ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱང་སྒྲོག་བརྙན་འཕྲིན་དོ་ར།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་2015ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྡུ་བའི་དཔྱད་ཞིབ་བྱ་བའི་ལག་བསྟར་ཇུས་གཞི།

སྤེལ་དུས། 2015-05-27 14:50:53   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།


གཅིག མི་སྣའི་དཔྱད་ཞིབ་རྩ་དོན།
མི་སྣ་བསྡུ་སྐབས་མངོན་གསལ་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བསྡུ་རྒྱུ་ཡིན།

གཉིས། མི་སྣའི་དཔྱད་ཞིབ་གོ་རིམ།
དམིགས་བསལ་ལས་གནས་ཀྱི་སྒྲིག་གཞིའི་ནང་ཚུད་པའི་མི་སྣར་གཤམ་གྱི་གོ་རིམ་ལྟར་དཔྱད་ཞིབ་བྱ་རྒྱུ་ཡིན།
ལས་གནས་ཆ་རྐྱེན་དང་། མིང་ཐོ་འགོད་པ། དྲ་ཐོག་ཞིབ་བཤེར། ཞིབ་བཤེར་ཚད་ལེན། ཡུལ་དངོས་ཐོབ་ཐང་བསྐྱར་ཞིབ། ལུས་ཕུང་བརྟག་དཔྱད། མི་སྣ་གཏན་ཁེལ། སྤྱི་སྒྲོག བསྡུ་ལེན་བཅས་གོ་རིམ་ཡོངས་གསལ་བསྒྲགས་བྱ་རྒྱུ་ཡིན།

གསུམ། རྩ་འཛུགས་བྱེད་མཁན།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དམིགས་བསལ་ལས་གནས་ལས་བྱེད་པ་བསྡུ་བའི་སྐབས་སུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གཉིས་ཀྱི་ལྟ་སྐུལ་མཛུབ་སྟོན་འོག མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རྩ་འཛུགས་དང་ལག་བསྟར་བྱ་རྒྱུ་ཡིན་ལ། རྒྱུགས་ལེན་ལྟ་སྐུལ་ཚན་ཆུང་བཙུགས་ནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྒྲིག་བཤེར་ལྟ་སྐུལ་ཞིབ་བཤེར་ཁང་གིས་མི་སྣ་བསྡུ་ལེན་བྱ་བའི་གོ་རིམ་ཡོངས་ལ་ལྟ་སྐུལ་འགན་ལེན་བྱ་རྒྱུ་ཡིན།
ལྟ་སྐུལ་ཁ་པར། 09716329053

བཞི། བསྡུ་བྱའི་ལས་གནས།
1.རྒྱང་སྒྲོག་བརྙན་འཕྲིན་གྱི་སྙན་སྒྲོན་དང་མདོ་འཛིན།༼རྒྱ་སྐད།༽ མི 2
2.རྒྱང་སྒྲོག་བརྙན་འཕྲིན་གྱི་སྙན་སྒྲོན་དང་མདོ་འཛིན། ༼བོད་སྐད།༽ མི 2
3.རྒྱང་སྒྲོག་བརྙན་འཕྲིན་བཟོ་བསྐྲུན། མི 4
4.བརྙན་འཕྲིན་བརྙན་གཟུགས། མི 1
5.དྲ་ངོས་ཇུས་འགོད། མི 1
6.ལེ་ཚན་སྒྲིག་བཟོ། མི 1

