ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱང་སྒྲོག་བརྙན་འཕྲིན་དོ་ར།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གི་སྤྱི་བསྒྲགས།

སྤེལ་དུས། 2016-03-22 13:07:28   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྙིང་བྱམས་ཚེ་རིང་།

 

 

ཞིང་ཆེན་ཏང་ཨུའི《2016ལོའི་སྐོར་དང་པོའི་ཆེད་དམིགས་སྐོར་ཞིབ་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་ཐད་ཀྱི་བརྡ་ཐོའི》དགོངས་པ་ལྟར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གཉིས་པས་2016ལོའི་ཟླ་༣པའི་ཟླ་དཀྱིལ་ནས་ཟླ་༥བའི་ཟླ་དཀྱིལ་བར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་ཟླ་གཉིས་རིང་གི་སྐོར་ཞིབ་བྱ་བ་སྤེལ་རྒྱུ་ཡིན་པས། ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
སྐོར་ཞིབ་བྱ་ཡུལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཏང་ཨུའི་འགོ་ཁྲིད་ཚན་ཁག་དང་ཁོངས་མི།
སྐོར་ཞིབ་ནང་དོན། ཏང་གིས་འགོ་ཁྲིད་བྱེད་པའི་རྩ་བ་འདིར་དམ་པོར་བཟུང་ནས། སྒྲིག་ཁྲིམས་སྣ་དྲུག་ཚད་གཞི་བྱས་ཏེ་འབད་སྒྲུབ་བཞི་ཇེ་ཟབ་ཇེ་བཟང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་ཀྱི་ཉམས་ཞན་དང་ཏང་གི་འཛུགས་སྐྲུན་གྱི་འཐུས་ཤོར། ཏང་ལ་དོ་དམ་དང་ཏང་ལེགས་བཅོས་བྱས་པ་ཤུགས་མེད་ཚོར་མེད་ཡིན་པ་སོགས་ཀྱི་གནད་དོན་འཚོལ་བ་གཙིགས་སུ་འཛིན་པ། མི་སྣ་དང་། དོན་དག གནད་དོན་བཅས་གཙོ་འཛིན་བྱེད་པའི་ཆེད་དམིགས་ཀྱི་སྐོར་ཞིབ་བྱ་བ་སྤེལ་རྒྱུ་ཡིན།
འཚོལ་བྱའི་གནད་དོན་ནི་གཤམ་གྱི་ཕྱོགས་འདི་བཞི་ཡིན་ཏེ། ཆབ་སྲིད་ཀྱི་སྒྲིག་ལམ་དང་སྒྲིག་གཞི་ལ་རྒྱབ་འགལ་བྱེད་པ་དང་། ཏང་གི་ལམ་ཕྱོགས་དང་སྲིད་ཇུས།བྱེད་ཕྱོགས་བཅས་ལ་འགལ་བའི་སྨྲ་བརྗོད། བཀའ་དང་ལེན་མི་བྱེད་པ། བཀག་རྒྱ་མི་སྲུང་བ། གྲོགས་ངན་སྒྲིག་པ་དང་ཚོགས་པ་སྒྲིག་པ་སོགས་ཀྱི་གནད་དོན་དང་། སྤྱོད་གཙང་སྒྲིག་ལམ་དང་འགལ་བ། དབང་ལ་བརྟེན་ནས་ཁེ་ཕན་བསྒྲུབ་པ། ལྐོག་ཟ་ལྐོག་རྔན། རུལ་སུངས་ངན་རུལ་སོགས་ཀྱི་གནད་དོན། རྩ་འཛུགས་ཀྱི་སྒྲིག་ལམ་འགལ་བ་དང་། སྒྲིག་འགལ་མི་བཀོལ། ལྐོག་རྔན་འདེམས་བསྐོ། དཔོན་ས་ཉོ་འཚོང་། དབང་ཆ་སྒེར་གཅོད། ལེ་ལོ་གཡོ་བསྐུར། མཐུན་སྒྲིལ་མི་བྱེད་པ་སོགས་ཀྱི་གནད་དོན། མང་ཚོགས་ཀྱི་སྒྲིག་ལམ་དང་། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ལ་འགལ་བ། ཕྱི་ཚུལ་རིང་ལུགས་དང་། དཔོན་ངན་རིང་ལུགས། བག་མེད་ལོངས་སྤྱོད་རིང་ལུགས། རྒྱས་ཟ་རྒྱས་འཐུང་སོགས་ཀྱི་གནད་དོན་དག་ཡིན།
དེ་བས་རྒྱ་ཆེའི་ལས་བྱེད་ལས་བཟོ་དག་གིས་ཁ་པར་གཏོང་བ་དང། འཕྲིན་བསྐུར་བ། ཞུ་གཏུག་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་དོན་དངོས་ཀྱི་གནས་ཚུལ་ཡར་ཞུ་བྱེད་པར་དགའ་བསུ་ཞུ།
བྱ་སྒྲུབ་ས་གནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྲིད་འཛིན་དོ་དམ་ལྟེ་གནས་ཐོག་ཁང་ལྔ་བའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པའི་གཞུང་སྒྲུབ་ཁང་།
འབྲེལ་གཏུག་མི་སྣ། ལིས་ཁྲང་ཧྥིན།
ཁ་པར་ཨང་གྲངས། 15297184009(བརྡ་འཕྲིན་བསྡུ་བ) 0971--6329302
གློག་རྡུལ་ཡིག་སྒམ། zgqhswxsz8@sina.com
ཞར་བཀོད། ཁ་པར་ལས་སྒྲུབ་དུས་ཚོད། 8:30—18:00
             

                                                                                                                                                                                 ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པ།
                                                                                                                                                                                                          2016.3.22

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།