ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱལ་སྤྱིའི་སྐབས་དོན་རྒྱས་བཤད།

ཞའེ་ལ་ལེ་ཡི་བདེ་ཐང་གིས་མཚན་དང་སྙན་པར་ཉེན་ཁ་བཟོས་ཏེ། རྣོ་ལྕགས་ལྟ་བུའི་ཨ་ཅག་སྔར་ལས་ཉམ་ཆུང་དུ་གྱུར་བ།

སྤེལ་དུས། 2016-09-26 11:03:14   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་མགོན་རྒྱལ།

01.jpg

ཨ་རིའི་མི་དམངས་ཀྱིས་རྟག་ཏུ་ཁོ་ཚོའི་ཙུང་ཐུང་ལ་རྣོ་ལྕགས་ལྟ་བུའི་བདེ་ཐང་ཞིག་ཡོད་ན་བསམ་ཞིང་། དེ་ཡང་ཨ་རིའི་ཆེས་མཐོའི་ཁེ་ཕན་སྲུང་བའི་ཆེད་དུ་ཡིན། ཡིན་ནའང་ཟླ་འགའི་རིང་གི་དོགས་གཞིས་ཞའེ་ལ་ལེ་ཡི་བདེ་ཐང་སྐོར་གྱི་གཏམ་ཡན་སྔར་ལས་མངོན་གསལ་དུ་གྱུར་ཅིང་། ཚེས་བཅུ་གཉིས་ཉིན་འཇར་མན་གྱི«འཛམ་གླིང་ཚགས་པར»སྟེང་བཀོད་པ་ལྟར་ན། ཞའེ་ལ་ལེ་ནི“རྣོ་ལྕགས་ལྟ་བུའི་ཨ་ཅག”ཅིག་ནས་གློ་བུར་དུ་ཅི་འདྲའི་ཉམ་ཆུང་ཞིག་ཏུ་གྱུར་ཅིང་། “མི་སེམས་བདེར་འབབ་དཀའ་བའི་གློ་བུར་བའི་དོན་རྐྱེན་འདིས་ཞའེ་ལ་ལེ་ཙུང་ཐུང་ལ་བསྐོ་བའི་ཕུགས་བསམ་ལ་བར་ཆད་བཟོ་སྲིད་དམ།”ཞའེ་ལ་ལེ་ཡི་“བདེ་ཐང་”གི་ཟིང་ཆ་ནི་རྒྱལ་སྤྱིའི་སྨྱན་བྱེད་དག་གི་བརྗོད་གཞི་གཙོ་བོར་གྱུར་ཅིང་། དབྱིན་ཇིའི་«བའེ་པའོ་ཚགས་པར»སྟེང་དུ“ཨ་རིའི་ཙུང་ཐུང་གི་འདེམས་བསྐོ་ཆེན་མོ་ནི་བགྲེས་པོ་གཉིས་བར་གྱི་འཐབ་རྩོད་ཅིག་ཏུ་གྱུར་འདུག”ཅེས་བཀོད་འདུག མིག་སྔར་ཐའུ་ལེང་ཕའོ་ནི་དགུང་གྲངས་བདུན་ཅུར་སོན་ཡོད་ལ། ཕལ་ཆེར་ཨ་རིའི་ཙུང་ཐུང་གི་བདམ་བྱར་གྱུར་བའི་དགུང་གྲངས་ཆེས་མཐོ་ཤོས་ཀྱི་ཐོག་མ་དེ་ཡིན་སྲིད། ཞའེ་ལ་ལེ་ཡང་དགུང་གྲངས་དྲུག་ཅུ་རེ་བརྒྱད་ལ་སོན་པའི་ལྕམ་མོ་རྒན་གྲས་ཤིག་ཡིན། ལྷག་པར་རེས་གཟའ་ཉི་མའི་སྤྱི་བསྒྲགས་ཡོངས་གསལ་ཁྲོད་ཁོ་མོའི་བདེ་ཐང་གི་གནས་ཚུལ་ཕྱི་རུ་མངོན། དེ་སྔོན་ཞའེ་ལ་ལེ་བརྙན་མིག་གི་མདུན་དུ་ཐེངས་འགར་གློ་ལུ་བརྒྱབ་ཅིང་། འདིས་ཐེངས་འདིའི་ཛ་དྲག་ཆེ་བའི་ཙུང་ཐུང་བདམ་ཐོན་འགྲན་བསྡུར་གྱི་རྒྱུད་རིམ་ཁྲོད་དོན་སྙིང་ཆེན་པོ་བསླངས་ཡོད་ལ། གནས་ཚུལ་བཀོད་པ་ལྟར་ན། གང་ལྟར། གལ་ཏེ་ཨ་རིའི་འདེམས་དམངས་དག་གི་རེ་བ་ནི་སྔར་བཞིན་ཁོ་ཚོའི་བདམ་བྱའི་འོས་མི་ནི་ལོ་ན་གཞོན་ཞིང་གསོན་ཤུགས་ལྡན་པ་ཞིག་ཡིན་ཚེ། ཁོ་ཚོས་འདེམས་བསྐོ་ལ་དོ་སྣང་དེ་འདྲ་བྱེད་དགོས་དོན་མི་འདུག ཨ་རིའི་ཙུང་ཐུང་གི་འདེམས་བསྐོ་ཆེན་མོ་ནི་ཚང་མས་བགྲེས་པོ་མགོ་དཀར་གཉིས་ཏེ། རྣམ་རིག་ལ་གྲུང་ཤ་མེད་པའི་རྒས་འཁོགས་གཉིས་ཀྱི་གྲས་ནས་གཅིག་བདམ་དགོས་པ་དེ་ཡིན།