ལྔ། རྒྱུགས་ལེན་བྱེད་སྟངས་དང་ནང་དོན།
༼དང་པོ།༽རྒྱུགས་ལེན་བྱེད་སྟངས།
1.རྒྱུགས་ལེན་བྱེད་སྟངས་ནི་ཡིག་རྒྱུགས་དང་ཁ་རྒྱུགས་གཉིས་ཀྱི་བསྡོམས་སྐར་གྱི་ཨང་རིམ་ལྟར་མི་སྣ་བསྡུ་རྒྱུ་ཡིན་ལ། སྐར་གྲངས་བརྒྱའི་བརྩི་ལུགས་ཡིན། ༼དེའི་རྗེས་གྲངས་ཆུང་གཉིས་འཇོག་རྒྱུ།༽ དེའི་ཁྲོད། རྒྱང་སྒྲོག་བརྙན་འཕྲིན་སྙན་སྒྲོན་དང་མདོ་འཛིན་༼རྒྱ་སྐད༽ལས་གནས་ལ་ཁ་རྒྱུགས་ཁོ་ན་མ་གཏོགས་མེད་ལ། ཐོག་མའི་ཁ་རྒྱུགས་ཀྱིས་སྤྱི་སྐར་ཁྲོད་ཀྱི་50%ཟིན་པ་དང་བསྐྱར་མའི་ཁ་རྒྱུགས་ཀྱིས་སྤྱི་སྐར་གྱི50%ཟིན། རྒྱང་སྒྲོག་བརྙན་འཕྲིན་གྱི་སྙན་སྒྲོན་དང་མདོ་འཛིན་༼བོད་སྐད༽དང་རྒྱ་བོད་རྩོམ་སྒྲིག་ལོ་ཙཱའི་ལས་གནས་སྟེང་གི་རྒྱུགས་ཞུགས་པ་དག་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རྩ་འཛུགས་བྱས་པའི་བོད་སྐད་ཚད་ལེན་རྒྱུགས་གཞིར་ཞུགས་དགོས་ཤིང་། སྐར་གྲངས60ཡན་ཆད་ལོན་དགོས། བོད་སྐད་ཚད་ལེན་རྒྱུགས་གཞིའི་སྐར་འབྲས་སྤྱི་སྐར་ཁྲོད་མི་འདུ། རྒྱང་སྒྲོག་བརྙན་འཕྲིན་གྱི་སྙན་སྒྲོན་དང་མདོ་འཛིན་༼བོད་སྐད༽ལས་གནས་ལ་ཁ་རྒྱུགས་ཁོ་ན་ལེན་པ་དང་། ཐོག་མའི་ཁ་རྒྱུགས་ཀྱིས་སྤྱི་སྐར་ཁྲོད་ཀྱི་50%ཟིན་པ་དང་བསྐྱར་མའི་ཁ་རྒྱུགས་ཀྱིས་སྤྱི་སྐར་གྱི50%ཟིན།
རྒྱང་སྒྲོག་བརྙན་འཕྲིན་བཟོ་བསྐྲུན་དང་། བརྙན་འཕྲིན་བརྙན་གཟུགས། དྲ་ངོས་ཇུས་འགོད། ལེ་ཚན་སྒྲིག་བཟོ་བཅས་ཀྱི་ལས་གནས་ཀྱི་རྒྱུགས་ལ་ཡིག་རྒྱུགས་ཀྱིས་སྤྱི་སྐར་གྱི70%ཟིན་པ་དང་། ཁ་རྒྱུགས་ཀྱིས་སྤྱི་སྐར་གྱི30%ཟིན།
2. རྒྱང་སྒྲོག་བརྙན་འཕྲིན་གྱི་སྙན་སྒྲོན་དང་མདོ་འཛིན༼རྒྱ་སྐད༽ལས་གནས་ཀྱི་་ཁ་རྒྱུགས་ལ་ཐོག་མའི་ཁ་རྒྱུགས་དང་བསྐྱར་མའི་ཁ་རྒྱུགས་གཉིས་ཡོད་ཅིང་། ཐོག་མའི་ཁ་རྒྱུགས་ཀྱི་སྐར་འབྲས་ཨང་རིམ་ལྟར1:5གི་བསྡུར་ཚད་གཞིར་བཟུང་ནས་བསྐྱར་མའི་ཁ་རྒྱུགས་ཁྲོད་ཞུགས་དགོས། ཁ་རྒྱུགས་ཀྱི་སྤྱི་སྐར་ཨང་རིམ་ལྟར1:1གི་བསྡུར་ཚད་ལྟར་བསྡུ་ལེན་བྱ་རྒྱུ།
3. རྒྱང་སྒྲོག་བརྙན་འཕྲིན་གྱི་སྙན་སྒྲོན་དང་མདོ་འཛིན༼བོད་སྐད༽ལས་གནས་ཀྱི་ཁ་རྒྱུགས་ལ་ཐོག་མའི་ཁ་རྒྱུགས་དང་བསྐྱར་མའི་ཁ་རྒྱུགས་གཉིས་ཡོད་ཅིང་། ཐོག་མའི་ཁ་རྒྱུགས་ཀྱི་སྐར་འབྲས་ཨང་རིམ་ལྟར1:6གི་བསྡུར་ཚད་གཞིར་བཟུང་ནས་བསྐྱར་མའི་ཁ་རྒྱུགས་ཁྲོད་ཞུགས་དགོས། ཁ་རྒྱུགས་ཀྱི་སྤྱི་སྐར་ཨང་རིམ་ལྟར1:1གི་བསྡུར་ཚད་ལྟར་བསྡུ་ལེན་བྱ་རྒྱུ།
4.ལས་གནས་གཞན་པ་དག་ཡིག་རྒྱུགས་སྐར་འབྲས་ཀྱི་ཨང་རིམ་ལྟར1:3གྱི་བསྡུར་ཚད་ལྟར་ཁ་རྒྱུགས་ལ་ཞུགས་རྒྱུ་དང་། སྤྱིའི་སྐར་འབྲས་ཀྱི་ཨང་རིམ་ལྟར1:1གི་བསྡུར་ཚད་ལྟར་བསྡུ་ལེན་བྱ་རྒྱུ།
བསྡུ་ལེན་མི་སྣ་ཐག་གཅོད་སྐབས། སྐར་འབྲས་འདྲ་མཚུངས་ཀྱི་སྣང་ཚུལ་བྱུང་ན། ཐོག་མར་བསྡུ་ལེན་ཆ་རྐྱེན་ལ་གཞིགས་ནས་ཆ་རྐྱེན་འབུར་ཐོན་ཅན་བསྡུ་ལེན་བྱེད་རྒྱུ་དང་དེའི་ཆ་རྐྱེན་ཡང་གཅིག་མཚུངས་ཡིན་ན་ཡིག་རྒྱུགས༼ཐོག་མའི་ཁ་རྒྱུགས༽ཀྱི་སྐར་འབྲས་མཐོ་དམན་ལྟར་བསྡུ་ལེན་བྱ་རྒྱུ།
༼གཉིས་པ།༽ རྒྱུགས་ལེན་གྱི་ནང་དོན།
1.ཡིག་རྒྱུགས།
ཡིག་རྒྱུགས་ཀྱི་ནང་དོན་ནི་བསྡུ་བྱའི་ལས་གནས་དང་མཐུན་པའི་ཆེད་ལས་ཤེས་བྱ་དང་ལག་རྩལ་ཤེས་བྱ་ཡིན།
2.ཁ་རྒྱུགས།
ཁ་རྒྱུགས་ཀྱི་ནང་དོན་ནི་བསྡུ་བྱའི་ལས་རིགས་དང་འབྲེལ་བའི་ཤེས་བྱའི་དྲི་བ་དང་ལག་ལེན་གཉིས་ཟུང་འབྲེལ་ཡིན་ལ། རྒྱུགས་དཔོན་བདུན་གྱིས་རྒྱུགས་ལེན་བྱ་རྒྱུ་ཡིན།
༼གསུམ་པ།༽རྒྱུགས་ལེན་དུས་ཚོད།
ཡིག་རྒྱུགས་དང་ཐོག་མའི་ཁ་རྒྱུགས་ཟླ6པའི་ཚེས20ཉིན་ལེན་རྒྱུ་དང་། ཁ་རྒྱུགས་དང་བསྐྱར་མའི་ཁ་རྒྱུགས་ཟླ6པའི་ཚེས21ཉིན་ལེན་རྒྱུ་རེད། རྒྱུགས་ལེན་ས་གནས་དང་དུས་ཚོད་སོགས་ཞིབ་མོར་རྒྱུགས་སྤྲོད་འཛིན་ཡིག་སྟེང་བྲིས་ཡོད། རྒྱུགས་ཞུགས་མི་སྣས་ཟླ་6པའི་ཚེས4、5、8བཅས་ལ་ཐོབ་ཐང་ལག་ཁྱེར་འཁྱེར་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་ཤུགས་ཐོན་ཁུངས་པུའུ་དང་བདེ་འཇགས་འགན་སྲུང་པུའུ་རུ་ཡོང་ནས་རྒྱུགས་སྤྲོད་འཛིན་ཡིག་ལེན་དགོས། དེ་འབྲེལ་གྱི་དོན་དག་གཞན་རིགས་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་ཚིགས་(http://www.qhbtv.com)ནས་རྒྱ་ཡིག་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ (http://www.qhtb.cn) ནས་བོད་ཡིག་གིས་སྤྱི་སྒྲོག་བྱ་རྒྱུ་ཡིན།

