ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱལ་སྤྱིའི་སྐབས་དོན་རྒྱས་བཤད།

ཕེའོ་ཅིན་ཧོས་ལ་ནམ་གུང་བར་དུ་བརྟག་དཔྱད་འདྲི་ཞིབ་བྱས་པ་དང་ཉེས་མིང་བཅུ་གསུམ་བགྲངས།

སྤེལ་དུས། 2017-03-22 12:09:56   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་རིན་མཚོ།

5.jpg

ས་དེའི་ཚེས་ཉེར་གཅིག་ཉིན། ཧན་གོའི་ལོ་རྒྱུས་སྟེང་ནག་ཉེས་ཐེར་འདོན་བྱས་པའི་མི་སྣ་ཐོག་མ་ཧན་གོའི་ཙུང་ཐུང་ཟུར་པ་ཕེའོ་ཅིན་ཧོས་ཧྲིག་ཨར་གྱི་ཀྲུང་དབྱང་ས་གནས་ཞིབ་དཔྱོད་ཁང་ནས་བརྟག་དཔྱད་འདྲི་ཞིབ་དང་ལེན་བྱས་པ།

ས་དེའི་ཚེས་ཉེར་གཅིག་ཉིན། ནག་ཉེས་ཐེར་འདོན་བྱས་པའི་ཧན་གོའི་ཙུང་ཐུང་ཟུར་པ་ཕེའོ་ཅིན་ཧོས་ཀྱིས་དོགས་ཡོད་ཉེས་ཅན་གྱི་ཐོབ་ཐང་བཟུང་ནས་ཧན་གོའི་ཞིབ་དཔྱོད་ཁང་དམིགས་བསལ་བརྟག་དཔྱད་ཁང་གི་བརྟག་དཔྱད་དང་ལེན་བྱས། ཧན་གོའི་ཞིབ་དཔྱོད་ཁང་ཕྱོགས་ཀྱིས་ཕེའོ་ཅིན་ཧོས་ལ་ཉེས་མིང་བཅུ་གསུམ་བགྲངས་ལ། དེའི་ནང་དུ་ལྐོག་རྔན་བླངས་པའི་ཉེས་པ་དང་། དབང་ཆ་གང་འདོད་དུ་བཀོལ་བའི་ཉེས་པ། གསང་བ་ཕྱིར་ཤོར་བའི་ཉེས་པ་སོགས་འདུ།

བརྟག་དཔྱད་ནི་ཉིན་དེའི་སྔ་དྲོ་ནས་མགོ་བརྩམས་ཏེ་ནམ་གུང་ད་གཟོད་མཚམས་བཞག དེའི་སྔོན་ལ་ཧན་གོའི་སྨྱན་བྱད་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཕར་རྒོལ་དང་འགོག་སྲུང་དྲག་པོ་བྱེད་ངེས་ལ། བརྟག་དཔྱད་མཇུག་རྫོགས་རྗེས། ཧན་གོའི་ཞིབ་དཔྱོད་ཁང་གིས་ཕེའོ་ཅིན་ཧོས་འཛིན་བཟུང་བྱེད་པའི་རེ་འདོད་ཞུ་མིན་ལ་བསམ་གཞིགས་ནན་མོ་གཏོང་ངེས་ཟེར།

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ནས་ཕྱིར་ཧྲིག་ཨར་གྲོང་ཁྱེར་གྱི་སན་ཁྲིན་ཏུང་ན་ཡོད་པའི་སྒེར་གྱི་གཞིས་ཀར་ལོག་རྗེས། ཕེའོ་ཅིན་ཧོས་ཁང་པའི་ནང་དུ་འཛུལ་ནས་ཕྱིར་མ་བུད་པ་དང་། ཐེངས་འདི་ནི་ཁོ་མོ་ཐོག་དང་པོར་ཁང་པའི་ནང་ངས་ཕྱིར་བུད་པ་རེད། ས་དེའི་ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་དགུ་དང་སྐར་མ་ཉེར་གསུམ་སྟེང་། ཕེའོ་ཅིན་ཧོས་ཞིབ་དཔྱོད་ཁང་གི་སྒོ་ཁར་ཐོན་མོད། ཡིན་ན་ཡང་ཁོ་མོས་ཞིབ་དཔྱོད་ཁང་གི་སྒོ་ཁ་རུ་སྒུག་ཡོད་པའི་གསར་འགོད་པ་མང་པོས་བཏོན་པའི་དྲི་བར་ལན་མ་བཏབ་པར། རྒྱལ་དམངས་རྣམས་ལ་དགོངས་དག་ཞུས། ངས་བརྟག་དཔྱད་འདྲི་ཞིབ་བྱ་བར་གཞོགས་འདེགས་བཟང་པོ་བྱ་རྒྱུ་ཡིན་ཞེས་བཤད།

