ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > བདེ་ཐང་མཛུབ་སྟོན།

བཟའ་བཏུང་གིས་བརྟག་དཔྱད་ཀྱི་མཇུག་འབྲས་ལ་ཤུགས་རྐྱེན་བཟོ་བ།

སྤེལ་དུས། 2017-03-16 15:34:05   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་མོ་རྒྱལ།

སྨན་ཁང་དུ་བརྟག་དཔྱད་བྱེད་དུ་འགྲོ་དུས་ཚང་མས་ནངས་ཇ་མི་འཐུང་བར་ལྟོ་སྟོང་དུ་འགྲོ་དགོས་པའི་གནས་ལུགས་དེ་གསལ་བོར་རྟོགས་ཡོད། ཡིན་ནའང་བཟའ་བཏུང་གིས་བརྟག་དཔྱད་ཀྱི་མཇུག་འབྲས་ལ་ཐེབས་པའི་ཤུགས་རྐྱེན་དང་གནོད་པ་ཧ་ཅང་མང་པོ་ཡོད་པ་ཤེས་ཀྱིན་མེད།

གཅིག བཟའ་བཏུང་གིས་སྐྱེ་དངོས་རྫས་འགྱུར་རིགས་ཀྱི་བརྟག་དཔྱད་ལ་ཐེབས་པའི་ཤུགས་རྐྱེན།

གལ་ཏེ་སང་ཉིན་ཞོགས་པའི་དུས་ཚོད་བརྒྱད་ཀྱི་སྟེང་ལྟོ་སྟོང་དུ་ཁྲག་ལ་བརྟགས་དགོས་ཚེ། དོ་དགོང་གི་དུས་ཚོད་བརྒྱད་ཀྱི་རྗེས་ནས་ཟས་ཁམ་གང་ཡང་ཟ་མི་ཉན་ལ་ཆུ་ཉུང་ཙམ་འཐུང་ཆོག བཟའ་བཏུང་གིས་སྐྱེ་དངོས་རྫས་འགྱུར་རིགས་ཀྱི་བརྟག་དཔྱད་ཁྲོད་ཀྱི་རྒུན་འབྲུམ་གྱི་མངར་ཆ་དང་མངར་སྣུམ་ཐེན་གསུམ་ལ་ཤུགས་རྐྱེན་ཐེབས་ཚད་ཆེས་ཚབས་ཆེ། རྒྱུ་མཚན་ནི་ཐཱན་ཆུ་འདྲེས་སྦྱོར་རྫས་གང་རུང་གིས་ཁྲག་གི་མངར་ཆ་ཇེ་མཐོར་གཏོང་སྲིད་པ་དང་། སྣུམ་ཞགས་ཟོས་པ་ལས་མངར་སྣུམ་ཐེན་གསུམ་གྱི་ཚད་ལེན་གཏན་འཁེལ་ལ་ཤུགས་རྐྱེན་བཟོ་སྲིད། ཁྲག་ལ་བརྟག་དཔྱད་མ་བྱས་སྔོན་གྱི་ཉིན་དེར་སྤྲི་དཀར་མཐོ་བའི་བཟའ་བཏུང་གི་རིགས་བསྟེན་ན་གཅིན་སྐྱུར་དང་གཅིན་རྒྱུ་ཏན་ཟེར་བའི་གྲུབ་ཆ་ཇེ་མཐོར་གཏོང་སྲིད་མོད། འོན་ཀྱང་ཤ་ཀན་ལ་གནོད་པ་ཆེར་མེད། ཁཱའོ་ཧྥེ་རྒྱུ་འདུས་པའི་སྐོམ་ཆུའི་རིགས་འཐུང་ན་སྨན་རྫས་ཁ་ཤས་དང་ཡང་ན་སྐུལ་རྩིའི་གར་ཚད་གྱི་ཞིབ་བཤེར་ལ་ཤུགས་རྐྱེན་བཟོ་སྲིད་པར་མ་ཟད། ཁྲག་སྐྱོ་འཁྱམས་གྱེས་ཚིལ་སྐྱུར་ཀྱི་གར་ཚད་ཀྱང་ཇེ་མཐོར་གཏོང་སྲིད།