དྲུག ཡུལ་དངོས་ཐོབ་ཐང་བསྐྱར་ཞིབ།
རྒྱུགས་ཞུགས་མི་སྣས་རྒྱུགས་བླངས་ཚར་ནས། ལུས་ཕུང་བརྟག་དཔྱད་མ་བྱས་སྔོན། ཐག་བཅད་དུས་ཚོད་ལྟར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་ཤུགས་ཐོན་ཁུངས་པུའུ་དང་བདེ་འཇགས་འགན་སྲུང་པུའུ་རུ་ཡོང་ནས་ཐོབ་ཐང་བསྐྱར་ཞིབ་བྱེད་དགོས་པ་དང་། ཐོབ་ཐང་བསྐྱར་ཞིབ་བྱེད་སྐབས་གཤམ་གྱི་རྒྱུ་ཆ་དག་འཁྱེར་ཡོང་དགོས།
༼དང་པོ།༽ ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དང་བསྐྱར་དཔར་མ་གཅིག
༼གཉིས་པ།༽ སློབ་ཆེན་ཆེད་སྦྱོང་དང་དངོས་སྦྱོང་གི་མཐར་ཕྱིན་འཛིན་ཡིག་དང་། བསླབ་གནས་འཛིན་ཡིག་གི་མ་ཡིག་དང་བསྐྱར་དཔར་གཅིག་རེ། (ད་ལོའི་མཐར་ཕྱིན་སློབ་མ་ཡིན་ན་སློབ་གྲྭའི་བདེན་དཔང་ཡི་གེ་འཁྱེར་ཡོང་རྒྱུ་དང་། 2015ལོའི་ཟླ7པའི་ཚེས31ཚུན་ལ་སློབ་ཐོན་དཔང་ཡིག་དང་མཐར་ཕྱིན་འཛིན་ཡིག་གི་མ་ཡིག་མཁོ་སྤྲོད་བྱ་རྒྱུ། དེ་མིན་བསྡུ་ལེན་ཐོབ་ཐང་མེད་པར་བཟོ་རྒྱུ།)
༼གསུམ་པ།༽ ལས་གནས་ཀྱི་དགོས་མཁོ་ལྟར། འབྲེལ་ཡོད་ཐོབ་ཐང་དཔང་ཡིག་དང་། ཁྱིམ་ཐོ། རྒྱུགས་སྤྲོད་འཛིན་ཡིག་སོགས་ཀྱི་མ་ཡིག་དང་བསྐྱར་དཔར་གཅིག་རེ།
༼བཞི་བ།༽ ལས་ཁུངས་གཞན་ན་ལས་གནས་ཡོད་ཚེ2015ལོའི་ཟླ4བའི་ཚེས30ཚུན་ལ་ལས་ཁུངས་ཀྱི་ཆོག་མཆན་ལེན་དགོས།
གོང་གི་འགྲོ་ལུགས་ལྟར་རྒྱུ་ཆ་མཁོ་སྤྲོད་བྱེད་མ་ཐུབ་པ་དང་། ཐོབ་ཐང་བསྐྱར་ཞིབ་ལ་མ་ཞུགས་པ། དཔང་ཡིག་རྫུན་བཟོ་སོགས་ཀྱི་སྣང་ཚུལ་ཡོད་ན་བསྡུ་ལེན་ཐོབ་ཐང་མེད་པར་བཟོ་རྒྱུ།