ཕེའོ་ཅིན་ཧོས་ནི་ལུའུ་ཐེ་ཡུས་དང་ཆོན་ཏིག་ཧོན། ལུའུ་ཝུའུ་ཞོན་བཅས་ཀྱི་རྗེས་སུ། ཧན་གོའི་ཁྲིམས་སྲིད་ལོ་རྒྱུས་སྟེང་ཞིབ་དཔྱོད་ཁང་གིས་ཁྲིམས་སར་འབོད་འགུག་བྱས་པའི་ཙུང་ཐུང་བཞི་བ་ཡིན་ལ། ཁོ་མོ་ནི་ཧྲིག་ཨར་གྱི་ཀྲུང་དབྱང་ས་གནས་ཞིབ་དཔྱོད་ཁང་ནས་བརྟག་དཔྱད་འདྲི་ཞིབ་དང་ལེན་བྱས་པའི་ཙུང་ཐུང་ཟུར་པ་ཐོག་མ་རེད། ཞིབ་དཔྱོད་ཕྱོགས་དང་རང་ཚུགས་ཞིབ་བཤེར་ཚན་ཁག་གི་དེ་སྔོན་གྱི་བརྟག་དཔྱད་ཁྲོད་དུ། ཕེའོ་ཅིན་ཧོས་ལ་ཉེས་མིང་བཅུ་གསུམ་བགྲངས་ཡོད། དེའི་ནང་དུ་ལྐོག་རྔན་བླངས་པའི་ཉེས་པ་དང་དབང་ཆ་གང་འདོད་དུ་བཀོལ་བའི་ཉེས་པ། སྤྱི་དོན་གསང་བ་ཕྱིར་ཤོར་བའི་ཉེས་པ་སོགས་འདུ།

ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་ཞིབ་དཔྱོད་ཁང་ཕྱོགས་ཀྱིས་ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སོ་ལྔའི་སྟེང་བརྟག་དཔྱད་འདྲི་ཞིབ་བྱེད་མགོ་བརྩམས་པ་དང་། ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་ལ་བརྟག་དཔྱད་འདྲི་ཞིབ་བྱས། ཕྱི་དྲོ་མུ་མཐུད་ནས་བརྟག་དཔྱད་འདྲི་ཞིབ་བྱས་པ་དང་། ཆུ་ཚོད་བཞི་དང་སྐར་མ་ཉེར་ལྔར་བརྟག་དཔྱད་འདྲི་ཞིབ་བྱས། དགུང་ཟས་ཟོས་རྗེས། ཉིན་དེའི་དགོང་མོའི་དུས་ཚོད་བདུན་དང་སྐར་མ་བཅུའི་སྟེང་། བརྟག་དཔྱད་འདྲི་ཞིབ་མུ་མཐུད་དུ་བྱས་པ་དང་། ཚོད་དཔག་བྱས་པ་ལྟར་ན་ནམ་གུང་བར་དུ་བརྟག་དཔྱད་འདྲི་ཞིབ་བྱས་ཟེར།