འཇར་མན་གྱི་གསར་འགྱུར་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་རིའི་མི་དམངས་ལ་ཙུང་ཐུང་གི་བདམ་བྱའི་འོས་མིའི་བདེ་ཐང་ཐད་རང་མཐོང་མཁྲེགས་བཟུང་གི་རེ་བཞག་ཆེན་པོ་འདུག་ལ། དེ་ནི་འདི་ལྟ་བུའི་སྙིགས་མའི་དུས་རབས་ཤིག་ལ་ཨ་རིར་ཀུན་ལས་ཁྱད་དུ་འཕགས་པའི་ཙུང་ཐུང་ཞིག་དགོས་པས་ཡིན་ལ། ཡང་གཅིག་བཤད་ན་ཨུ་རུ་སུའི་ཙུང་ཐུང་ཕའོ་ཅིན་ལྟ་བུའི་འཇོན་ཐང་ཅན་གྱི་མི་བུ་ཞིག་གི་གྲོས་མོལ་བརྒྱུད་དགོས། ཨ་རིའི་ཙུང་ཐུང་གི་ལས་འགན་ནི་བྲེལ་ཟིང་ཤིན་ཏུ་ཆེ་བས་ལུས་ཕུང་བདེ་ཐང་གི་རྣམ་པ་བཟང་བོ་ཞིག་ལྡན་ཚེ་ད་གཟོད་ཀུན་ལ་སྔར་ལས་ལྷག་པའི་ཡིད་ཆེས་ཡོད། ཨོ་པྰ་མས་ལོ་རེ་རེར་གཟུགས་གཞིའི་ཕྱོགས་ཡོངས་ཀྱི་ཞིབ་བཤེར་ཁྱབ་བསྒྲགས་བྱེད་པ་དང་། ལུས་རྩལ་སྦྱོང་བརྡར་ལ་དགའ་བའི་ཙུང་ཐུང་འདིའི་གཟུགས་གཞིའི་བདེ་ཐང་གི་རྣམ་པ་ལེགས་ནའང་། འོན་ཀྱང་གཟུགས་གཞིའི་ཞིབ་བཤེར་ལས་མངོན་པར་གསལ་བ་ནི། ཨོ་པྰ་མ་ཐོག་མར་ཙུང་ཐུང་ལ་་བདམས་ནས་ལོ་ངོ་བཞི་མ་གཏོགས་སོང་མེད་ནའང་། གཟུགས་གཞི་ལོ་ངོ་བརྒྱད་ཀྱིས་རྒས་འདུག