བདུན། ལུས་ཕུང་བརྟག་བཤེར་བྱ་སྟངས།
༡ བརྟག་བཤེར་དུ་ཚུད་པའི་མི་སྣ།
རྒྱུགས་སྤྲོད་པའི་སྐར་འབྲས་གཞིར་བཟུང་བསྐྱར་བཤེར་དུ་ཚུད་པ་རྣམས་ལུས་པོ་བརྟག་བཤེར་གྱི་ནང་དུ་ཚུད་དེ། བརྟག་བཤེར་དུ་ཚུད་པའི་མིང་དང་འབྲེལ་ཡོད་གནས་ཚུལ་སྐར་འབྲས་དང་སྦྲགས་ནས་མཉམ་གཅིག་ཏུ་བསྒྲགས་རྒྱུ་ཡིན། ལུས་པོ་བརྟག་བཤེར་གྱི་འགྲོ་གྲོན་རྒྱུགས་སྤྲོད་པ་རང་ཉིད་ཀྱིས་འགན་ཁུར་དགོས། བརྟག་བཤེར་དུ་ཚུད་པའི་རྒྱུགས་སྤྲོད་པས་ཚུན་གཉིས་ཆུང་བ་ཅན་གྱི་ཚོན་མདོག་གྱི་འདྲ་པར་གཅིག་འདོན་སྤྲོད་བྱ་དགོས། དེ་དང་མཉམ་དུ་གཏན་ཁེལ་གྱི་དུས་ཚོད་ལྟར་གཏན་ཁེལ་གྱི་གནས་སུ་སླེབས་ནས་མཉམ་གཅིག་ཏུ་འཛོམས་ཏེ་ལུས་པོ་བརྟག་བཤེར་བྱ་དགོས། དུས་ཆད་ལྟར་མ་སླེབས་ཚེ་རང་འགུལ་གྱིས་གོ་སྐབས་དོར་བའི་ཚུལ་དུ་བརྩི། རང་འགུལ་གྱིས་མ་སླེབས་པའམ་བརྟག་བཤེར་ཚད་ལྡན་དུ་མ་སླེབས་པར་བསྡུ་བྱའི་ལས་གནས་སྟོང་ཆ་གྱུར་ཚེ། སྐར་འབྲས་ཡོངས་ཀྱི་རིམ་པ་ལྟར་རྗེས་སྣོན་བྱ་རྒྱུ་ཡིན། རྗེས་སྣོན་མི་སྣའི་ཕྱོགས་ཡོངས་ཀྱི་རྒྱུགས་འབྲས་སྐར་དྲུག་ཅུའམ་དྲུག་ཅུའི་ཡན་ཡིན་དགོས།
༢ ལུས་ཕུང་བརྟག་བཤེར་གྱི་ཚད་གཞི།
ལུས་ཕུང་བརྟག་བཤེར་གྱི་བྱ་བ་ངེད་ལས་ཁུངས་ཀྱིས་གཅིག་གྱུར་གྱིས་འགན་ཁུར་ཏེ་རིམ་གཉིས་ཀ་བའི་ཡན་གྱི་ཕྱོགས་བསྡུས་སྨན་ཁང་དུ་བརྟག་དཔྱད་བྱ་རྒྱུ་ཡིན་ལ། ཐོག་མའི་བརྟག་བཤེར་ཚད་ཐིག་ཏུ་མ་ལོངས་ཚེ། རང་ཉིད་ཀྱིས་རེ་ཞུ་ཞུས་ཏེ་རྩ་འཛུགས་དང་ཆ་རྐྱེན་ཚད་ལྡན་ཅན་གྱི་སྨན་ཁང་དུ་ཕྱིན་ནས། བསྐྱར་བཤེར་བྱས་ཆོག ལུས་པོ་བརྟག་བཤེར་གྱི་རྣམ་གྲངས་དང་ཚད་ཐིག བཤེར་སྟངས་བཅས་ནི། གཞུང་ཞབས་པ་བསྡུ་བའི་ལུས་པོ་བརྟག་བཤེར་གྱི་གཏན་ཁེལ་ལྟར་འགྲོ་དགོས།
བརྟག་བཤེར་རྒྱུགས་སྤྲོད་པས་ལུས་ཕུང་བརྟག་བཤེར་ཁྲོད་ནད་གསང་སྦས་ཅི་རིགས་བྱས་མི་ཆོག་ལ། གལ་ཏེ་ཤེས་ཚེ་རྒྱུགས་སྤྲོད་དབང་ཆ་ལེན་རྒྱུ་ཡིན།

