དུས་བབས་དང་མཐུན་པའི་སྲིད་ཇུས་ལེགས་སྒྲིག་གི་སྤོབས་པ་མངོན་དགོས།
སྤེལ་དུས།  2011-08-01 14:16:07    རྡེབ་ཚད།     ཡོང་ཁུངས། 

   ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་སྟེང་བཀོད་པའི་དཔྱད་བརྗོད་པ་ཏིན་ཀང་གི་རྩོམ་ཡིག
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིན་ཏོན་ཞིས་ལ་ལིས་ཀྱིས་ཉིན་འགའི་སྔོན་ལ་བཤད་རྒྱུར། ཨ་མེ་རི་ཁ་ནི“ཨེ་ཤ་ཡ་གླིང་དུ་བཅའ་སྡོད་བྱེད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཏེ། ཕྱི་འབྲེལ་ལམ་ཡང་ན་དམག་དོན་ཐད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་མ་ཟད། ད་དུང་ཨེ་ཤ་ཡ་གླིང་དུ་བཅའ་སྡོད་བྱེད་པའི་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན”ཟེར།
ཨ་མེ་རི་ཁ་གནའ་ནས་བཟུང་ཨེ་ཤ་ཡ་གླིང་དུ་ཁ་བྲལ་མ་མྱོང་ལ། ཨ་མེ་རི་ཁ་ཡང་མཐའ་གཅིག་ཏུ་ས་ཁུལ་དེར་གནས་པའི་ཆེས་སྟོབས་ལྡན་གྱི་དཔལ་འབྱོར་དང་དམག་དོན་རྒྱལ་ཁབ་ཅིག་ཡིན། བསྐྱར་ལོག་ཅེས་པ་ཡང་ཨ་མེ་རི་ཁས་སྔོན་ཆད་འཇིགས་སྐུལ་ངོ་རྒོལ་གྱི་རྐྱེན་གྱིས་རང་གི་འཐབ་ཇུས་གནད་ས་དེ་ཁ་གཞན་ལ་བསྒྱུར་བར་བསྟན་པ་ཡིན་ལ། རྗེས་ཕྱོགས་ཨ་མེ་རི་ཁའི་འཐབ་ཇུས་གནད་ས་དེ་ཨེ་ཤ་ཡ་གླིང་ལ་ཕྱོགས་ལྷུང་བྱ་རྒྱུ་དེ་རེད། དུས་སྐབས་རེ་རེར། ཝ་ཧྲེང་ཏོན་གྱིས་ནམ་ཡང་རང་ལ་འཕྲད་པའི་འགྲན་རྩོད་གཞིར་བཟུང་ནས་དེའི་འཐབ་ཇུས་གནད་ས་ལེགས་སྒྲིག་བྱེད་སྲིད། ཡིན་ནའང་གནད་ས་གཉིས་ལ་འགྱུར་རྒྱུ་མེད་དེ། གཅིག་ནི་ཨ་མེ་རི་ཁའི་ཕྱི་ཕྱོགས་འཐབ་ཇུས་ནི་ནམ་ཡང་རྒྱལ་ནང་གི་ཆབ་སྲིད་ཀྱིས་ཐག་བཅད་ཡོད་པ་ཞིག་རེད། ཝ་ཧྲེང་ཏོན་གྱི་མིག་སྔའི་ཆེས་ཆེ་བའི་ཆབ་སྲིད་ནི་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་དང་། ལས་ཤོར་ཉུང་དུ་གཏོང་རྒྱུ་དེ་ཡིན་ཞིང་། ཨེ་ཤ་ཡ་གླིང་ནི་འཛམ་གླིང་གི་དཔལ་འབྱོར་ཐད་ཆེས་གསོན་ཤུགས་ཆེ་ཞིང་། ཆེས་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་བའི་ས་ཁོངས་ཤིག་ཡིན་པས། ཆུ་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ཨེ་ཤ་ཡ་གླིང་བདག་འཛིན་ཐུབ་ཚེ་ཨ་མེ་རི་ཁའི་དཔལ་འབྱོར་གྱི་འབྱུང་འགྱུར་བཟུང་བ་འདྲ། གཉིས་ནི་ཝ་ཧྲེང་ཏོན་གྱིས་རེ་སྙེག་བྱེད་པའི་འཐབ་ཇུས་དམིགས་འབེན་དེ་ཐོག་མཐའ་བར་གསུམ་དུ་ཨ་མེ་རི་ཁ་གཙོ་བོ་ཡིན་པའི་གྲུབ་སྟངས་ཤིག་འཛུགས་པ་དང་དེ་སྲ་བརྟན་དུ་གཏོང་རྒྱུ་དེ་རེད།