ཉིན་དེའི་ཕྱི་དྲོར། ཧན་གོའི་ཞིབ་དཔྱོད་ཁང་དམིགས་བསལ་བརྟག་དཔྱད་ཁང་གི་འབྲེལ་ཡོད་འགན་ཁུར་པས་ཕེའོ་ཅིན་ཧོས་ཀྱིས་རྣམ་འགྱུར་བཟང་པོས་ཞིབ་དཔྱོད་ཕྱོགས་ཀྱི་བརྟག་དཔྱད་དང་ལེན་བྱས་པ་དང་། ཁ་རོག་ཏུ་བསྡད་ཆོག་པའི་དབང་ཆ་ལག་བསྟར་མ་བྱས། ཡིན་ན་ཡང་ཕེའོ་ཅིན་ཧོས་ཀྱིས་ཞིབ་དཔྱོད་ཕྱོགས་ཀྱིས་བརྟག་དཔྱད་འདྲི་ཞིབ་ཀྱི་ནང་དོན་བརྙན་ཕབ་བྱེད་པར་ངོ་རྒོལ་བྱས་ཟེར།

ཕེའོ་ཅིན་ཧོས་འབོད་འགུག་བྱས་པའི་ཉིན་དེར་ཧན་གོའི་ཞིབ་དཔྱོད་ཁང་དམིགས་བསལ་བརྟག་དཔྱད་ཁང་གིས་ཧྲིག་ཨར་གྱི་ཀྲུང་དབྱང་ས་གནས་ཞིབ་དཔྱོད་ཁང་ལ་བཀག་སྡོམ་དམ་པོ་བྱེད་པའི་བྱེད་ཐབས་སྤྱད་པ་དང་། ཐ་ན་སྨྱན་བྱད་ཁག་གིས་གནམ་གྲུའི་བརྙན་ཕབ་འཕྲུལ་ཆས་བཀོལ་ནས་ཞིབ་དཔྱོད་ཁང་གི་བར་སྣང་ནས་བརྙན་ཕབ་བྱེད་པར་ཡང་བཀག་འགོག་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕེའོ་ཅིན་ཧོས་ལ་བརྟག་དཔྱད་འདྲི་ཞིབ་བྱེད་ཆེད། ཞིབ་དཔྱོད་ཕྱོགས་ཀྱིས་འདྲི་བྱའི་ནང་དོན་ཤོག་ངོས་བརྒྱ་ལྷག་གྲ་སྒྲིག་བྱས་པ་དང་། དྲི་བ་ཉིས་བརྒྱ་ལྷག་ཡོད་ཟེར། ཞིབ་དཔྱོད་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཙུང་ཐུང་ཟུར་པར་བརྟག་དཔྱད་འདྲི་ཞིབ་བྱེད་པའི་དམིགས་བསལ་རང་བཞིན་ལ་བསམ་གཞིགས་བཏང་ནས། ཐེངས་གཅིག་ལ་བརྟག་དཔྱད་འདྲི་ཞིབ་བྱས་ནས་ཚར་དུ་འཇུག་རྒྱུ་ཡིན་པ་དང་། ཡང་བསྐྱར་འབོད་འགུག་མི་བྱེད་ཟེར།

ཚོད་དཔག་བྱས་ན་བརྟག་དཔྱད་འདྲི་ཞིབ་ཀྱི་ནང་དོན་གཙོ་བོ་ནི་ཕེའོ་ཅིན་ཧོས་དང་ཚོས་ཧྲུན་ཧྲི་གཉིས་ཀྱིས་མཉམ་འབྲེལ་སྒོས་སན་ཞིན་སྡེ་ཚོགས་ཀྱི་ཧན་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་གསུམ་གྱི་ལྐོག་རྔན་བླངས་པ་དང་། ཁེ་ལས་ཆེ་གྲས་ཁག་ལ་བཙན་གྱིསMirའབྱོར་ལྡན་ཚོགས་པ་དངKལུས་རྩལ་འབྱོར་ལྡན་ཚོགས་པར་ཧན་སྒོར་དུང་ཕྱུར་བཞི་བརྒྱ་སུམ་ཅུ་ཡི་མ་དངུལ་གཏོང་དུ་བཅུག་ལ། ཚོས་ཧྲུན་ཧྲི་ལ་རྒྱལ་ཁབ་ཀྱི་གསང་བ་ཞེ་བདུན་བཤད་པ་སོགས་ཀྱི་དོགས་གཞི་ཡིན་ངེས།

ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བཤད་རྒྱུར། ལྐོག་རྔན་བླངས་པའི་ནག་ཉེས་ལ་ཁྲིམས་ཆད་གཅོད་ཚད་ཆེས་ལྕི་བས། ཚོད་དཔག་བྱས་ན་ཞིབ་དཔྱོད་ཕྱོགས་དང་ཕེའོ་ཅིན་ཧོས་ཕྱོགས་ཀྱིས་ཉེས་མིང་དེར་དམིགས་ནས་རྩོད་གླེང་བྱེད་སྲིད་ཟེར། འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། གལ་ཏེ་ལྐོག་རྔན་བླངས་ཚད་ཧན་སྒོར་དུང་ཕྱུར་གཅིག་ལས་བརྒལ་ཚེ། ཉེས་ཅན་ལ་ཚེ་བཙོན་དང་ཡང་ན་ལོ་བཅུའི་ཡན་ལ་བཙོན་འཇུག་བྱེད་པའི་ཁྲིམས་ཆད་གཅོད་དགོས།

བརྟག་དཔྱད་འདྲི་ཞིབ་མཇུག་རྫོགས་རྗེས། ཧན་གོའི་ཞིབ་དཔྱོད་ཕྱོགས་ཀྱིས་སྔར་ལས་གཟབ་ནན་གྱི་བརྟག་དཔྱད་དང་གྲོས་སྡུར་བྱས་རྗེས། ཕེའོ་ཅིན་ཧོས་འཛིན་བཟུང་བྱེད་པའི་རེ་བ་ཞུ་མིན་ལ་བསམ་གཞིགས་ཞིབ་མོ་གཏོང་རྒྱུ་རེད།

གཞན་ཡང་ཧན་གོའི་ཞིབ་དཔྱོད་ཕྱོགས་ཀྱིས་ཉེ་སྔོན SKསྡེ་ཚོགས་དང་ལི་ཐེན་སྡེ་ཚོགས་སོགས་སྲིད་དོན་ལ་ཐེ་གཏོགས་བྱས་པའི་དོན་རྐྱེན་ཁྲོད་དུ་ལྐོག་རྔན་སྤྲད་པར་དོགས་པ་ཟ་བའི་ཁེ་ལས་ཆེ་གྲས་ལ་བྱེད་ཐབས་ཉིས་སྤྱོད་ཀྱི་བརྟག་དཔྱད་བྱས། དབྱེ་ཞིབ་བྱས་པ་ལྟར་ན། ཞིབ་དཔྱོད་ཕྱོགས་ཀྱིས་ཕེའོ་ཅིན་ཧོས་མ་བོས་པའི་སྔོན་ལ། ཁེ་ལས་ཆེ་གྲས་ཀྱི་མཐོ་རིམ་དཔོན་རིགས་ལ་བརྟག་དཔྱད་བྱས་པའི་དམིགས་ཡུལ་ནི་ཕེའོ་ཅིན་ཧོས་ཀྱིས་ལྐོག་རྔན་བླངས་པའི་དོགས་གཞི་སྔར་ལས་གསལ་པོར་བྱེད་པའི་ཆེད་རེད་ཟེར།

ཧན་གོའི་སྲིད་ཕྱོགས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཕེའོ་ཅིན་ཧོས་ལ་བརྟག་དཔྱད་འདྲི་ཞིབ་བྱས་པའི་ཐད་ནས་བསམ་ཚུལ་གླེང་། ཐུན་མོང་དམངས་གཙོ་ཏང་གི་མགྲིན་ཚབ་པ་ཕེའོ་ཅོང་མེ་ཡིས་བཤད་རྒྱུར། ཕེའོ་ཅིན་ཧོས་ནི་ཁྲིམས་སྲིད་ལོ་རྒྱུས་སྟེང་གོ་གནས་བླངས་པའི་ཙུང་ཐུང་ཟུར་པ་ཐོག་མ་ཡིན་མོད། འོན་ཀྱང་ཁོ་མོས་རང་སྐྱོན་ངོས་ལེན་དང་དགོངས་དག་མ་ཞུས་པ་མ་ཟད། ཐ་ན་རྒྱལ་དམངས་ལ་ཕྱོགས་བསྡུས་ཀྱི་ཆ་འཕྲིན་ཡང་མ་སྤེལ་ཟེར།