བརྒྱད། རྟོག་ཞིབ་ཀྱི་བྱ་བ།
ལུས་པོ་བརྟག་བཤེར་ཚད་ལྡན་དུ་ལོངས་པའི་མི་སྣ་ལ། ངེད་ལས་ཁུངས་ཀྱིས་མི་དེའི་བསམ་བློ་དང་ཆབ་སྲིད། མི་གཤིས། སྒྲིག་བརྩི་ཁྲིམས་སྲུང་གི་གནས་ཚུལ། ཀུན་སྤྱོད་གཤིས་ཀའི་བློ་སྦྱོང་། ཕྱོགས་བསྡུས་ཀྱི་མངོན་ཚུལ་སོགས་གཞིར་བཟུང་ནས་རྟོག་ཞིབ་བྱ་རྒྱུ་ཡིན་ལ། གལ་ཏེ་རྒྱུགས་སྤྲོད་པར་ཁྲིམས་འགལ་སྒྲིག་འགལ་གྱི་ལོ་རྒྱུས་ཡོད་ཚེ། ཁྲིམས་ལྟར་རྒྱུགས་སྤྲོད་པའི་དབང་ཆ་ལེན་རྒྱུ་ཡིན། དེ་ལྟར་བྱུང་བའི་བསྡུ་བྱའི་སྟོང་ཆ་དེ་ཉིད་རྒྱུགས་འབྲས་ཀྱི་སྐར་འབྲས་ལྟར་རྗེས་སྣོན་བྱ་རྒྱུ།

