ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > བདེ་ཐང་མཛུབ་སྟོན།

མཚོ་སྔོན་ཞིང་ཆེན་གྱིས་འཆར་ལྡན་བུ་སྐྱེས་ཀྱི་དམིགས་བསལ་ཁྱིམ་ཚང་ལ་རོགས་སྐྱོར་བྱས།

སྤེལ་དུས། 2018-05-23 10:06:53   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་མོ་རྒྱལ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་འཆར་ལྡན་བུ་སྐྱེས་དམིགས་བསལ་ཁྱིམ་ཚང་གི་མི་མང་ཆེ་ཤོས་ལོ་ལྔ་བཅུ་ལས་བརྒལ་ཡོད་ཅིང་། གཉེན་འཐོར་དང་བཟའ་ཟླ་འདས་པའི་མི་གྲངས་ཅུང་མང་བ་དང་། སློབ་གསོ་མྱངས་ཚད་ཕལ་ཆེར་མཐོ་འབྲིང་གི་མན་ཡིན་པར་མ་ཟད། བདེ་ཐང་གི་གནས་ཚུལ་ཡང་ཕལ་ཆེར་སྤྱིར་བཏང་རེད། ཉིས་སྟོང་བཅུའི་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་འཆར་ལྡན་བུ་སྐྱེས་དམིགས་བསལ་ཁྱིམ་ཚང་ལོ་རེར་བརྒྱ་ཆའི་བཅུ་གཉིས་ཀྱིས་ཇེ་མང་དུ་འཕར་ཡོད་ནའང་། ཉིས་སྟོང་བཅུ་དྲུག་ལོར་ཁྱོན་ཡོངས་ནས་བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས། འདིའི་རིགས་ཀྱི་མི་གྲངས་རིམ་བཞིན་ཇེ་ཉུང་དུ་བྱིན་པ་དང་། དུས་མཉམ་དུ་ལོ་ཇེ་ཆེར་སོང་ནས་རྒན་གསོ་དང་སྨན་བཅོས་སོགས་ཀྱི་གནད་དོན་དང་དཀའ་ཁག་འབུར་ཐོན་དུ་གྱུར་བས། མཚོ་སྔོན་ཞིང་ཆེན་གྱིས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ་འཆར་ལྡན་བུ་སྐྱེས་ཀྱི་དམིགས་བསལ་ཁྱིམ་ཚང་དེ་དག་གི་སྲིད་ཇུས་ཐོབ་ཚོར་ཇེ་དྲག་ཏུ་བཏང་།

ཉིས་སྟོང་བཅུ་དྲུག་ལོར་ཁྱོན་ཡོངས་ནས་བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས། ཁེར་སྐྱེས་བུ་ཕྲུག་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་བྱུང་བའམ་ཡང་ན་ཚེ་ལས་འདས་པ་དང་། ཁོ་ཚོའི་ཕ་མས་རྗེས་སུ་བུ་ཕྲུག་མི་སྐྱེས་པའམ་བུ་ཕྲུག་མི་ལེན་པའི་ཁྱིམ་ཚང་ལ་འཆར་ལྡན་བུ་སྐྱེས་ཀྱི་དམིགས་བསལ་ཁྱིམ་ཚང་ཟེར། ཁྱིམ་ཚང་དེ་དག་གིས་བྱིས་པ་གཅིག་པུ་མེད་སོང་བའི་སྡུག་བསྔལ་ལ་གདོང་གཏོད་དགོས་པ་དང་། རང་གཅིག་པོས་རྒན་གསོ་དང་མ་མཐའི་འཚོ་བར་ལྟ་སྐྱོང་བྱེད་པ། སྐྱོ་གདུང་ཡིད་མུག་སོགས་ཀྱི་གནད་དོན་ལ་གདོང་གཏོད་དགོས་པས། མཚོ་སྔོན་ཞིང་ཆེན་གྱིས་རོགས་སྐྱོར་སྲིད་ཇུས་ཕྱིར་བཏོན་ཏེ། ཁེར་སྐྱེས་བུ་བུ་མོ་ཚེ་ལས་འདས་པའི་ཕ་མར་མི་རེར་ལོ་རེར་སྒོར་སྟོང་བརྒྱད་རེ་བྱིན་པ་དང་། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་ཕ་མར་མི་རེར་ལོ་རེར་སྒོར་སྟོང་དྲུག་རེ། ཁེར་སྐྱེས་བུ་བུ་མོ་ཚེ་ལས་འདས་པའི་ཕ་མར་སེམས་གསོའི་གྲོན་དངུལ་སྒོར་སྟོང་ལྔ་རེ་བཅས་བྱིན་པ་རེད། སྲིད་ཇུས་དེ་དག་གི་གྲུབ་འབྲས་སྔོན་དཔག་ལས་བཟང་བ་དང་། འཆར་ལྡན་བུ་སྐྱེས་དམིགས་བསལ་ཁྱིམ་ཚང་གི་སྲིད་ཇུས་ཐོབ་ཚོར་ཡང་རིམ་བཞིན་ཇེ་དྲག་ཏུ་སོང་ཡོད།

རྩོམ་སྒྲིག་པ། འབྲུག་མོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།