ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > བདེ་ཐང་མཛུབ་སྟོན།

གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་སྦྱོང་བརྡར་བྱེད་ཐབས་དེ་ཡང་དག་མིན་ཚེ་གནོད་སྐྱོན་ཐེབས་སླ།

སྤེལ་དུས། 2017-02-24 11:18:09   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་མོ་རྒྱལ།

སློབ་འབྲིང་དང་སློབ་ཆུང་གི་རྩལ་སྦྱོང་སློབ་ཁྲིད་སྟེང་། གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི(仰卧起坐)ལུས་སྦྱོང་བྱེད་ཐབས་དེ་ནི་ཆེས་རྒྱུན་སྤྱོད་ཀྱི་ལུས་སྦྱོང་བྱེད་ཐབས་གྲས་ཀྱི་གཅིག་ཡིན་ཞིང་། ལྷག་པར་དུ་སློབ་ཆུང་གི་ལོ་རིམ་གསུམ་པ་ནས་བཟུང་སློབ་མ་ཚང་མ་དཔྱད་ཞིབ་ཁྲོད་ཞུགས་དགོས་ཤིང་། དུས་ཚོད་སྐར་ཆ་གཅིག་གི་ནང་དུ་གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་དེ་ཐེངས་བཞི་བཅུ་ལྷག་བྱེད་ཐུབ་ན་ཆེས་བཟང་པོའི་གྲས་སུ་བརྩི་བཞིན་ཡོད། ཡིན་ནའང་མིག་སྔར་ལུས་སྦྱོང་བྱེད་ཐབས་དེར་ཚང་མར་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པ་རེད། དེ་བས་གཤམ་དུ་ང་ཚོས་དེའི་སྐོར་གྱི་གནས་ཚུལ་ཞིག་ལ་བལྟ་བར་བྱ།

རང་ལོ་ཉེར་ལྔར་ལོན་པའི་ཐའེ་ཝན་ས་ཁུལ་གྱི་སྐྱེས་པ་ཞིག་གིས་གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་དེ་ཐེངས་འགར་བྱས་རྗེས། ལུས་ཡོངས་སུ་སྟོབས་ཤུགས་ཟད་པའི་སྣང་ཚུལ་བྱུང་བས། མྱུར་དུ་སྨན་ཁང་ལ་བསྐྱལ་བ་རེད། སྨན་ཁང་དུ་ཐོན་རྗེས་ཀླད་པ་གསལ་བོ་ཡིན་ནའང་རྐང་ལག་འགུལ་མི་ཐུབ་པར་མ་ཟད་རྩ་ཆུའང་ཤོར་བའི་གནས་ཚུལ་བྱུང་བ་རེད། སྨན་པས་བརྟག་དཔྱད་བྱས་རྗེས་ཤེས་པ་ནི། སྐྱེས་པ་དེས་མགོ་བོ་ལག་པས་སྐྱོར་ནས་གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་བྱས་པས། སྐེ་ཚིགས་ནང་གི་ཁྲག་རྩས་ཡང་ཡང་གནོན་ཤུགས་ཐེབས་པར་མ་བཟོད་པར་གས་ནས་ཁྲག་རྡོག་གིས་དབང་རྩ་མནན་པ་ལས་སྐེ་ཚིགས་མན་གྱི་ལུས་ཕུང་ཧྲིལ་བོའི་ཚོར་བ་ཉམས་པ་རེད། དུས་ཐོག་ཏུ་གཤགས་བཅོས་བྱས་ནས་མྱུར་སྐྱོབ་བྱས་པས་ད་གཟོད་ཉེན་ཁ་ལས་ཐར་བ་རེད།

《ཧྭ་ཨར་ཅེ་ཉིན་རེའི་ཚགས་པར》སྟེང་དུའང་ན་ནིང་《གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་དེ་ཅིའི་ཕྱིར་མཚམས་བཞག་ཆོག་གམ།》ཞེས་པ་ཞིག་བཀོད་དེ་ལུས་སྦྱོང་དགེ་རྒན་དང་དམག་དཔུང་གི་ཆེད་མཁས་པས་སྙོམས་ལེབ་འགུལ་སྐྱོད་སོགས་ཀྱི་ལུས་སྦྱོང་དེས་གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་བྱེད་ཐབས་ཀྱི་ཚབ་བྱས་ནས། རྐེད་པ་དང་སྐེ་ཚིགས་ལ་གནོད་སྐྱོན་མི་ཐེབས་པའི་ཕྱོགས་སུ་ཤུགས་སྣོན་བྱེད་དགོས་པ་དང་། ཨ་རིའི་དམག་མིའི་ད་དུང་ལུས་སྦྱོང་བྱེད་ཐབས་དེ་དམག་མིའི་སྦྱོང་བརྡར་ལས་གཞིའི་ཁྲོད་ནས་མེད་པར་བཟོ་རྩིས་ཡོད་པ་རེད་ཟེར། དེས་ན་གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་བྱེད་ཐབས་དེས་དངོས་གནས་ལུས་ཕུང་གནོད་པ་བཟོ་སྲིད་དམ་ཟེར་ན།
འགུལ་སྐྱོད་བྱེད་ཐབས་ཡང་དག་མིན་ཚེ་སྐེ་ཚིགས་དང་སྐེད་པར་གནོད་པ་བཟོ་སྲིད།