དགུ། སྤྱི་བསྒྲགས།
ལུས་ཕུང་བརྟག་བཤེར་དང་ཐོབ་ཐང་རྟོག་ཞིབ་ཚད་ལྡན་ཡིན་ཚེ། ངེད་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་ཚིགས་(http://www.qhbtv.com)སུ་ཉིན་བདུན་གྱི་རིང་སྤྱི་བསྒྲགས་བྱ་རྒྱུ་ཡིན།

བཅུ། བསྡུ་བྱའི་མི་སྣའི་འགྲོ་ལུགས་སྒྲུབ་སྟངས།
སྤྱི་བསྒྲགས་ཞིབ་བཤེར་ལ་རྩོད་པ་མེད་པའི་བསྡུ་བྱའི་མི་སྣ་ཡིས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་བསྡུ་མིའི་འགྲོ་ལུགས་བསྒྲུབ་དགོས་ལ། བསྡུ་བྱའི་མི་སྣ་ལས་དོན་ལས་ཁུངས་ཀྱི་སྒྲིག་གཞིའི་དོ་དམ་ཁྱབ་ཁོངས་སུ་བླངས་ཚེ། རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་གླ་ཕོགས་དང་། ཕན་བདེའི་ལྟ་སྐྱོང་ལོངས་སྤྱོད་བྱ་ཆོག་ལ། གསར་བསྡུའི་མི་སྣས་འབྲེལ་ཡོད་ཀྱི་གཏན་ཁེལ་ལྟར་ཚོད་ལྟའི་དུས་ཡུན་ལག་བསྟར་བྱ་དགོས།
བསྡུ་ངེས་མི་སྣའི་ཐོ་འགོད་བྱེད་དུས་གཤམ་གྱི་རྒྱུ་ཆ་འདི་དག་ཁྱེར་ཡོང་དགོས།
༡ ལས་གནས་སྟེང་གི་མི་སྣས་འབྲེལ་ཡོད་རྒྱུ་ཆའམ་ལས་ཁུངས་སྔོན་མས་གནང་བའི་མོས་མཐུན་ཡིག་ཆ་དང་ངལ་རྩོལ་གན་རྒྱ་དོར་བའི་བདེན་དཔང་ཡི་གེ་དགོས།
༢ སློབ་མཐར་ཕྱིན་ནས་ལས་ཀར་མ་ཞུགས་པའི་སྤྱིར་བཏང་སློབ་ཆེན་ཉིན་གང་ལམ་ལུགས་ཅན་གྱི་མཐར་ཕྱིན་སློབ་མས་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གནང་བའི་འབྱོར་ཐོ་འཛིན་ཡིག་འདོན་སྤྲོད་བྱ་དགོས།
༣ 2015ལོའི་སློབ་དུས་འདིའི་མཐར་ཕྱིན་སློབ་མས་2015ལོའི་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཡན་ལ་མཐར་ཕྱིན་འཛིན་ཡིག་དང་། བསླབ་གནས་དཔང་རྟགས། ལས་ཞུགས་འབྱོར་ཐོ་འཛིན་ཡིག སློབ་གྲྭས་གནང་བའི་མཐར་ཕྱིན་སློབ་མའི་མཚམས་སྦྱོར་རེའུ་མིག་བཅས་འདོན་སྤྲོད་བྱ་དགོས་ལ། དེ་བཞིན་སློབ་མ་རང་ཉིད་ཀྱི་སློབ་རའི་ཡིག་ཚགས་ཀྱང་འདོན་སྤྲོད་བྱ་དགོས།
གལ་ཏེ་གོང་གི་རེ་བ་ལྟར་བཀོད་པའི་རྒྱུ་ཆ་འདོན་སྤྲོད་བྱེད་མི་ཐུབ་པ་དང་། དུས་ལྟར་ཐོ་འགོད་དུ་མ་སླེབས་ཚེ། རང་འགུལ་གྱི་རྒྱུགས་སྤྲོད་ཐོབ་ཐང་དོར་བར་བརྩི་རྒྱུ་ཡིན།