དེ་སྔོན་ཞའེ་ལ་ལེ་ཡིས་ཨ་རིའི་འདེམས་བསྐོ་ཆེན་མོ་ལ་ཨུ་རུ་སུའི་སྨྱན་བྱེད་དང་དྲྭ་དམངས་ཀྱིས་ཐེ་གཏོགས་དང་ཁོ་མོའི“བདེ་ཐང”ལ་འཕྱ་སྨོད་སྣ་ཚོགས་བྱས་པར་སྐྱོན་བརྗོད་བྱས་ཤིང་། ཚེས་བཅུ་གཉིས་ཉིན་གྱི“ཨུ་རུ་སུའི་གླེང་མོལ”དྲྭ་ཚུགས་སུ་བཀོད་པ་ལྟར་ན། ཞའེ་ལ་ལེ་ཡི་སྙུང་གཞིའི་གནས་ཚུལ་ལ་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཏའོ་མ་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕའེ་ཨར་ཁའུ་ཧྲི་ཧྥོ་ཡིས་བསྟན་དོན། ཞའེ་ལ་ལེ་ཡི་བདེ་ཐང་གི་གནས་ཚུལ་ནི་ཨ་རིའི་འདེམས་བསྐོའི་ཁྲོད་ཀྱི་གནད་དོན་གཙོ་ཤོས་ཤིག་ཡིན་ལ། དོན་རྐྱེན་འདིའི་རྗེས་སུ། ཁོ་མོ་རང་ཉིད་ཀྱི་བདེ་ཐང་གི་གནས་ཚུལ་ལ་ཡང་བསྐྱར་གཞོལ་དཀའ་བའི་གནས་སུ་གྱུར་ཡོད། ཕྱོགས་ཡོངས་ཀྱི་མངོན་ཚུལ་ལྟར་ན། ཨ་རིའི་འདེམས་དམངས་དག་གིས་ཁོ་མོའི་བདེ་ཐང་གི་གནད་དོན་དེ་རང་དགར་མི་འཇོག་པ་ཁག་ཐེག་ཡིན་ཞིང་། ཨུ་རུ་སུའི་དྲྭ་དམངས་ཀྱིས་སྤྱི་ཚོགས་དྲྭ་ཚུགས་སྟེང་དུ། “རྨོ་མོའི་དབུགས་ཀྱི་རྒྱུ་བའང་ལེན་དཀའ་ནའང་། ད་དུང་ཙུང་ཐུང་འདེམས་བསྐོ་རུ་ཞུགས་པར་བྱེད། དེ་བས་ཁོ་མོ་སྨན་ཁང་དུ་སོང་ནས་རང་ཉིད་ཀྱི་ཀླད་པར་སྨན་བཅོས་བྱས་ན་ལེགས། གཟུགས་གཞིས་རང་ལྕོགས་མི་ཐུབ་ནའང་། ད་དུང་བདམ་ཐོན་གྱི་འགྲན་བསྡུར་ལ་ཞུགས་པར་བྱེད། ཡིན་ནའང་ཨ་རིའི་མི་དམངས་ནི་རང་ཉིད་ཀྱི་གདམ་ཀ་ལ་རྨོངས་མི་སྲིད།” ཅེས་དྲན་འཆར་བཀོད་ཡོད།

