ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > བདེ་ཐང་མཛུབ་སྟོན།

ཞིང་ཆེན་ཟས་རིགས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞོགས་ཚོང་གི་ཟས་རིགས་ཚོང་རྫས་བདེ་འཇགས་ཐད་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས་པ།

སྤེལ་དུས། 2018-05-30 15:38:59   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་མོ་རྒྱལ།

ཉེ་ཆར། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཞོགས་པའི་ཚོང་རྫས་བཤམས་མཁན་གྱི་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་སྔར་ལས་དོན་འཁྱོལ་དང་ཞོགས་པའི་ཚོང་གཉེར་གྱི་སྒྲིག་ལམ་འཐུས་ཚང་། ཐང་བཤམས་ཟས་རིགས་ཚོང་རྫས་ཀྱི་བདེ་འཇགས་ཐད་ཀྱི་ཉེན་ཁ་མེད་པར་གཏང་ཆེད། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་བསྡུས། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་དང་ཟི་ལིང་གྲོང་ཁྱེར། ཁུལ་བཞིའི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་གི་འབྲེལ་ཡོད་ལས་བྱེད་མི་སྣ། ཟི་ལིང་གྲོང་ཁྱེར་གྱི་ཞོགས་པའི་ཚོང་ར་ལྟ་སྐུལ་དོ་དམ་ཁང་གི་མགོ་གཙོ། ཞོགས་ཚོང་བཤམས་མཁན་གྱི་ཚོང་ཁང་བདུན་དང་ཚོང་གཉེར་འགན་ཁུར་མི་སྣ་སོགས་གྲོས་ཚོགས་ལ་ཞུགས།

ཚོགས་ཞུགས་མི་སྣ་དག་གིས་ཟི་ལིང་ཏུང་ཁྲོན་བཟོ་ལས་གླིང་ཁུལ་ཞིན་ཡན་ལམ་གྱི་ཞོགས་པའི་ཚོང་རའི་ཡུལ་དངོས་ནས་རྟོག་ཞིབ་བྱས་ཏེ། སྔ་མོར་ཚོང་ར་བཤམས་མཁན་གྱིས་ཟས་རིགས་བདེ་འཇགས་ཐད་ཀྱི་འགན་འཁྲི་གཙོ་བོ་ཅི་ལྟར་དོན་འཁྱོལ་བྱེད་དགོས་པ་དང་ཟས་རིགས་ཐང་ཚོང་ཐོ་འགོད་དོན་དངོས་ལྟར་ལག་བསྟར་བྱེད་པ། ཚོང་རའི་སྐོར་ཞིབ་རང་བཤེར་བྱེད་པ། འཛིན་བྱང་སོགས་ལེན་པ་དོན་ཐོག་ཏུ་འབེབས་པ། “འགོག་གསུམ”སྒྲིག་ཆས་འཐུས་ཚང་དང་འབྲེལ་ཡོད་ཟས་རིགས་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ་སོགས་ཀྱི་གནས་ཚུལ་ལ། རིགས་སོ་སོའི་ཞོགས་ཚོང་བཤམས་མཁན་ལ་ཞོགས་པའི་ཚོང་རའི་ཟས་རིགས་ཚོང་རྫས་ཀྱི་བདེ་འཇགས་འགན་འཁྲི་གཙོ་བོའི་ཞིབ་ཕྲའི་ཆ་རྐྱེན་དང་ཚད་གཞི་དོན་འཁྱོལ་བྱེད་པ་ལ་གཏིང་ཟབ་སྒོས་རྒྱུས་ལོན་དང་ཚོད་འཛིན་བྱེད་དུ་བཅུག་ནས། རང་སྟེང་གི་མི་འདང་ས་དང་གནད་དོན་ཤེས་སུ་བཅུག

ཡུལ་དངོས་རྟོག་ཞིབ་བྱས་རྗེས་ཚོགས་ཞུགས་མི་སྣ་དག་གིས་ཞོགས་པར་ཚོང་བཤམས་མཁན་གྱི་ཚོང་བ་དང་མཉམ་དུ་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པའི་ཐད་ནས་བཞུགས་མོལ་བརྗེ་རེས་བྱས། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་གྱི་ཁུལ་དང་རྫོང་སོ་སོའི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་བླང་བྱ་བཏོན་ཏེ། སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་དུས་ལྟར་བརྒྱུད་སྒྲོག་དང་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་དངོས་སྒོས་དོན་འཁྱོལ་བྱེད་པ། ཞོགས་པའི་ཚོང་རའི་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་དང་ཚོང་གཉེར་དོ་དམ་སོགས་ཀྱི་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་བཏང་སྟེ། གནད་དོན་དུས་ལྟར་ཐག་གཅོད་བྱས་ནས་ཞོགས་པའི་ཚོང་རར་འགན་ལེན་བྱས་པ་བརྒྱུད་ཟས་རིགས་བདེ་འཇགས་བཅོས་སྐྱོང་གི་ཚད་ཚད་ལྡན་དུ་སླེབས་སུ་འཇུག་དགོས་ཟེར། ཞོགས་པའི་ཚོང་ར་བཤམས་མཁན་ཕྱོགས་ནས་གཅིག་གྱུར་གྱིས་བཤད་རྒྱུར། རྗེས་ཕྱོགས་སུ་དོ་དམ་ཇེ་དྲག་དང་བླང་བྱ་ནན་འདོན། ལམ་ལུགས་འཐུས་ཚང་དུ་བཏང་ནས་ཞོགས་པའི་ཟས་རིགས་ཐང་ཚོང་གི་ཚད་ལྡན་ཚོང་གཉེར་དོ་དམ་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་ཞོགས་ཚོང་ཟས་རིགས་ཀྱི་འཛད་སྤྱོད་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཟེར།

རྩོམ་སྒྲིག་པ། འབྲུག་མོ། 
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།