བཅུ་གཅིག རྒྱུགས་ལེན་ལྟ་སྐུལ།
ཐེངས་འདིའི་རྒྱུགས་ལེན་བྱ་བ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྒྲིག་བཤེར་ལྟ་ཞིབ་ཞིབ་བཤེར་ཁང་གིས་གོ་རིམ་ཡོངས་ཀྱི་ལྟ་སྐུལ་འོག་ལག་བསྟར་བྱ་རྒྱུ་ཡིན་ལ། ཞིང་ཆེན་མི་དོན་ཐིན་གྱིས་སྐོར་ཞིབ་མཛུབ་སྟོན་གནང་རྒྱུ་རེད།

བཅུ་གཉིས། བྱ་བའི་རེ་བ།
༡ གཟབ་ནན་གྱིས་གཞོལ་འོས་ལམ་ལུགས་ལག་བསྟར་བྱས་ཏེ། གཞོལ་འོས་ཀྱི་གནས་ཚུལ་ལ་གཏན་ནས་སྦས་གསང་བྱེད་མི་ཆོག་ལ། ནན་ཏན་གྱིས་ཕལ་ཆེར་རྒྱུགས་ལེན་གྱི་དྲང་བདེན་དྲང་བཞག་ལ་ཤན་ཤུགས་ཐེབས་པའི་བྱེད་སྟངས་ལ་གཏན་འགོག་བྱ་དགོས། གཞོལ་འོས་པའི་གནས་ཚུལ་ནི། རྒྱུགས་སྤྲོད་མི་སྣ་ལ་བཀོལ་སྤྱོད་ལས་ཁུངས་ཀྱི་འགན་ཁུར་བ་དང་བཟའ་ཚང་གི་འབྲེལ་བ་ཡོད་པ་དང་། ཤ་ཁྲག་ཉེ་འབྲེལ་གྱི་འབྲེལ་བ་ཡོད་པ། མི་རབས་གསུམ་ནང་ཁྲག་རྒྱུན་གྱི་འབྲེལ་བ་ཡོད་པ། ཉེ་བའི་བཟའ་ཚང་གི་འབྲེལ་བ། ཉེ་འབྲེལ་གྱི་འབྲེལ་བ་བཟོ་བའི་གནས་ཚུལ་སོགས་ཡིན།
༢ འབྲེལ་ཡོད་མི་སྣ་དག་གིས་གཟབ་ནན་གྱིས་བསྡུ་བྱའི་རྒྱུགས་ལེན་གྱི་གོ་རིམ་སོ་སོའི་གཏན་ཁེལ་གྱི་རིམ་པ་ལྟར་བྱ་བ་བསྒྲུབ་དགོས་ལ། ངེས་པར་དུ་སྤྱི་བསྡུའི་བྱ་བར་ཡོངས་བསྒྲགས་དང་། དྲང་བདེན། དྲང་བཞག་ཡོང་དགོས། གལ་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་བྱུང་བ་དང་། རྟོག་ཞིབ་བྱས་པ་དོན་དངོས་ཡིན་ཚེ། འབྲེལ་ཡོད་མི་སྣར་འགན་ཁུར་རྩད་གཅོད་བྱ་རྒྱུ་ཡིན།
༣ རྒྱུགས་བཟོ་མི་སྣ་དང་། རྒྱུགས་བཤེར་མི་སྣས་གཟབ་ནན་གྱིས་འབྲེལ་ཡོད་ཀྱི་རེ་བ་གསང་དགོས་ལ། གསང་དགོས་པའི་སྒྲིག་ལམ་ནན་སྲུང་བྱ་དགོས། སྒྲིག་འགལ་ཅན་ལ་ཐག་གཅོད་ནན་མོ་ཆད་པ་ནན་མོ་གཅོད་རྒྱུ་ཡིན། རྒྱུགས་བཟོ་དང་རྟོག་ཞིབ་ཀྱི་གོ་རིམ་ལ་སྒྲིག་བཤེར་མི་སྣས་བརྒྱུད་རིམ་ཡོངས་སུ་ལྟ་ཞིབ་བྱེད་དགོས།
༤ བསྡུ་མཁན་བྱ་བསྒྲུབ་མི་སྣར་བཀོད་འདོམས་དང་། གཞན་གྱིས་གཡོ་ལས་བྱེད་པར་རྒྱ་ཡན་དུ་གཏོང་བའམ། རྒྱུགས་ལེན་དང་རྒྱུགས་བཤེར་གྱི་གོ་རིམ་ཁྲོད་གཡོ་ལས་བྱེད་པར་ཞུགས་མཁན། སྐོང་བསྡུའི་བྱ་བསྒྲུབ་མི་སྣས་བསམ་བཞིན་དུ་རྒྱུགས་ལེན་གྱི་ཁ་བྱང་ཕྱིར་བསྒྲགས་པ། མི་དོན་རྒྱུགས་ལེན་ལམ་ལུགས་ཀྱི་གནས་ཚུལ་གཞན་དག་ལ་ཚབས་ཆེན་གྱི་སྒྲིག་འགལ་བྱེད་མཁན་དག་ལ་ནན་ཏན་གྱིས་ཐག་གཅོད་བྱ་རྒྱུ་དང་། ནག་ཉེས་བཟོ་མཁན་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་ཁུར་གྱི་ཐག་གཅོད་བྱ་རྒྱུ་ཡིན།
༥ རྒྱུགས་བཤེར་ཞིབ་དཔྱོད་ཀྱི་གོ་རིམ་ཡོངས་རྫོགས་བརྙན་ལེན་པའམ་སྒྲ་ཕབ་རྒྱུ་ཡིན་ལ། སྐོང་བསྡུ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་བརྒྱུད་རིམ་ཡོངས་ལ་ལྟ་ཞིབ་དང་མཛུབ་ཁྲིད་གནང་དགོས།

