2011ལོའི་ཟླ8ཚེས1ཉིན་གྱི«མི་དམངས་ཉིན་རེའི་ཚགས་པར»ལས་བཤུས།
ཟླ8ཚེས1ཉིན། ཧྭ་ས་ཁི་སི་ཐན་རྒྱལ་ཁབ་ལ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཨ་ཧྥུ་ཧན་དང་ཕ་ཀི་སི་ཐན་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་མ་ཁི་ཀི་ལོ་སི་མན་གྱིས་གསར་འགྱུར་སྨྱན་བྱེད་སྡེ་ཁག་ལ་བཤད་རྒྱུར། ད་རེབ་ང་རང་འཚམས་འདྲིར་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་ཧྭ་ས་ཁི་སི་ཐན་ཕྱོགས་སུ་ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུ་ཧན་ནས་ཕྱིར་འཐེན་བྱེད་སྐབས། ཧྭ་ས་ཁི་སི་ཐན་གྱི་རྒྱལ་མཚམས་ཀྱི་སྐམ་ས་བརྒྱུད་ནས་ཨ་མེ་རི་ཁའི་དམག་དཔུང་གི་དམག་ཆས་ལྕི་མོའི་རིགས་སྐྱེལ་འདྲེན་བྱེད་པར་གྲོས་བསྡུར་བྱེད་རྒྱུ་དེ་ཡིན་ཟེར། ཀི་ལོ་སི་མན་གྱིས་བཤད་རྒྱུར། དམག་ཆས་དེ་རིགས་ནི་གནམ་གྲུ་ནང་ནས་སྐྱེལ་འདྲེན་བྱེད་ཐབས་མེད་པས། ཅིས་ཀྱང་སྐམ་ས་ནས་སྐྱེལ་འདྲེན་བྱེད་དགོས་ཟེར།
ཨ་མེ་རི་ཁའི་དམག་དཔུང་གིས་ད་ལོའི་ཟླ7པ་ནས་བཟུང2014ལོའི་བར་དུ། རིམ་པ་བཞིན་ཨ་ཧྥུ་ཧན་དུ་ཡོད་པའི་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་རེད། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའམ་ཀོ་ཅ་སའོ་དང་ཨེ་ཤ་ཡ་དཀྱིལ་མའི་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་ཀྲན་མུའུ་སི་ཡིས་ཅང་མ་འགོར་བའི་སྔོན་ལ་བཤད་དོན། ཅིས་ཀྱང་འབྲེལ་ཡོད་རྒྱལ་ཁབ་དང་གྲོས་མཐུན་བཀོད་ནས། ཨ་མེ་རི་ཁའི་དམག་དཔུང་ཐེ་བའི་བྱང་ཆིངས་རྩ་འཛུགས་ཀྱི་ཨ་ཧྥུ་ཧན་དུ་སྡོད་པའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གི་དམག་ཆས་ལྕི་མོའི་རིགས་ཀྱི་བདེ་འཇགས་དང་། བདེ་བླག་ངང་ཕྱིར་འཐེན་བྱེད་པར་འགན་སྲུང་བྱེད་དགོས་ཟེར། བྱང་ཆིངས་རྩ་འཛུགས་ཀྱི་འཆར་གཞི་ལྟར་ན། ཁོ་ཚོའི་ལྕི་མོའི་རིགས་ཀྱི་དམག་ཆས་ནི་ཝུའུ་ཙི་པེ་ཁི་སི་ཐན་དང་། ཧྭ་ས་ཁི་སི་ཐན། ཨུ་རུ་སི་བཅས་ཀྱི“བྱང་ལམ།”ཐོག་གི་སྐམ་ས་བརྒྱུད་ནས་ཕྱིར་འཐེན་བྱེད་རྒྱུ་རེད། དབྱེ་ཞིབ་པས་བལྟས་ན། ཨ་མེ་རི་ཁ་དང་ཕ་ཀི་སི་ཐན་གཉིས་ཀྱི་འབྲེལ་བ་ཇེ་བཙོག་ལ་སོང་བའི་གནས་ཚུལ་འོག་ཏུ། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་གིས“བྱང་ལམ།”དེ་རང་རང་གི་དམག་དཔུང་དང་བཅས་པ་ཨ་ཧྥུ་ཧན་ནས་ཕྱིར་འཐེན་བྱེད་པའི་ལམ་གཙོ་བོ་ཞིག་ཏུ་བརྩིས་པ་དང་། ཀི་ལོ་སི་མན་ད་རེབ་ཧྭ་ས་ཁི་སི་ཐན་ལ་འཚམས་འདྲིར་སོང་བ་དེས། ཨ་མེ་རི་ཁས་ཕྱིར་འཐེན་འཆར་གཞི་དེ་ལག་བསྟར་བྱེད་མགོ་དངོས་སུ་རྩོམ་རྒྱུ་ཡིན་པ་གསལ་བཤད་བྱས།
གསར་འགྱུར་སྨྱན་བྱེད་སྡེ་ཁག་གིས་བལྟས་ན། ཨ་མེ་རི་ཁས་ཨ་ཧྥུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་ཨེ་ཤ་ཡ་དཀྱིལ་མ་ནས་བཙལ་བའི་ལམ་ལ་སྣ་གཉིས་ཡོད་དེ། གཅིག་ནི་ས་བབ་ཀྱི་ལེགས་ཆ་མངོན་གསལ་ཡོད་པ་དང་། བདེ་འཇགས་གནས་བབ་ལ་སེམས་ཁུར་བྱེད་མི་དགོས་པའི་ལམ་ཞིག་རེད། གཅིག་ནི་དེའི་ཨེ་ཤ་ཡ་དཀྱིལ་མའི་ས་ཁུལ་གྱི་ཡུན་རིང་དམག་དོན་ཁེ་ཕན་སྲུང་སྐྱོབ་བྱེད་པར་དམིགས་ནས་བཞག་པའི་ལམ་རེད་སྙམ། ཐ་ཅིས་ཁི་སི་ཐན་གྱི་ཙུང་ཐུང་གི་འཐབ་ཇུས་ཞིབ་འཇུག་སའོ་ཡི་སའོ་ཀྲུང་ཧྲ་ལིས་པོ་ཧྥུའུ་ཡིས་ཚགས་པར་ཁང་འདིའི་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁས་ཨ་ཧྥུ་ཧན་ནས་ལོ་ངོ་བཅུའི་རིང་ལ་འཇིགས་སྐུལ་ངོ་རྒོལ་དམག་འཁྲུག་བརྒྱབ་ནས། ས་ཁུལ་དེའི་བདེ་འཇགས་གནས་བབ་ཉིན་རེར་རྙོག་འཛིང་ཅན་དུ་བསྒྱུར་ཟེར། ཨ་ཧྥུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་དུས་མཚུངས་སུ། ཨ་མེ་རི་ཁས་འགན་ཁུར་སྔར་ལས་མང་པོ་ཞིག་ཕྲག་ཏུ་ཐེག་དགོས་ཞེས་ཁ་གཡོར་ས་བཙལ་ནས། འབད་པས་ས་ཁུལ་དེ་ནས་རྣམ་པ་གཞན་པའི་དམག་དོན་གནས་ས་འཚོལ་ངེས། མིག་སྔར། ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་དམག་དོན་མཉམ་ལས་ལ་ཤུགས་སྣོན་པ་དང་། ཨེ་ཤ་ཡ་དཀྱིལ་མའི་རྒྱལ་ཁབ་ཁག་གི་རྒྱལ་མཚམས་འགོག་སྲུང་ནུས་པ་ཇེ་མཐོར་གཏོང་བར་རོགས་བྱེད་པ། ཨེ་ཤ་ཡ་དཀྱིལ་མའི་ས་ཁུལ་དུ་དམག་དོན་རྨང་གཞིའི་སྒྲིག་ཆས་འཛུགས་པར་རོགས་དངུལ་སྟེར་བ་སོགས་ཀྱི་བྱེད་སྟངས་སྤྱད་ནས། རིམ་པ་བཞིན་ཨེ་ཤ་ཡ་དཀྱིལ་མའི་ས་ཁུལ་ཧྲིལ་བོའི་རྒྱལ་ཁབ་སོ་སོར་ཁོ་ཚོའི་དམག་དོན་གནས་ཐུབ་པར་འབད་བཞིན་མཆིས།
