ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱང་སྒྲོག་བརྙན་འཕྲིན་དོ་ར།

ལོ་སར་སྐབས་སུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་རྒྱ་ཆེའི་ཉན་མཁན་རྣམས་ལ་རིག་རྩལ་ལེ་ཚན་གྱི་ལེགས་སྐྱེས་གྱ་ནོམ་པ་འབུལ་རྒྱུ་རེད།

སྤེལ་དུས། 2016-02-03 14:24:26   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

ཉིས་སྟོང་བཅུ་དྲུག་ལོའི་ལུགས་རྙིང་ལོ་སར་དང་བོད་ཀྱི་ལོ་སར་སྐབས་སུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་རྒྱ་ཆེའི་ཉན་མཁན་རྣམས་ལ་རིག་རྩལ་ལེ་ཚན་གྱི་ལེགས་སྐྱེས་གྱ་ནོམ་པ་བཀོད་སྒྲིག་བྱས་ཡོད།།

ལུགས་རྙིང་ལོ་སར་དང་བོད་ཀྱི་ལོ་སར་སྐབས་སུ། བརྟན་འཇགས་དང་འཆམ་མཐུན། སྤྲོ་སྐྱིད་ཀྱི་དུས་ཆེན་གྱི་སྣང་ཚུལ་ཞིག་བསྐྲུན་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་གསར་བ་དང་རེ་སྨོན་གསར་བ་མངོན་པར་མཚོན་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པའི་ལོ་སར་གྱི་ལེ་ཚན་སྐོར་ཞིག་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། ལེ་ཚན་དེ་དག་གནམ་གང་ནས་ལོ་སར་ཚེས་བདུན་ཉིན་བར་དུ་གཏང་རྒྱུ་རེད།

ལོ་སར་སྐབས་སུ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་དང་རྩེ་ཁོག་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་ཞོན་ཧྭ་རྫོང་། ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་ས་གནས་བཞི་ནས་ལོ་སར་བའི་ཡུལ་དངོས་ཀྱི་རྣམ་པ་ཐད་གཏོང་བྱ་རྒྱུ་ཡིན་ལ། ལེ་ཚན་ནང་དུ་དམངས་གླུ་དང་རྡུང་ལེན། རྩེད་རིགས། བཤད་པ་སོགས་སྒྱུ་རྩལ་རིགས་སྣ་ཚོགས་ཡོད།

དེ་ལས་གཞན་ལོ་སར་སྐབས་སུ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་རིག་རྩལ་སྤྲོ་ཚོགས་སྐོར་ཞིག་གཏོང་རྒྱུ་ཡིན་ཏེ། དེ་དག་གི་ནང་དུ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་མདོ་ལ་ལྷ་ཡི་ཞིང་ཁམས་ཞེས་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་མེ་ཕོ་སྤྲེལ་ལོའི་ལོ་སར་རིག་རྩལ་དགོང་ཚོགས། རྨ་ལྷོ་ཁུལ་གྱི་དམངས་ཁྲོད་རིག་རྩལ་སྤྲོ་ཚོགས། གླུ་ཤགས་འགྲན་སྡུར། དམངས་གླུ་འགྲན་སྡུར། ཐུན་ཏེ་རྫོང་གི་ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་སོགས་ཡོད། གཞན་ཡང་རླུང་འཕྲིན་ལེ་ཚན་གངས་ལྗོངས་གསེར་ཟམ་དང་གངས་རིའི་རང་སྒྲ། 375ཐད་གཏོང་ཁང་། བར་སྣང་འཕྲིན་གྱི་ཕོ་ཉ། བདེ་ཐང་མཛུབ་སྟོན། ན་ཆུང་བྱིས་པའི་དགའ་ཚལ། སློབ་རའི་འགྱུར་ཁུགས་སོགས་ཀྱིས་ཀྱང་ལེ་ཚན་སོ་སོའི་ཁྱད་ཆོས་དང་བསྟུན་ནས་དུས་ཚོད་གཅིག་རིང་གི་ལོ་སར་གྱི་ལེ་ཚན་གཏང་རྒྱུ་རེད། རིག་རྩལ་ལེ་ཚན་གྱ་ནོམ་པ་དེ་ད་དུང་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་སྟེང་དུ་འགོད་རྒྱུ་རེད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།