བཅུ་གསུམ། གཞན་དག
༡ ཐོབ་ཐང་གི་ཞིབ་བཤེར་སྐོང་བསྡུ་བྱ་བའི་བརྒྱུད་རིམ་ཡོངས་སུ་ཡོད་ལ། གལ་སྲིད་རྒྱུགས་ལེན་གོ་རིམ་ཁྲོད་གོ་རིམ་གང་རུང་ཞིག་ཏུ་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་བྱུང་བ་དང་། བརྡ་འཕྲིན་རྫུན་མ་འདོན་སྤྲོད་བྱེད་པའམ་བསྡུ་སའི་ལས་གནས་སུ་རྒྱུགས་སྤྲོད་པར་ཆ་རྐྱེན་མི་ཚང་བའི་གནས་ཚུལ་བྱུང་ཚེ། རྒྱུགས་སྤྲོད་ཀྱི་དབང་ཆ་ལེན་རྒྱུ་ཡིན།
༢ རྒྱུུགས་སྤྲོད་པ་རྟོག་ཞིབ་ཀྱི་གོ་རིམ་སོ་སོར་བརྒྱུད་དུས། ཚང་མས་གོ་ཆོད་དུས་ཡུན་གྱི་སྡོད་དམངས་ལག་ཁྱེར་དང་། རྒྱུགས་སྤྲོད་འཛིན་ཡིག་ཁྱེར་ཡོང་དགོས་ལ། གོ་མི་ཆོད་པའི་འཛིན་ཡིག་ཡོད་ཚེ་དེ་འབྲེལ་གྱི་རྒྱུགས་སུ་ཞུགས་མི་ཆོག
༣ རྒྱུགས་བཤེར་གྱི་སྐར་འབྲས་དང་འབྲེལ་ཡོད་གནས་ཚུལ་མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་(http://www.qhbtv.com)
དྲ་ཚིགས་སུ་རྒྱ་ཡིག་གིས་བསྒྲགས་རྒྱུ་ཡིན་ལ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་(http://www.qhbtv.com)ནས་བོད་ཡིག་གིས་བསྒྲགས་རྒྱུ་ཡིན།
རྒྱུགས་སྤྲོད་པས་དུས་ལྟར་འབྲེལ་ཡོད་ཀྱི་གནས་ཚུལ་ལ་བལྟ་རྒྱུར་མཁྱེན།

འབྲེལ་གཏུག་ཁ་པར། 0971--6329305 6329307

ས་གནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྲིད་འཛིན་དོ་དམ་ལྟེ་གནས་ཀྱི་དྲུག་ཐོག ༼ལས་བྱེད་རྒན་པའི་བྱ་འགུལ་ལྟེ་གནས་ཀྱི་ནུབ་གཞོགས་སུ་ཡོད།༽
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་ཤུགས་ཐོན་ཁུངས་དང་བདེ་འཇགས་བདེ་སྲུང་སྡེ་ཁག
2015ལོའི་ཟླ་5ཚེས་26ཉིན།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།