ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱང་སྒྲོག་བརྙན་འཕྲིན་དོ་ར།

མཚོ་ལྷོ་ཁུལ་ལས་རིགས་སློབ་གསོའི2015ལོའི"ལྷ་སའི་འཆར་བཀོད་དང"གཙང་གསུམ་འཆར་བཀོད"ཀྱི་བྱེས་འགྲིམས་སློབ་མ་བསྡུ་རྒྱུའི་བརྡ་སྦྱོར།

སྤེལ་དུས། 2015-06-02 10:53:03   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

རྒྱལ་ཁབ་སློབ་གསོ་པུའུ་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས2015ལོའི་ལས་རིགས་སློབ་གསོའི་སློབ་མ་བསྡུ་ལེན་བྱེད་ཚུལ་གྱི་ཡིག་ཆའི་དགོངས་དོན་ལྟར་ད་ལོ་མཚོ་ལྷོ་ས་ཁུལ་ནས་"ལྷ་སའི་འཆར་བཀོད་"དང་"གཙང་གསུམ་འཆར་བཀོད་"གྱི་ནང་ལོག་ས་ཁུལ་ལ་ལས་རིགས་སློབ་གསོའི་སློབ་མ་བསྡུ་ལེན་བྱེད་པའི་ལས་འགོ་བརྩམས།

གཅིག སློབ་མའི་བསྡུ་གྲངས།
( ༡ ) "ལྷ་སའི་འཆར་བཀོད"ཀྱི་སློབ་མ179བསྡུ་རྒྱུ།
( ༢ ) "གཙང་གསུམ་འཆར་བཀོད"ཀྱི་སློབ་མ121བསྡུ་རྒྱུ།

གཉིས། སློབ་ཡོན་སོགས་ཀྱི་གནས་ཚུལ།
( ༡ ) "ལྷ་སའི་འཆར་བཀོད"ཀྱི་སློབ་མ་རེར་ལོ་རེར་སྒོར10000ཡིས་རོགས་སྐྱོར་ཡོད། ( སློབ་ཡོན་དང་འཚོ་བའི་ཁ་གསབ་གཉིས་ཀ་འཐུས། )
( ༢ ) "གཙང་གསུམ་འཆར་བཀོད"ཀྱི་སློབ་མ་རེར་ལོ་རེར་སྒོར6500རོགས་སྐྱོར་ཡོད། ( སློབ་ཡོན་དང་འཚོ་བའི་ཁ་གསབ་གཉིས་ཀ་འཐུས། )

གསུམ། མཉམ་འབྲེལ་སློབ་གྲྭ།
( ༡ ) "ལྷ་སའི་འཆར་བཀོད"ཀྱི་མཉམ་འབྲེལ་སློབ་གྲྭ་ལ་ཐེན་ཅུན། ཧྭི་པེ། ལོ་ཉིན། ཅུ་ལིན། ཧྲང་ཧྭེ། ཅང་སོ། ཅང་ཞི། ཧྭོ་ནན། ཀོང་ཀྲིག ཀོང་ཏོང་སོགས་སློབ་གྲྭ་བཅོ་བརྒྱད་ཡོད།
( ༢ ) "གཙང་གསུམ་འཆར་བཀོད"ཀྱི་མཉམ་འབྲེལ་སློབ་གྲྭ་ལ་ཅང་སོ་ཡུས་ཀྲུན་ལག་རྩལ་སློབ་གླིང་། ཅང་སོ་ཡང་ཀྲིག་ལག་རྩལ་སློབ་གླིང་། ཅང་སོ་ཡང་ཀྲིག་ཚོང་དོན་མཐོ་རིམ་ལས་རིགས་སློབ་གྲྭ ཅང་སོ་ནན་ཅིན་བཟོ་ལས་མཐོ་རིམ་ལས་རིགས་སློབ་གྲྭ ཧྭོ་ནན་ལིག་ཏུས་འཕྲོད་བསྟེན་སློབ་གྲྭ ཅང་ཞི་བཟོ་ལས་སློབ་གླིང་། སི་ཁྲོན་རིན་ཧྲིག་ཧྭ་ད་ལས་རིགས་སློབ་གྲྭ སི་ཁྲོན་ལུག་ཧྲན་ཅིན་ཏོང་ལས་རིགས་ལག་རྩལ་སློབ་གྲྭ ཧྲན་ཏོང་ཙོད་ཀྲོང་ཞོས་ཁྲིན་ལས་རིགས་འབྲིང་རིམ་སློབ་གྲྭ

བཞི། ཆེད་ལས་མཚམས་སྦྱོར།
བཟོ་སྐྲུན་དང་ཆུ་བེད་ཀྱི་སྡེ་ཚན། ལས་བཟོ་དང་ལས་སྣོན་གྱི་སྡེ་ཚན། འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་སྡེ་ཚན། གསོ་རིག་དང་སྨན་བཅོས་སྡེ་ཚན། ནོར་སྲིད་དང་ཚོང་དོན་གྱི་སྡེ་ཚན། ལྗོངས་རྒྱུ་དང་ཞབས་ཞུའི་སྡེ་ཚན། རིག་གནས་སློབ་གསོ་དང་སྒྱུ་རྩལ་གྱི་སྡེ་ཚན་བཅས་སྡེ་ཚན་བརྒྱད་དང་བྱེ་བྲག་གི་ཆེད་ལས་བརྒྱད་ཅུ་ལྷག་ཡོད།

ལྔ། མིང་ཐོ་འགོད་དུས། 2015ལོའི་ཟླ6པའི་ཚེས20ཉིན་ནས2015ལོའི་ཟླ་8པའི་ཚེས15བར།

དྲུག འབྲེལ་གཏུགས་བྱེད་ཡུལ།
གསེར་ཆེན་རྫོང་སློབ་མ་བསྡུ་ལེན་ལས་ཤག 09748512353
ཁྲི་ཀ་རྫོང་སློབ་མ་བསྡུ་ལེན་ལས་ཤག 09748552171
མང་རྫོང་སློབ་མ་བསྡུ་ལེན་ལས་ཤག 09748501543
འབའ་རྫོང་སློབ་མ་བསྡུ་ལེན་ལས་ཤག 09748592076
བྲག་དཀར་རྫོང་སློབ་མ་བསྡུ་ལེན་ལས་ཤག 09748581422
མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ལས་རིགས་སློབ་གསོ་ལས་ཤག09748522116
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།