ཕྱོགས་གཞན་ཞིག་ནས་ཟ་མ་ཟོས་རྗེས། ཁྲག་ནང་གི་ཚིལ་རྫས་དང་ལྷག་པར་དུ་མངར་སྣུམ་ཐེན་གསུམ་ཇེ་མཐོར་སོང་བ་ལས། དྭངས་ཁྲག་དང་ཁྲག་སྐྱོའི་མདོག་འགྱུར་ནས་བརྟག་དཔྱད་ལ་བར་ཆད་བཟོ་བ་དང་། སྐབས་འགར་བརྟག་དཔྱད་ཀྱི་མཇུག་འབྲས་ལས་ཁྲག་ཚིལ་མཐོ་བའི་མངོན་རྟགས་མང་པོ་ཡོད་པ་དེ་ནི་ཁྲག་ཚིལ་མཐོ་བའི་ནད་རྟགས་སམ་ཡང་ན་སྔོན་དགོང་མོའི་བཟའ་བཏུང་ལ་སྣུམ་ཞགས་ཆེ་དྲགས་པ། དེའི་ཁར་ཁྲག་ཚིལ་དེ་རྙིང་ཚབ་གསར་འབྱེད་བྱེད་མ་ཐུབ་པ་ལས། དྭངས་ཁྲག་ནང་གི་མངར་སྣུམ་ཐེན་གསུམ་གྱི་གར་ཚད་མཐོ་དྲགས་པ་ལས་བརྟག་དཔྱད་མཇུག་འབྲས་ཁྲོད་ཀྱི་རྣམ་གྲངས་འགར་ཤུགས་རྐྱེན་ཐེབས་པ་རེད། དེ་ལྟ་བུའི་གནས་ཚུལ་ལ་ཐུག་དུས་ཉིན་གསུམ་ལ་སྐྱ་ཟས་སྐྱ་ཆུ་བསྟེན་རྗེས་ཡང་བསྐྱར་བརྟག་དཔྱད་བྱེད་དགོས། གལ་ཏེ་བརྟག་དཔྱད་བྱས་པའི་མཇུག་འབྲས་གཉིས་ཀ་གཅིག་མཚུངས་ཡིན་ཚེ། ཁྲག་ཚིལ་མར་འབབ་པའི་གསོ་བཅོས་བྱེད་དགོས།

དེ་ལས་གཞན། ལྟོ་སྟོང་དུ་དུས་ཚོད་བཅུ་དྲུག་ལྷག་འགོར་རྗེས། ལྟོགས་དྲགས་པ་ལས་དྭངས་ཁྲག་སྤྲི་དཀར་དང་། རྒུན་འབྲུམ་གྱི་མངར་ཆ་སོགས་ཀྱི་འདུས་ཚད་ཇེ་དམའ་དང་དྭངས་ཁྲག་གི་མཁྲིས་དམར་རྒྱུ་ཇེ་དམར་སོང་བ་ལས་ཁྲག་གི་གར་ཚད་ཇེ་མཐོར་འགྲོ་བ་རེད། ཆང་འཐུང་རྗེས་ཁྲག་སྐྱོ་གཅིན་སྐྱུར་དང་། འོ་སྐྱུར་ཇེ་མཐོར་འགྲོ་སྲིད། དུས་ཡུན་ཐུང་ངུའི་ནང་ཚྭ་འདུས་ཚད་མཐོ་བའི་ཟས་རིགས་བསྟེན་དྲགས་ན་གློག་འབྱེད་རྫས་ཀྱི་ནཱ་དང་ལོས་ཀྱི་གྲུབ་ཆ་དེ་ཇེ་མཐོར་འགྲོ་ལ། དུས་ཡུན་རིང་བོར་ཟ་མ་མ་ཟོས་ན་ཁྲག་ནང་གི་ནཱའི་གྲུབ་ཆ་ཇེ་དམར་གཏོང་སྲིད་པས། འདི་དག་ཚང་མས་བརྟག་དཔྱད་ཀྱི་མཇུག་འབྲས་ལ་ཤུགས་རྐྱེན་བཟོ་བ་རེད།

