ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > བདེ་ཐང་མཛུབ་སྟོན།

ནང་ཆེན་རྫོང་གི་སྨན་བཅོས་ལས་དོན་ཐད་ལ་ཁ་གཏད་རོགས་སྐྱོར་ཐོབ་པ།

སྤེལ་དུས། 2018-05-10 09:41:09   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་མོ་རྒྱལ།

ཉེ་སྔོན། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་། ནང་ཆེན་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་རྩ་འཛུགས་རྣམ་པའི་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་འགོད་པའི་མཛད་སྒོ་དེ་ཟི་ལིང་ནས་བསྡུས་པ་རེད།

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཡོན་ཀྲང་ཀན་ལི་ཅོན་གྱིས་བཤད་རྒྱུར། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་ནང་ཆེན་རྫོང་མི་དམངས་སྨན་ཁང་གཉིས་ལ་ལོ་མང་པོའི་རིང་གི་སྤུན་ཟླའི་མཛའ་བརྩེ་ལྡན་ལ། སྨན་ཁང་གཉིས་ཀྱི་འགོ་གཙོ་རིམ་པ་དང་ཚན་ཁག་བར་ལ་ལོ་མང་པོའི་རིང་ཕན་ཚུན་རོགས་རེས་དང་མཉམ་ལས་འབྲེལ་བ་ཡོད། ལྷག་པར་དུ་ན་ནིང་རྒྱ་གྲམ་དམར་པོ་སྨན་ཁང་གིས་ས་གནས་གཉིས་ཀྱི་སྨན་བཅོས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་བྱེད་སྒོ་སྤེལ་བ་བརྒྱུད་དེ། ནང་ཆེན་རྫོང་མི་དམངས་སྨན་ཁང་གི་ལག་རྩལ་དང་དོ་དམ་ཐད་ལ་རོགས་རམ་དང་རྒྱབ་སྐྱོར་ཚད་མེད་བྱས་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་མངོན། རེ་བར་མ་འོངས་པའི་དུས་ཚོད་ནང་། སྨན་ཁང་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་རོགས་རེས་དང་རྒྱབ་སྐྱོར་བྱས་ཏེ། ཁ་གཏད་རོགས་སྐྱོར་ལས་དོན་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

གྲོས་མཐུན་ལ་གཞིགས་ཏེ། ཕན་ཚུན་རོགས་རེས་འཕེལ་རྒྱས་ཀྱི་རྩ་དོན་ལྟར། རྩ་འཛུགས་རྣམ་པའི་ཁ་གཏད་རོགས་སྐྱོར་བརྒྱུད་ནས། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ནང་ཆེན་རྫོང་གི་ཞང་དགུ་དང་གྲོང་བརྡལ་གཅིག་གི་འཕྲོད་བསྟེན་ཁང་གི་ནད་ཡམས་ཚབས་ཆེན་དང་། ས་གནས་ཀྱི་ནད། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད། ཐུམ་འབུའི་ནད་སོགས་ཀྱི་སྨན་བཅོས་ཐད་ལ་མུ་མཐུད་དུ་རོགས་སྐྱོར་བཅས་བྱེད་པ་དང་ཆབས་ཅིག ནང་ཆེན་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་དགོས་མཁོ་ལྟར། དུས་ཚོད་ངེས་གཏན་ལྟར་ཆེད་མཁས་པ་མངགས་ཏེ། ནད་བཅོས་དང་གཤགས་བཅོས་ཐད་ཀྱི་སློབ་ཁྲིད་བྱ་རྒྱུ། དེ་བཞིན། ནང་ཆེན་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ནུས་པ་མཐོར་འདེགས་བྱེད་པའི་རྨང་གཞིའི་སྟེང་སྨན་ཁང་གི་ཤེས་ལྡན་པའི་སྐྱེད་སྲིང་དོ་དམ་ལ་ཤུགས་བསྣན་ཏེ། དོ་དམ་མ་ལག་སྔར་བས་ཚད་ལྡན་ཅན་དུ་གཏང་རྒྱུ། དེ་ལས་གཞན། ནང་ཆེན་རྫོང་མི་དམངས་སྨན་ཁང་གི་“ཆ་འཕྲིན་དྲ་རྒྱ་དང་སྨན་བཅོས”ཟུང་འབྲེལ་བྱེད་པའི་རྣམ་པ་དང་། རྒྱང་ཁྲིད་སྨན་བཅོས་མ་ལག་སོགས་ཀྱི་འཛུགས་སྐྲུན་དང་། སྨན་བཅོས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ནང་ཆེན་རྫོང་མི་དམངས་སྨན་ཁང་གི་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏང་རྒྱུ་རེད།།

རྩོམ་སྒྲིག་པ། འབྲུག་མོ། 
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།