རང་ལ་ནད་བྱུང་ན་གང་སར་སྨན་པ་བསྟེན་མི་རུང་། སྨན་རྫས་རྫུན་མ་འཚོང་མཁན་མང་ཆེ་བས་ཁྱིམ་རྒྱུད་ཀྱི་གསང་བའི་སྨན་ཐོ་ཡིན་ཟེར་ནས་ནད་བྱུང་ཏེ་དུས་ཡུན་རིང་བོ་འགོར་བའི་ནད་པ་རྣམས་འགུག་བཞིན་ཡོད། ནད་བྱུང་ནས་དུས་ཡུན་རིང་བོ་འགོར་བའི་ནད་པ་རྣམས་ཀྱིས་བརྩི་སྲུང་བྱེད་དགོས་པའི་ནད་བཅོས་རྩ་དོན་ནི་བཅུ་ཆའི་གསུམ་སྨན་བཅོས་དང་བཅུ་ཆའི་བདུན་དེ་ལུས་ཁམས་གསོ་རྒྱུ་དེ་ཡིན་པས། སྨན་སྣ་གཅིག་གིས་ནད་བརྒྱ་འཇོམ་ཞེས་པའི་མགོ་སྐོར་ཐེབས་མི་རུང་།
རིན་གོང་དམའ་བར་ཧམ་པ་སྐྱེ་མི་རུང་། མི་ལ་ལ་སྨན་ཁང་དང་རྒྱལ་གཉེར་སྨན་རྫས་ཚོང་ཁང་དུ་འགྲོ་འདོད་མེད་ཅིང་རིན་གོང་དམའ་མོར་སྙེགས་ནས་ཆེད་དུ་སྒེར་གྱི་སྨན་རྫས་ཉོ་བཞིན་ཡོད་པ་དེ་ཡང་ནད་པའི་འཛེམ་བྱ་གཙོ་བོ་ཞིག་ཡིན།
སྲང་ལམ་ཆེ་ཆུང་ཀུན་ཏུ་འཚོང་བཞིན་པའི་སྨན་རྫས་རིགས་ལ་ཡིད་ཆེས་བྱེད་མི་རུང་། ལྷག་པར་དུ་གྲངས་ཉུང་མི་རིགས་སུ་བརྫུས་ནས་སྨན་རྫས་འཚོང་བཞིན་པའི་སྟག་གི་རུས་པ་དང་ཆུ་ཐག གླ་རྩི་དང་དོམ་མཁྲིས་སོགས་སྨན་རྫས་རྩ་ཆེན་ཡིན་ཟེར་བ་དེ་དག་ལས་མང་ཤོས་ནི་རྫུན་མ་ཡིན་པས། གཡོ་འོག་ཏུ་ཚུད་མི་རུང་།
སྨན་རྫས་རྫུན་མ་ཉོ་བ་སྔོན་འགོག་བྱེད་པར་ཚང་མས་སྣང་ཆུང་བྱེད་མི་རུང་ལ། སྨན་རྫས་རྫུན་མ་དབྱེ་འབྱེད་ཀྱི་ནུས་པ་ངེས་ཅན་ཞིག་ཡོད་དགོས། དེ་ལྟར་བྱས་ཚེ་རང་རང་ཉིད་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད་མགོ་སྐོར་ཐེབས་མི་སྲིད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།
- སྨན་རྫས་རྫུན་མ་ཉོ་བར་སྔོན་འགོག་བྱེད་ཐབས།
- བདེ་ཐང་ལ་ཤན་ཤུགས་ཐེབས་པའི་རྒྱུ་རྐྱེན་རྒྱུ་རྐྱེན་དྲུག
- བདེ་ཐང་གི་ཚད་གཞི་བཅུ།
- མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་དབང་ལྔའི་ཚན་ཁག་གི་སྤྱིའི་གནས་ཚུལ།
- མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་རུས་ནད་ཚན་ཁག་གཉིས་པའི་སྤྱིའི་གནས་ཚུལ།
- སོས་ཀའི་དུས་སུ་ལུས་ཟུངས་གསོ་ཐབས་སྐོར་མདོ་ཙམ་བརྗོད་པ།
- བྱིས་པའི་སེམས་ཁམས་བདེ་སྲུང་སྐོར།
- སྡེབ་ནོར་འབྱུང་སླ་བའི་ཟས་རིགས་སྣ་བརྒྱད།
- མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཁོང་ནད་མྱུར་སྐྱོབ་ཚན་ཁག་ངོ་སྤྲོད་མདོར་བསྡུས།
- བདེ་ཐང་བྱ་སྤྱོད་ཐད་ཀྱི་མཁོ་བ་དྲུག་དང་མི་མཁོ་བ་དྲུག མང་ཚོགས་ཀྱི་བདེ་ཐང་བྱ་སྤྱོད་ཐད་བཏོན་པའི་བླང་བྱ་བཅུ།
- བོད་ཀྱི་གསོ་རིག་ལས་དོན་ལ་མཛད་རྗེས་ཆེ་བའི་སྤྲུལ་སྐུ་འཇིགས་མེད་མཁས་གྲུབ་རྒྱ་མཚོ།
- དགུན་ཁའི་དུས་ཀྱི་ཕོ་བ་གསོ་ཐབས།
- དྲེག་གྲུམ་བདུད་རྩི་བྱུགས་སྨན།
- དགོང་མོའི་གཉིད་ཁུག་ཐབས་ལ་གཙོ་བོར་སེམས་ཁམས་ཡངས་དགོས།
- བུད་མེད་ཀྱི་ལོ་ཚོད་ཀྱིས་བྱིས་པ་སྐྱེས་པར་ཤུགས་རྐྱེན་ཐེབས་སྲིད་དམ།
- སྐྲ་མདོག་ལ་བརྟག་ནས་ལུས་ཕུང་བདེ་ཐང་ལ་དཔྱད་པ།
- ཐ་མག་གི་ཉེས་དམིགས་ལ་ངོས་འཛིན་བྱས་པའི་ཐད་ཀྱི་ནོར་འཁྲུལ་ཆེན་པོ་བརྒྱད།
- སྨན་འཐུང་མ་ཐག་ཏུ་གཉིད་མི་རུང་།
- དགུན་ཁའི་ཟས་མཆོག་སུར་པན།
- ༄༅། །གཉིད་དང་བདེ་ཐང་གླེང་བ།༼གཅིག༽








"