2014ལོར་བཀོད་པའི《རྒྱལ་ཁབ་ཀྱི་སློབ་མའི་གཟུགས་གཞིའི་བདེ་ཐང་གི་ཚད་གཞིའི》བླང་བྱ་ལྟར། གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་དེའི་ཡང་དག་པའི་བྱེད་ཐབས་ནི། ལུས་སྦྱོང་བྱེད་མཁན་དེ་གདན་སྟེང་དུ་གན་རྐྱལ་དུ་མར་ཉལ་ནས། རྐང་བ་གཉིས་ཅུང་སོ་སོར་དབྱེ་ཞིང་། པུས་མོ་ཡར་ཅུང་བསྐུམས་པ་དང་། ལག་པའི་སོར་མོ་གཉིས་བསྣོལ་མར་བྱས་ནས་ལྟག་རྒྱབ་ཏུ་འཇོག་དགོས་པ་དེ་ཡིན།

གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་དེ་བྱེད་སྐབས། བཤུལ་ཤ་ནང་མ་དང་སྐེད་པའི་ཤ་གནད། ཕོ་ཐོག་གི་ཤ་གནད་བཅས་འགུལ་སྐྱོད་བྱེད་པ་ཡིན། རྒྱུན་པར་ཙོག་ནས་འདུག་མཁན་རྣམས་ཀྱིས་སྦྱོང་བརྡར་དེ་བྱེད་དགོས་པ་དང་ཁོ་ཚོས་སྐེད་པའི་ནུས་ཤུགས་ཅུང་ཞན་པ་ཡིན། དོན་དངོས་སུ་སྦྱོང་བརྡར་དེ་བྱེད་སྐབས། ཚང་མས་ལག་གཉིས་ཀྱིས་མགོ་བོའི་ལྟག་རྒྱབ་ནས་དམ་དུ་བསྡམས་ནས་ཤུགས་གང་ཡོད་ཀྱིས་མདུན་དུ་བསྲིངས་ཚེ། ད་གཟོད་ཁོག་སྟོད་ཡར་ལངས་ཐུབ་པ་ཡིན། དེ་ལྟར་བྱས་ན་སྐེ་ཚིགས་དང་སྒལ་ཚིགས་ལ་གནོད་པ་ཐེབས་སྲིད།

ཡིན་ནའང་གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་བྱེད་ཐབས་དེས་མི་ལུས་ལ་གནོད་སྐྱོན་བཟོ་བའི་སྣང་ཚུལ་ནི་ཧ་ཅང་ཉུང་ཉུང་ཡིན། གནས་ཚུལ་དེ་དག་བྱུང་བའི་ནད་པ་ཕལ་ཆེ་བའི་མཁར་སྦུག་ནང་གི་འཕར་རྩ་དང་སྡོད་རྩའི་ཆགས་དབྱིབས་མི་ལེགས་པ་རེད། དཔེར་ན་འཕར་རྩའི་སྐྲན་ཡོད་པ་ལྟ་བུ་རེད། འཕར་རྩའི་ནང་དུ་སྐྲན་ཡོད་ཚེ་གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པ་ལྟ་བུའི་ལུས་སྦྱོང་དྲག་པོ་བྱེད་སྐབས། ཁྲག་རྩའི་ནང་གི་སྐྲན་དེ་གས་ནས་ལུས་ཡོངས་ཞ་བོར་འགྱུར་སྲིད།
སློབ་ཆུང་དང་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་གདུབ་པྲོག་ཚིགས་པའི་གནས་ཤོར་བར་དོ་སྣང་བྱེད་དགོས།

སློབ་ཆུང་དང་སློབ་འབྲིང་གི་སློབ་མ་རྣམས་ལ་མཚོན་ན། གན་རྐྱན་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་བྱེད་ཐབས་དེ་ཡང་དག་མིན་པའམ་ཡང་ན་ལུས་སྦྱོང་བྱེད་ཚད་ཐལ་དྲགས་ཚེ། ཆུང་དུས་སུ་ཚོར་སྣང་མེད་ནའང་ལོ་ཚོད་ཇེ་ཆེར་སོང་བ་དང་བསྟུན་ནས་ཤ་གྲིམ་ལ་དམས་སྐྱོན་ཐེབས་སླ་ཞིང་། རུས་རྐང་འཚར་སྐྱེ་ལའང་ཤུགས་རྐྱེན་ངེས་ཅན་ཞིག་བཟོ་སྲིད། དེ་ལས་ཀྱང་ཚབས་ཆེ་བ་ནི། སྒལ་ཚིགས་ཕྱིར་འབུར་བའི་ནད་སློང་བར་བྱེད་པའི་ཉེན་ཁ་ལྡན་པ་རེད།
བྱིས་པའི་རྐེད་པའི་ནུས་ཤུགས་ཅུང་གཉོམ་པས། གན་རྐྱལ་དུ་མར་ཉལ་ནས་ཡར་ལངས་པའི་ལུས་སྦྱོང་དེ་བྱས་ན་སྐེ་ཚིགས་དང་སྒལ་ཚིགས་ལ་གནོད་པ་འབྱུང་སླ་ཞིང་། གདུབ་པྲོག་ཚིགས་པའི་གནས་ཤོར་བའི་ཉེན་ཁ་ལྷག་ཏུ་ཆེ།

གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།

ལོ་ཙཱ་བ། འབྲུག་མོ། 
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།