ཨེ་ཤ་ཡ་གླིང་གི་འཕེལ་རྒྱས་དེ་མིག་སྔར་གནད་འགག་གི་དུས་སུ་གནས་ཡོད། དཔལ་འབྱོར་མགྱོགས་མྱུར་ངང་འཕར་སྣོན་འབྱུང་བཞིན་པ་དང་། ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། ཁྱབ་ཁོངས་ལ་ལར་སྔར་ཡོད་ཀྱི་ནང་རྐྱེན་རྙིང་པ་ལས་འགག་སྒྲོལ་བྱེད་བཞིན་ཡོད་པ་དང་། ནང་རྐྱེན་གསར་པ་ཆགས་པར་མནོ་བསམ་གཏོང་བཞིན་མཆིས་ལ། ཡང་ཁྱབ་ཁོངས་ལ་ལར་རང་ལ་གཞི་ནས་ནང་རྐྱེན་ཟེར་བ་ཞིག་གི་མིང་ཙམ་མེད་རུང་ད་ལྟ་ནང་རྐྱེན་དེ་འཛུགས་པར་ཚོད་ལྟ་བྱེད་བཞིན་ཡོད། བཙུགས་ཟིན་པའི་རང་དབང་ཉོ་ཚོང་ས་ཁུལ་འགའ་རེ་ལ་ཆབ་སྲིད་དང་བདེ་འཇགས་ཀྱི་ནང་རྐྱེན་ཆ་སྒྲིག་པའི་གནད་དོན་གནས་ཤིང་། རྗེས་ཕྱོགས་སྔར་ལྟར་རྒྱུན་ཆད་མེད་པར་ཧྲིལ་བསྡུས་བྱེད་ངེས། ཁེ་ཕན་གྱི་འབྲེལ་བ་སྣ་ཚོགས་ཕན་ཚུན་རྐྱ་འཐབ་ཅིང་རྙོག་འཛིང་ཡིན་པའི་སྟབས་ཀྱིས། རྒྱལ་ཁབ་ཚང་མས་འབྱུང་འགྱུར་གྱི་གྲུབ་སྟངས་ཁྲོད་རང་ཉིད་ཕན་པའི་གོ་གནས་ཤིག་འཛིན་འདོད་ཆེ། དེ་འདྲའི་རྒྱབ་ལྗོངས་ལ་བརྟེན་ནས། ཨ་མེ་རི་ཁའི“ཨེ་ཤ་ཡ་གླིང་དུ་བསྐྱར་ལོག”བྱེད་པའི་བསམ་བློ་གཏོང་ཚད་མང་པོའི་ཁྲོད། རང་གི་གཙོ་ཁྲིད་གོ་གནས་སྲ་བརྟན་དུ་གཏོང་རྒྱུ་དེ་རྒྱལ་ཁབ་རང་གི་ཁེ་ཕན་འགན་སྲུང་བྱེད་པའི་ཡུན་རིང་གི་འཆར་གཞི་ཞིག་ཏུ་བརྩི་བཞིན་ཡོད།
ཝ་ཧྲེང་ཏོན་གྱིས། རྗེས་ཕྱོགས་ཀྱི་ནང་རྐྱེན་ཁྲོད། ཨ་མེ་རི་ཁས་སྔོན་ཆད་ནང་ལྟར་ཧམ་དབང་བྱེད་མི་ཆོག་པར། དེས་ཅིས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་ཨེ་ཤ་ཡ་གླིང་གི་རྒྱལ་ཁབ་དག་ལ་ཁེ་ཕན་ཁག་བགོས་ནས་ལོངས་སྤྱོད་བྱེད་དགོས་པ་དེ་མི་ཤེས་པ་མིན། ཨ་མེ་རི་ཁས་སྔར་ཡོད་ཀྱི་ཁེ་ཕན་ལ་གང་ནུས་ཅི་ལྕོགས་ཀྱིས་གནོད་སྐྱོན་ཐེབས་སུ་མི་འཇུག་པ་འགན་སྲུང་བྱེད་པའི་བསམ་བློ་གཏོང་སྟངས་དེ་ལ་རང་སྟེང་གི་གཏན་ཚིགས་ཡོད་ལ། གནད་དོན་ནི་སྔར་ཡོད་ཀྱི་ཁེ་ཕན་ལ་ལ་ཞིག་ཏག་ཏག་ཧམ་དབང་གཉེར་བར་བརྟེན་ནས་འཐོབ་པ་ཞིག་རེད། ནང་རྐྱེན་གསར་བ་འཛུགས་པར་དམིགས་ནས། ཨ་མེ་རི་ཁར་ཨེ་ཤ་ཡ་གླིང་གི་རྒྱལ་ཁབ་སྤྱི་དང་། ནང་སྒོས་སུ་གསར་དར་ཚོང་རའི་རྒྱལ་ཁབ་ཁག་བར་ལ་ཛ་དྲག་གི་རྩད་བསྡུར་འབྱུང་ངེས་བ་མ་ཟད། ད་དུང་ཨ་མེ་རི་ཁའི་རྒྱལ་ནང་གི་ཆབ་སྲིད་དང་། དེ་མིན་ད་དུང་ཁེ་ཕན་ཚོགས་པ་མི་འདྲ་བའི་བར་དུའང་ཛ་དྲག་གི་རྩད་བསྡུར་འབྱུང་སྲིད། དཔེར་ན། ཨ་མེ་རི་ཁའི་གཞི་ཁྱོན་ཆེ་བའི་དམག་ཆས་བཟོ་ལས་ཚོགས་པས་ཁེ་ཕོགས་ཁོ་ན་སྙེགས་པར་དམིགས་ནས། ཝ་ཧྲེང་ཏོན་གྱིས་ཧམ་དབང་གཉེར་བར་ཁ་གཡར་ཏེ་ས་ཁུལ་གྱི་འགལ་བ་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། དམག་སྤྱོད་མཚོན་ཆ་སྔར་ལས་མང་པོ་ཞིག་རྒྱལ་ཁབ་དེ་དག་ལ་འཚོང་འདོད་ཡོད་པ་ལྟ་བུ་རེད།
  ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་གྲུབ་སྟངས་སྣ་མང་འཛུགས་མཁན་དང་དེ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པའི་ངོས་ནས། ཨ་མེ་རི་ཁས་ཕྱིན་ཆད་ཇི་ལྟར་ཀྲུང་གོར་འགྲོགས་འདྲིས་བྱེད་རྒྱུ་ཡིན་པ་དང་། སེམས་བསམ་པའི་གཏིང་ནས་ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་ས་ཁོངས་རང་གི་གར་སྟེགས་དཀྱིལ་དབུས་སུ་ལངས་ཡོད་པའི་དོན་དངོས་དེ་དང་ལེན་བྱེད་ཐུབ་མིན། རྒྱལ་ཁབ་འགའ་རེ་ཡིས་རྗེས་ཕྱོགས་ཇི་ལྟར་ཨ་མེ་རི་ཁ་བེད་སྤྱད་ནས་ཀྲུང་གོར་དོ་མཉམ་བྱེད་རྒྱུ་ཡིན་པ་བཅས་ཚང་མས་ཐད་ཀར་དུ་ས་ཁོངས་ཀྱི་རྗེས་ཕྱོགས་བརྟན་འཇགས་ལ་ཤུགས་རྐྱེན་བཟོ་སྲིད། ཡིན་ནའང་། རྒྱུ་རྐྱེན་དེ་དག་གིས་བསྐྱེད་པའི་ནུས་པ་ནི། ཆུ་ཚད་ངེས་ཅན་ཞིག་གི་སྟེང་ནས་ཨ་མེ་རི་ཁས་ཧམ་དབང་གཉེར་བའི་འདོད་རྔམས་ཆེན་པོ་དེར་རང་ཚོད་འཛིན་ཐུབ་མིན་ལ་རགས་ལས་ཡོད།
  ཨ་མེ་རི་ཁར་མིག་རྒྱང་རིང་བའི་འཐབ་ཇུས་མཁས་བ་མེད་པ་མིན། ཨ་མེ་རི་ཁའི་ལོ་རྒྱུས་རིག་པའི་མཁས་བ་པོ་ལོ་ཁིན་ཉིས་ཏིས་ཀྱིས་སྔོན་ཆད་ནས་ཉེན་བརྡ་གཏོང་བའི་ཚུལ་དུ། བཙན་རྒྱལ་རིང་ལུགས་རྒྱ་སྐྱེད་པའི་རང་གཤིས་ཀྱིས་མཐའ་མར་རང་ཉིད་ཅིས་ཀྱང་ཉམས་རྒུད་འགྲོ་སྲིད་ཅེས་བཤད། པུའུ་རེ་ཅིན་སི་ཅི་ཡིས་ཀྱང་། མ་འོངས་པ་ན་ཨ་མེ་རི་ཁར་གནས་པའི་ཆེས་ཆེ་བའི་འགྲན་རྩོད་ནི་དབང་ཆ་ཨེ་ཤ་ཡ་ཤར་མར་བསྒྱུར་བ་དེ་ལས་ཅང་མེད་ཅེས་སྔོན་དཔག་བྱས་མྱོང་། ཝ་ཧྲེང་ཏོན་ལ་མཚོན་ནས་བཤད་ན། དཀའ་ལས་ཆེས་ཆེན་པོ་ཞིག་ཡོད་པ་ནི་གསལ་ཐག་ཆོད་པའི་ངོས་ཟིན་དེ་དངོས་ཡོད་ཀྱི་སྲིད་ཇུས་ལེགས་སྒྲིག་བྱེད་པའི་ཁྲོད་མཚོན་པར་བྱེད་པའི་སྤོབས་པ་མེད་པ་དེ་རེད། །

ལོ་ཙཱ་བ། ཀླུ་བྱམས།

 

支持此新闻
返回首页
དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
"
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2011 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣         青ICP备05002201号-2
西宁网站开发 西宁网站开发 中国土族 大美青海