ཨེ་ཤ་ཡ་དཀྱིལ་མའི་རྒྱལ་ཁབ་ཁག་གིས་མཐའ་གཅིག་ཏུ་ཨུ་རུ་སི་དང་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཆེན་པོའི་ཁག་བར་དོ་མཉམ་ཡོང་ཐབས་ཀྱི་ཕྱི་འབྲེལ་སྲིད་ཇུས་འཚོལ་བ་ལག་བསྟར་བྱེད་ཀྱིན་ཡོད། ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུ་ཧན་ནས་ཕྱིར་འཐེན་བྱེད་པ་དེས་ཨེ་ཤ་ཡ་དཀྱིལ་མའི་རྒྱལ་ཁབ་ཁག་གིས་རང་སྟེང་གི་མཉམ་འབྲེལ་སྟོབས་ཤུགས་བཀོལ་ནས་རང་སྟེང་ནས་ས་ཁུལ་རང་གི་གནད་དོན་ཐག་གཅོད་བྱེད་པར་གོ་སྐབས་ཤིག་བསྩལ་བ་རེད་ལ། ཉེ་ལམ་ཡང་ཧྭ་ས་ཁི་སི་ཐན་དང་། ཐ་ཅིས་ཁི་སི་ཐན། ཅིས་ཨར་ཅིས་སི་ཐན་སོགས་ཨེ་ཤ་ཡ་དཀྱིལ་མའི་རྒྱལ་ཁབ་ཁག་གིས་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱས་རྗེས་ཨེ་ཤ་ཡ་དཀྱིལ་མའི་ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་དཔྱད་འཇོག་དང་དེ་འབྲེལ་གྱི་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་མངོན་གསལ་རྒྱག་བཞིན་ཡོད། གཞན་ཡང་། ཨ་མེ་རི་ཁ་དང་ཨེ་ཤ་ཡ་དཀྱིལ་མའི་རྒྱལ་ཁབ་ཁག་གིས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་གཉིས་འབྲེལ་བའི་ཁྲོད་ཀྱི་གནད་དོན་གྱིས་ཀྱང་ཕྱོགས་གཉིས་བར་ཆབ་སྲིད་ཡིད་ཆེས་འཛུགས་པར་འགོག་རྐྱེན་བཟོ་གིན་ཡོད། ད་ལོའི་ཟླ7པར། ཨ་མེ་རི་ཁས་ཧྭ་ས་ཁི་སི་ཐན་རྒྱལ་ཁབ་དེ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མིང་ཐོའི་གྲས་སུ་བཞག་པས། ཧྭ་ས་ཁི་སི་ཐན་ཕྱོགས་ནས་དེ་ལ་གཏན་ནས་མི་འདོད་པའི་རྣམ་འགྱུར་བསྟན། ད་རེབ་ཀི་ལོ་སི་མན་གྱིས་ཧྭ་ས་ཁི་སི་ཐན་ལ་འཚམས་འདྲི་བྱེད་སྐབས། ཧྭ་ས་ཁི་སི་ཐན་གྱི་ཙུང་ལིས་དང་ཕྱི་འབྲེལ་པུའུ་ཀྲང་གཉིས་ཀྱིས་ཐེངས་གཅིག་མིན་གཉིས་མིན་དུ་ཨ་མེ་རི་ཁའི་ཕྱོགས་ནས་དོན་དེ་ལ་འགྲེལ་བཤད་རྒྱག་དགོས་ཟེར། གོང་གསལ་གནས་ཚུལ་དེ་དག་གིས། ཨ་མེ་རི་ཁས་ཕྱོགས་ཡོངས་ནས་ཨེ་ཤ་ཡ་དཀྱིལ་མའི་ས་ཁུལ་གྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དེ་དཀའ་ཚད་ཧ་ཅང་ཆེ་བ་ར་སྤྲོད་བྱས་ཡོད་པ་མ་ཡིན་ནམ། །