བཟའ་བཏུང་གིས་རིམས་འགོག་ནུས་པར་ཤུགས་རྐྱེན་བཟོ་བ།

རིམས་འགོག་ནུས་པའི་རྣམ་གྲངས་ལ་མཆིན་ཚད་ཀྱི་སྐོར་དང་གཅོང་ནད་འགོག་རྫས། སྐྲན་ནད་ཀྱི་མཚོན་རྟགས། ཨོལ་གོང་གཤེར་རྨེན་གྱི་བྱེད་ལས། སྐྱེ་འཕེལ་གྱི་སྐུལ་རྩིའི་རིགས་སོགས་ཀྱི་ཞིབ་བཤེར་འདུས་ལ། སྤྱིར་བཏང་དུ་ལྟོ་སྟོང་དུ་ཁྲག་ལ་བརྟག་དགོས། དེའི་རྒྱུ་མཚན་ནི་བཟའ་བཅའི་ནང་དུ་སྐུལ་རྩའི་རིགས་ཀྱི་གྲུབ་ཆ་ཁ་ཤས་འདུས་པས་སྐྱེ་འཕེལ་སྐུལ་རྩིའི་ཚད་ལ་ཞིབ་བཤེར་ཤུགས་རྐྱེན་བཟོ་བ་རེད།

མིག་སྔར་ཞིབ་འཇུག་ལས་ཤེས་པ་ལྟར་ན། ལུས་གསོ་སྨན་རྫས་ཁ་ཤས་ཤིག་བསྟེན་ཚེ། ཁྲག་ལ་བརྟག་དཔྱད་བྱེད་སྐབས། སྐྲན་ནད་ཀྱི་མཚོན་རྟགས་དེ་མངོན་གསལ་དུ་ཇེ་མཐོར་གཏོང་སྲིད་པས། བརྟག་དཔྱད་བྱེད་དུ་མ་སོང་སྔོན་གྱི་གཟའ་འཁོར་གཅིག་གི་ནང་ལུས་གསོ་སྨན་རྫས་དེ་དག་བསྟེན་མཚམས་འཇོག་དགོས།

བཟའ་བཏུང་གིས་ལུས་བཤེར་བརྟག་དཔྱད་ལའང་ཤུགས་རྐྱེན་བཟོ་བ།

བཟའ་བཏུང་གིས་ཁྲག་རྒྱུན་བརྟག་དཔྱད་ལ་གནོད་པ་བཟོ་བ་ལས་གཞན་བཤང་གཅིའི་བརྟག་དཔྱད་ཀྱི་མཇུག་འབྲས་ལའང་གནོད་པ་བཟོ་སྲིད། དཔེར་ན་མངར་ཆ་འདུས་ཚད་མཐོ་བའི་སྐོམ་ཆུ་སྟེ། ཁུ་ནག་སོགས་འཐུང་ན་གཅིན་ནང་གི་མངར་ཆ་ཇེ་མཐོར་གཏོང་སྲིད་ལ། འཚོ་རྒྱུ་བེ་ཧྲིན་སུའུ་མང་པོ་བསྟེན་ན་གཅིན་ནང་གི་རྒུན་འབྲུམ་གྱི་མངར་ཆ་དང་གཅིན་ནང་གི་མཁྲིས་དམར་རྒྱུ་ལ་བརྟག་པར་གནོད་པ་བཟོ་སྲིད། གལ་ཏེ་ལྕགས་ཀྱི་གྲུབ་ཆ་འདུས་པའི་ཟས་རིགས་བསྟེན་ཚེ་བཤང་བར་བརྟག་དཔྱད་བྱེད་པར་ཡང་གནོད་པ་བཟོ་སྲིད། །
 

གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།

ལོ་ཙཱ་བ། འབྲུག་མོ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།