ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > བདེ་ཐང་མཛུབ་སྟོན།

མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་འབྲིང་རྒྱུགས་དང་མཐོ་རྒྱུགས་སྐབས་ཀྱི་ཟས་རིགས་བདེ་འཇགས་བྱ་བར་འགན་སྲུང་བྱས།

སྤེལ་དུས། 2018-05-23 10:21:04   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་མོ་རྒྱལ།

འབྲིང་རྒྱུགས་དང་མཐོ་རྒྱུགས་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་ནུབ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་དེ་དོན་དངོས་དང་མཐུན་པའི་སྒོ་ནས་འབྲིང་རྒྱུགས་དང་མཐོ་རྒྱུགས་སྐབས་ཀྱི་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱས།

ཉེ་ལམ། ཁུལ་དང་གྲོང་ཁྱེར། རྫོང་། སྲིད་འཛིན་ཨུ་ཡོན་ལྷན་ཁང་སོ་སོའི་ལྟ་སྐུལ་དོ་དམ་སྡེ་ཁག་བཅས་ཀྱིས་སློབ་གྲྭའི་ཟ་ཁང་དང་། མཐའ་འཁོར་གྱི་སློབ་མ་སྣེ་ལེན་བྱེད་སའི་མགྲོན་ཁང་དང་ཟ་ཁང་བཅས་ཀྱི་འཕྲོད་བསྟེན་ཆ་རྐྱེན་དང་སྒྲིག་ཆས་སྒྲིག་བཀོད་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ལྟ་སྐུལ་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱས། དེར་མ་ཟད། སློབ་གྲྭའི་ཟ་ཁང་སོ་གཅིག་དང་སློབ་གྲྭའི་མཐའ་འཁོར་གྱི་ཟས་རིགས་བདག་གཉེར་སྡེ་ཁག་ཉིས་བརྒྱ་སུམ་ཅུར་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ཟས་རིགས་བདེ་འཇགས་གནས་ཚུལ་ལ་རྒྱུས་ལོན་བྱས། ཟས་རིགས་བདེ་འཇགས་འགན་འཁྲིའི་ཁས་ལེན་ཡི་གེ་ཉིས་བརྒྱ་རེ་གཅིག་བཀོད་དེ་ལྟ་སྐུལ་དོ་དམ་དང་གཅིག་བསྡུས་ཞིབ་བཤེར། ཉིན་རྒྱུན་ལྟ་སྐུལ་བཅས་ཇེ་དྲག་ཏུ་བཏང་བ་དང་སློབ་གྲྭའི་ཟས་རིགས་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོར་འདེགས་བཏང་།

ཟས་རིགས་བདེ་འཇགས་ཤེས་བྱ་སློབ་རར་བསྐྱོད་པའི་བྱ་འགུལ་རྩ་འཛུགས་བྱས་ཏེ་ཆེད་དོན་འཆད་ཁྲིད་དང་སློབ་རའི་དྲིལ་སྒྲོག་འདྲི་རྟོག་སོགས་བྱ་འགུལ་སྤེལ་བ་དང་། སློབ་མ་དང་ཁྱིམ་བདག་ཚོར་ཟས་རིགས་བདེ་འཇགས་ཐད་ཀྱི་རྒྱུན་ཤེས་དང་ཟས་རིགས་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ་སློབ་མ་རྣམས་ཀྱི་ཟས་རིགས་བདེ་འཇགས་འདུ་ཤེས་དང་རང་སྲུང་འདུ་ཤེས་མཐོར་འདེགས་བཏང་། འབྲིང་རྒྱུགས་དང་མཐོ་རྒྱུགས་སྐབས་ཀྱི་ཟས་རིགས་བདེ་འཇགས་སྐབས་བསྟུན་སྔོན་དཔག་ཇུས་གཞི་འཐུས་ཚང་དུ་བཏང་བ་དང་མི་སྣ་དང་དངོས་ཟོག སྒྲིག་ཆས་སོགས་ཀྱི་མཁོ་བསྟུན་གྲ་སྒྲིག་བྱ་བ་ཧུར་ཐག་གིས་བསྒྲུབས།

རྩོམ་སྒྲིག་པ། འབྲུག་མོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།