ལོ་ཙཱ་བ། ཀླུ་བྱམས།
- ཨ་མེ་རི་ཁའི་ཨ་ཧྥུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཨེ་ཤ་ཡ་དཀྱིལ་མའི་བསམ་ཕྱོགས།
- དུས་བབས་དང་མཐུན་པའི་སྲིད་ཇུས་ལེགས་སྒྲིག་གི་སྤོབས་པ་མངོན་དགོས།
- ཁོར་ཡུག་བཟང་པོ་ཞིག་མེད་ན་ལྷོ་མཚོའི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ།
- མི་དམངས་ཀྱི་ཕྱི་འབྲེལ་རྒྱུན་འཁྱོངས་བྱེད་དགོས།
- ཕ་ཀི་སི་ཐན་རྒྱལ་ཁབ་ཀྱི་མཐོ་རིམ་ལ་གནོན་ཤུགས་ཉིས་བརྩེགས་ཐེབས་ཡོད།
- པིན་ལ་ཏིན་ཤི་བའི་དོན་དེ་འཛམ་གླིང་ཧྲིལ་བོའི་གླེང་གཞིར་གྱུར།
- ཨ་ཐང་ཆད་པའི་ཁྲོད་བྱུང་བའི་བློ་རིག་ཅན་གྱི་ཞིབ་རྩིས།
- “ཧྥ་རན་སིའི་སྣང་ཚུལ”གྱི་འགྱུར་ལྡོག་གསར་པ།
- ཀྲུང་ཏུང་ས་ཁུལ་ལ་ཞི་བདེ་དང་བརྟན་འཇགས་མཁོ་ཉག་ཆེ།
- དོ་མཉམ་ཡོང་བར་དཀའ་ཁག་ཡོད། བསམ་ཚུལ་མི་གཅིག་སྣ་རེ་ཁྱེར།
- ཁོར་ཡུག་བཟང་པོ་ཞིག་མེད་ན་ལྷོ་མཚོའི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ།
- པིན་ལ་ཏིན་ཤི་བའི་དོན་དེ་འཛམ་གླིང་ཧྲིལ་བོའི་གླེང་གཞིར་གྱུར།
- འཇར་པན་གྱི་སྐྱི་གཡའ་བའི་ས་ཡོམ་མཚོ་འཕྱུར།
- ཨ་མེ་རི་ཁས་རང་རྟོགས་སྒོས་ཨེ་ཅིབ་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བཞིན་ཡོད།
- མི་དམངས་ཀྱི་ཕྱི་འབྲེལ་རྒྱུན་འཁྱོངས་བྱེད་དགོས།
- དུས་བབས་དང་མཐུན་པའི་སྲིད་ཇུས་ལེགས་སྒྲིག་གི་སྤོབས་པ་མངོན་དགོས།
- ཕ་ཀི་སི་ཐན་རྒྱལ་ཁབ་ཀྱི་མཐོ་རིམ་ལ་གནོན་ཤུགས་ཉིས་བརྩེགས་ཐེབས་ཡོད།
- དོ་མཉམ་ཡོང་བར་དཀའ་ཁག་ཡོད། བསམ་ཚུལ་མི་གཅིག་སྣ་རེ་ཁྱེར།
- “ཧྥ་རན་སིའི་སྣང་ཚུལ”གྱི་འགྱུར་ལྡོག་གསར་པ།
- ཨ་ཐང་ཆད་པའི་ཁྲོད་བྱུང་བའི་བློ་རིག་ཅན་གྱི་ཞིབ་རྩིས།







