ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱང་སྒྲོག་བརྙན་འཕྲིན་དོ་ར།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ལས་མི་བསྡུ་བའི་བརྡ་སྦྱོར།

སྤེལ་དུས། 2015-10-27 16:14:50   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

བྱ་བའི་དགོས་མཁོའི་དབང་གིས་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་གཤམ་གྱི་ལས་གནས་ཁག་ལ་ལས་མི་བསྡུ་རྒྱུ་ཡིན།
1.རྒྱང་སྒྲོག་བརྙན་འཕྲིན་བཟོ་སྐྲུན་དངIPTVལག་རྩལ་གྱི་ལས་གནས། ལས་གནས་འདིར་རྩིས་འཁོར་ཚན་རྩལ་དང་ལག་རྩལ་གྱི་སྐོར་དང་། རྒྱང་སྒྲོག་བརྙན་འཕྲིན་བཟོ་སྐྲུན། དངོས་ལུགས། སྐྱེ་དངོས། འཕྲིན་གཏོང་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སོགས་ཀྱི་ཆེད་ལས་ཅན་དང་འབྲེལ་ཡོད་ཆེད་ལས་ཅན་གྱི་མི་སྣ་བསྡུ་རྒྱུ་ཡིན།
2.རྒྱ་སྐད་ཀྱི་སྙན་སྒྲོན་པ་དང་མདོ་འཛིན་པའི་ལས་གནས། ལས་གནས་འདིར་རྒྱའི་སྤྱི་སྐད་ཀྱི་རིམ་པ་དང་པོའི་འཛིན་ཡིག་དགོས་པར་མ་ཟད། སྨྲ་བརྗོད་དག་ཅིང་སྨྲ་ལྕེ་བདེ་དགོས། མཚོ་སྔོན་གྱི་རྒྱའི་ཡུལ་སྐད་ལ་བྱང་ཆ་ལྡན་པའི་སྐྱེས་པ་མདོ་འཛིན་པ་ཡིན་ཚེ་དམིགས་བསལ་ཡོད།
3.བོད་ཀྱི་སྙན་སྒྲོན་པ༼ ཕོ ༽དང་རྒྱ་བོད་ལོ་ཙཱའི་ལས་གནས། ལས་གནས་འདིར་བོད་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཅན་དང་འབྲེལ་ཡོད་ཆེད་ལས་ཅན་དགོས་ལ། རྒྱ་བོད་ཡིག་རིགས་གཉིས་ལ་བྱང་ཆ་ལྡན་པ་དང་སྨྲ་ལྕེ་བདེ་དགོས་ལ། རྒྱ་བོད་ལོ་ཙཱའི་ཐད་ལ་ཉམས་མྱོང་དང་ཆུ་ཚད་ངེས་ཅན་ལྡན་དགོས།
4.སྨྱན་བྱད་གསར་བའི་སྒྲིག་སྦྱོར་ལས་གནས། ལས་གནས་འདིར་ཆེད་ལས་ཀྱི་ཚད་བཀག་མེད་ཅིང་། ཆུ་ཚད་མཐོ་ལ་རྨང་གཞིའི་མཉེན་ཆས་ཁག་ལ་བྱང་ཆ་ཡོད་པ། དྲ་བ་ལ་ཆ་རྒྱུས་ལྡན་པ། དྲ་རྒྱའི་བྱ་འགུལ་སྣ་ཚོགས་འཆར་འགོད་ལ་མཁས་དགོས་ལ། དེ་དག་དང་འབྲེལ་བའི་ཉམས་མྱོང་ཅན་སྔོན་ལ་བསྡུ་རྒྱུ་ཡིན།

གོང་གི་ལས་ལས་གནས་ཁ་ཚང་ལ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་ཡན་གྱི་བསླབ་གནས་དགོས་པ་དང་། ལོ30མན་ཡིན་དགོས། ལས་གནས་དང་འབྲེལ་བ་ཡོད་པའི་བྱ་བའི་ཉམས་མྱོང་ཅན་ལ་དམིགས་བསལ་ཡོད། མོས་པ་ཡོད་མཁན་ཚོས་ཟླ10བའི་ཚེས28ནས་ཟླ11པའི་ཚེས13གྱི་བར་དུ་ཐོབ་ཐང་དཔང་ཡིག་དང་མཐར་ཕྱིན་འཛིན་ཡིག་སོགས་འབྲེལ་ཡོད་འཛིན་ཡིག་གི་མ་ཡིག་དང་པར་མ། རང་ཉིད་ཀྱི་མཚམས་སྦྱོར་ཡི་གེ་སོགས་བཟུང་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་ཤུགས་ཐོན་ཁུངས་པུའུ་རུ་མིང་ཐོ་འགོད་རྒྱུ་གལ།
ས་གནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྲིད་འཛིན་དོ་དམ་ལྟེ་གནས་ཀྱི་དྲུག་ཐོག
འབྲེལ་གཏུག་ཁ་པར། 09716329305 09716329307

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་ཤུགས་ཐོན་ཁུངས་པུའུ་དང་བདེ་སྲུང་པུའུ་ནས།
2015ལོའི་ཟླ10བའི་ཚེས27ཉིན།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།