དེས་མི་ཚད་རང་དབང་ཧན་གོའི་ཏང་གི་རྒྱལ་ཚོགས་ཀྱི་འཐུས་མི་ཀྲིན་ཡུས་ཙི་དང་། རྒྱལ་དམངས་ཏང་གི་རྒྱལ་ཚོགས་ཀྱི་འཐུས་མི་ཀྲུའུ་ཧྲིན་རུང་སོགས་ཀྱིས་ཀྱང་ཞིབ་དཔྱོད་ཕྱོགས་ཀྱིས་བཅའ་ཁྲིམས་དང་རྩ་དོན་ལྟར་དུ་བརྟག་དཔྱད་བྱས་ཏེ་དོན་རྐྱེན་ལ་རྩད་གཅོད་གསལ་པོ་བྱེད་དགོས་བའི་འབོད་སྐུལ་བཏང་།
དེ་དང་མཉམ་དུ། ཧྲིག་ཨར་གྱི་ཀྲུང་དབྱང་ས་གནས་ཞིབ་དཔྱོད་ཁང་གི་སྒོ་མདུན་ནས། ཕེའོ་ཅིན་ཧོས་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་དང་རྒྱབ་སྐྱོར་བྱེད་པའི་ཕྱོགས་ཁག་བར་དུ་འགལ་བ་བྱུང་། ཕྱོགས་གཅིག་གིས་ཕེའོ་ཅིན་ཧོས་འཛིན་བཟུང་བྱེད་དགོས་པའི་འབོད་སྐུལ་དྲག་པོ་བཏང་བ་དང་། ཕྱོགས་གཅིག་གིས་ནག་ཉེས་ཐེར་འདོན་བྱས་པ་དེར་དོན་སྙིང་མེད་ཅེས་སྐད་གསང་མཐོན་པོས་བསྒྲགས། ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་ཆེད། ཧྲིག་ཨར་ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་པ་སྟོང་གཉིས་ལྷག་ས་དེར་མངགས།

ཉིན་དེའི་ཞོགས་པར། ཧྲིག་ཨར་གྱི་ཀྲུང་དབྱང་ས་གནས་ཞིབ་དཔྱོད་ཁང་གི་ཕྱི་རོལ་ནས་ཕེའོ་ཅིན་ཧོས་ལ་ངོ་རྒོལ་བྱེད་པའི་མང་ཚོགས་ཀྱིས་རྒྱལ་དམངས་ལ་མགོ་བསྐོར་བཏང་བའི་ཕེའོ་ཅིན་ཧོས་འཛིན་བཟུང་བྱེད་དགོས་ཞེས་དང་རྒྱལ་སྲིད་སྒེར་སྡོམ་བྱས་པའི་ཕེའོ་ཅིན་ཧོས་འཛིན་བཟུང་བྱེད་དགོས་ཞེས་སོགས་བྲིས་པའི་རས་བྱང་མཐོན་པོར་བཏེགས། ཕྱོགས་གཞན་ནས་ཕེའོ་ཅིན་ཧོས་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་ཀྱིས་དར་ཆ་མཐོན་པོར་བསྒྲེངས་ནས་ནག་ཉེས་ཐེར་འདོན་བྱས་པ་དེར་ནུས་པ་མེད། རྒྱལ་ཚོགས་གཏོར་དགོས། ཕེའོ་ཅིན་ཧོས་ལ་ཉེས་པ་མེད་སོགས་ཀྱི་ཁ་གཡང་བསྒྲགས།

ལོ་ཙཱ་བ། ཤ་བོ་རིན་མཚོ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།