ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > བདེ་ཐང་མཛུབ་སྟོན།

གཏེར་ལེན་ཁ་གྲོང་ཁྱེར་གྱིས་སློབ་གྲྭར་ཟས་རིགས་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་བྱས།

སྤེལ་དུས། 2018-05-30 14:19:35   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་མོ་རྒྱལ།

མིག་སྔར་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་གྲོང་ཁྱེར་སློབ་གསོ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས། “ཟས་རིགས་བདེ་འཇགས་དང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་དོ་སྣང་བྱེད་པ”ཞེས་པའི་ཟས་རིགས་བདེ་འཇགས་སྐོར་གྱི་ཤེས་བྱ་རབ་དང་རིམ་པ་མང་པོ་ཞིག་སློབ་ར་ནས་དྲིལ་སྒྲོག་བྱས་པ་རེད། སློབ་གྲྭར་ཟས་རིགས་བདེ་འཇགས་སྐོར་གྱི་སྤྱི་བསྒྲགས་འཕྲིན་ཡིག་བཀྲམས་པ་དང། སློབ་གྲྭའི་གསོལ་ཁང་གི་དོ་དམ་མི་སྣ་ལ་གསབ་སྦྱོང་བྱེད་པའི་རྩ་འཛུགས་བྱེད་སྒོ་སྤེལ་བ། སློབ་མའི་ཟས་རིགས་བདེ་འཇགས་སྐོར་གྱི་སྤྱི་བསྒྲགས་སློབ་ཁྲིད་སོགས་རྣམ་པ་མང་པོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། སློབ་གྲྭའི་ཟ་ཁང་གི་དོ་དམ་མི་སྣའི་ཟས་རིགས་བདེ་འཇགས་སྐོར་གྱི་འདུ་ཤེས་སྔར་ལས་སྲ་བརྟན་དུ་བཏང་བ་དང་སློབ་མའི་རང་བདག་རང་སྲུང་གི་འདུ་ཤེས་ཡང་མཐོར་འདེགས་སུ་བཏང་།

བྱ་འགུལ་དེ་བཟའ་བཏུང་བདེ་འཇགས་དང་ཟས་རིགས་ལྟ་སྐུལ་དོ་དམ་བཅས་ཕྱོགས་མི་འདྲ་བ་གཉིས་ནས་སྤེལ་བ་དང་། འདྲ་པར་དང་ཡི་གེའི་ལམ་ནས་ཁྲིད་པ། དཔེར་བརྗོད་དང་གསལ་བཤད་སོགས་ཀྱི་རྣམ་པའི་ཆ་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭའི་ཟ་ཁང་གི་དོ་དམ་མི་སྣ་དག་ལ་ཟས་རིགས་བདེ་འཇགས་སྐོར་གྱི་ཤེས་བྱ་གསབ་སྦྱོང་བྱས་ཤིང་། དེའི་ཁོངས་སུ་ཟས་རིགས་བདེ་འཇགས་ཤེས་བྱའི་ཡོངས་ཁྱབ་ཅན་དང་ཟས་རིགས་བདེ་འཇགས་དོན་རྐྱེན་ཐད་ཀྱི་སྔོན་འགོག སྒྲིག་སྲོལ་དང་མི་སྣའི་དོ་དམ། བཟའ་བཏུང་གི་དཀར་ཡོལ་སོགས་ཀྱི་གཙང་བཀྲུ་དུག་སེལ། ཟ་ཁང་ནང་གི་གད་སྙིགས་ལ་ཇི་ལྟར་གཙང་སེལ་བྱེད་པ་སོགས་ཀྱི་ནང་དོན་འདུས་ཡོད།

ཟས་རིགས་བདེ་འཇགས་སྐོར་གྱི་འགུལ་རིས་དངPPTའདྲ་རིས། ཡུལ་དངོས་འགྲེལ་བརྗོད་སོགས་ཀྱི་རྣམ་པ་སྤྱད་དེ་དགེ་སློབ་ཉིས་བརྒྱ་ལྷག་ལ་ཟས་རིགས་རྫུན་མ་ཇི་ལྟར་སྔོན་འགོག་བྱེད་པ་སོགས་ཀྱི་སྐོར་རྒྱས་བཤད་གསལ་པོ་བྱས། “མེད་པ་གསུམ”གྱི་ཟས་རིགས་དང་དུས་འཛུར་བའི་ཟས་རིགས་ཀྱི་སྣང་ཚུལ་དང་གནོད་འཚེ། ཟས་རིགས་བདེ་འཇགས་ཐད་ཀྱི་ཞུ་གཏུག་ཁ་པར་ཨང་གྲངས12331བཅས་ཡོངས་བསྒྲགས་བྱས་ཏེ། སློབ་ཆུང་སློབ་མ་དག་ཟས་རིགས་བདེ་འཇགས་ཐད་ཀྱི་ལྟ་སྐུལ་པ་ཆུང་ཆུང་བྱེད་པར་ཡང་འབོད་སྐུལ་བཏང་ཡོད།

བྱ་འགུལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། སློབ་མ་དག་གིས་བསམ་བློའི་ཐད“མེད་པ་གསུམ”གྱི་ཐོན་རྫས་ཀྱི་གནོད་འཚེ་ལ་ངོས་འཛིན་གསལ་པོ་བྱས་ཤིང་། རང་སྟེང་ནས་ཟས་རིགས་བདེ་འཇགས་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། འཆམ་མཐུན་གྱི་སློབ་གྲྭའི་ཁོར་ཡུག་གསར་སྐྲུན་དང་སྤྱི་ཚོགས་ལ་ལྟ་སྐུལ་དོ་དམ་བྱེད་པ་དར་སྤེལ་དུ་བཏང་ནས། རྒྱ་ཆེའི་དགེ་སློབ་ཡོད་ཚད་ཟས་རིགས་བདེ་འཇགས་ལྟ་སྐུལ་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། ཚང་མས་མཉམ་དུ་ཟས་རིགས་བདེ་འཇགས་ཀྱི་སྤྱི་ཚོགས་ལ་བཅོས་སྐྱོང་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་གསར་དུ་བསྐྲུན་པ་རེད།

རྩོམ་སྒྲིག་པ། འབྲུག་མོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།