ཚེས་བཅུ་གཉིས་ཉིན་གྱི་ཨུ་རུ་སུའི་རྒྱན་ཕྲན་མཉམ་འབྲེལ་དྲྭ་བའི་སྟེང་ཕྱི་འབྲེལ་ཆེད་མཁས་པ་ཞིག་གིས་ལུང་དྲངས་ཏེ་བརྗོད་པ་འདི་ལྟ་སྟེ། ཞའེ་ལ་ལེ་ཡི་བདེ་ཐང་གིས་ཨ་རིའི་འདེམས་དམངས་རྣམས་སེམས་ཁུར་གྱི་གནས་སུ་ལྷུང་དུ་བཅུག་ཡོད་ལ། དེ་བས་དམངས་གཙོའི་ཏང་གིས་ཨུ་རུ་སུ་དང་ཨུ་རུ་སུའི་ཙུང་ཐུང་ཕའོ་ཅིན་གྱི་འདེམས་དམངས་འགུག་པའི་བྱེད་ཐབས་ལ་ཤུགས་དྲག་པོས་སྐྱོན་བརྗོད་བྱས།

“མགོ་ཁྲིད་མི་སྣས་བདེ་ཐང་གི་གནས་ཚུལ་དེ་ཁྱབ་སྒྲོག་བྱེད་དགོས་སམ་མི་དགོས།”ཞེས་དབྱིན་ཇིའི«དངུལ་རྩའི་དུས་རབས་ཚགས་པར»དུ་བཀོད་ཡོད། ཨ་རིའི་ཙུང་ཐུང་ནི་འཛམ་གླིང་སྟེང་ཆེས་དབང་ཤུགས་ལྡན་པའི་ལས་གནས་དེ་ཡིན་ལ། དབང་སྒྱུར་བ་སུ་ཞིག་གི་གོ་གནས་དང་བསྡུར་ནའང་དབང་ཤུགས་ཆེ་བ་ཡིན། ཡིན་ནའང་། ནུས་ཤུགས་ལྡན་པའི་རུ་དཔུང་ཞིག་མེད་ཚེ། ཙུང་ཐུང་སུ་ཞིག་ཡིན་ཡང་རྒྱུན་ལྡན་གྱི་ལམ་ནས་བྱ་བ་བསྒྲུབ་དཀའ་ཞིང་། རྒྱུ་མཚན་ནི་སྐམ་མཚོ་མཁའ་གསུམ་གྱི་སྤྱི་ཁྱབ་བཀོད་འདོམས་པ་ཡིན་ནའང་རྣམ་པ་མི་ལེགས་པའི་སྐབས་ཡོད་པ་རེད། ཁོ་ཚོར་ཡང་བདེ་ཐང་གི་གནད་དོན་འབྱུང་སྲིད་པ་རེད། གནས་ཚུལ་བཀོད་པ་ལྟར་ན། དེ་སྔོན་ཨ་རིའི་སྲིད་འཛིན་མི་སྣ་དང་ཚོང་དོན་གྱི་མགོ་ཁྲིད་མི་སྣས་རང་ཉིད་ཀྱི་བདེ་ཐང་གི་གནས་ཚུལ་ནམ་ཡང་སྤྱི་སྒྲོག་མི་བྱེད། ཀུ་ཤུའི་གསར་གཏོད་པ་ཆའོ་པའོ་སི་ནང་བཞིན་གཏམ་ཡན་འབྱུང་སྲིད། དེར་བརྟེན། ཐའུ་ལང་ཕའོ་དང་ཞའེ་ལ་ལེ་གཉིས་ཀྱིས་ཁོ་ཚོ་རང་ཉིད་ཀྱི་ཆེས་གསར་བའི་བདེ་ཐང་གི་འབྲེལ་ཡོད་ཞིབ་བརྗོད་གནས་ཚུལ་དེ་རབ་ཡིན་ན་སྨན་པས་གཟབ་ནན་སྒོས་ཆེད་ལས་ཀྱི་རྣམ་འགྱུར་བཟུང་ནས་བྲིས་པ་དེ་འདོན་སྤྲོད་བྱ་འོས།

ལོ་ཙཱ་བ། དངོས་སྦྱོང་སློབ་མ་བསོད་ནམས་བཀྲ་ཤིས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།