས་དང་། ཡུལ་སྲོལ་གོམས་གཤིས། བསམ་བློའི་འཁྱེར་སོ། དགའ་སྐྱོ་ཆགས་སྡང་བཅས་ཀྱི་འཚོ་བ་ཅིག་ཅེར་མཚོན་ཡོད།

མགོ་ལོག་འགྲན་ཁུལ་གྱི་འགྲན་ཞུགས་གླུ་བ་གླུ་མ་ཡོངས།

གླུ་མ། བཀྲ་ཤིས་སྐྱིད།

གླུ་མ། འཕྲིན་ལས་མཚོ།

གླུ་མ། སྒྲོལ་ལོ།

གླུ་མ། ཡེ་ཤེས་མཚོ།

གླུ་བ། ཚེ་རིང་དཔལ་འབྱོར།

གླུ་བ། དགྲ་འདུལ་སྐྱབས།

གླུ་བ། དགེ་འདུན། 

གླུ་བ། བློ་གྲོས།

གླུ་བ། བློ་བརྟན།


དེའང་གངས་ཅན་ཕོ་མོའི་སྙིང་གི་ཟེའུ་འབྲུ་དང་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པ་དེ། ད་ལོའི་སྤྱི་ཟླ་དྲུག་པའི་ཚེས3ཉིན་ནས་བཟུང་དངོས་སུ་མགོ་བརྩམས་ཏེ། སྔ་ཕྱིར་མཚོ་ལྷོ་དང་། མཚོ་ནུབ། མཚོ་བྱང་། རྨ་ལྷོ། མགོ་ལོག་བཅས་བསྡོམས་པའི་འགྲན་ཁུལ་ལྔ་ནས་དུས་ཡུན་ཟླ་གཅིག་ལྷག་གི་རིང་ལ་ཐོག་མའི་འགྲན་སྡུར་བྱས་པ་བརྒྱུད། མཇུག་མཐར་འགྲན་ཞུགས་གླུ་བ་གླུ་མ་ང་གཅིག་བསྐྱར་འགྲན་དུ་ཞུགས་པར་གདན་ཐོབ་བྱུང་། 

ཐེངས་འདིའི་ལ་གཞས་འགྲན་སྡུར་ཁྲོད་འགྲན་ཞུགས་གླུ་བ་གླུ་མ་ཚོས་དུངས་བའི་དབྱངས་རྟ་སྙན་མོ་མགྲིན་པའི་ངག་ལ་དྲངས་ཤིང་དྲན་པའི་ཞེ་སེམས་དྲོན་མོ་སེམས་པའི་མཐིལ་ལ་བཏབ་སྟེ་ཡུལ་ལུང་སོ་སོའི་ཁྱད་ཆོས་མངོན་པར་འཕགས་པའི་གླུ་ངག་གི་སྒྱུ་རྩལ་སྔོག་འདོན་དང་། རྒྱུད་འཛིན། དར་སྤེལ་བཅས་ཀྱི་ལྷག་བསམ་དྲོན་མོ་སྔོན་ལ་བཏང་སྟེ། དཔྱད་འདེམས་པ་རྣམས་ཀྱིས་ཀྱང་འདྲ་མཉམ་དང་། དྲང་བདེན། དྲང་བཞག་བཅས་ཀྱི་རྩ་དོན་གཞིར་བཟུང་བདེ་འཇགས་དང་འཆམ་མཐུན་སྒོས་ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་རེ་ཞིག་མཇུག་རྫོགས།

མཚོ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པ་ཚེ་དཔལ་སྐྱབས་དང་ལྕགས་མོ་རྒྱལ།

མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམས་པ་ཅ་བྷེ་དང་ཚེ་ཡག་རྒྱལ།

མཚོ་བྱང་འགྲན་ཁུལ་གྱི་དཔྱད་འདེམས་པ་ཀླུ་རྒྱལ་དང་ཚེ་བརྟན་རྒྱལ།

རྨ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པ་དཀར་མཚོ་སྐྱིད་དང་བཙུན་ཐར་ཚེ་རིང་།

མགོ་ལོག་འགྲན་ཁུལ་གྱི་དཔྱད་འདེམས་པ་དཔའ་སྲོང་དང་རྟ་མགྲིན།

མཚོ་ལྷོ་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།

མཚོ་ནུབ་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།

མཚོ་བྱང་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།

རྨ་ལྷོ་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།

མགོ་ལོག་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་ཡོངས།