ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > བདེ་ཐང་མཛུབ་སྟོན།

མཚོ་སྔོན་གྱིས“སྨན་བཅོས་ཉེན་ཚབ་གཞི་རིམ་དུ་བསྐྱལ”ནས་དབུལ་ཕོངས་མི་གྲངས་ཡོངས་རྫོགས་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་སུ་བཅུག་པ།

སྤེལ་དུས། 2018-06-05 09:54:23   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་མོ་རྒྱལ།

ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ཡོངས་སུ “སྨན་བཅོས་ཉེན་ཚབ་གཞི་རིམ་དུ་བསྐྱལ”བའི་ཞབས་ཞུའི་བྱ་འགུལ་སྤེལ་ནས། སྡེ་བའི་ནང་གི་ཁྱིམ་ཚང་རེ་རེར་སོང་སྟེ་སྨན་བཅོས་ཉེན་ཚབ་ཕྱོགས་ཀྱི་ཤེས་བྱ་དྲིལ་སྒྲོག་དང་རོགས་སྐྱོར། འཚམས་འདྲི། ཞབས་ཞུ་བཅས་ཀྱི་བྱེད་སྒོ་སྤེལ་ནས་དབུལ་ཐར་བྱ་བའི་སྨན་བཅོས་ལ་གཏིང་ཟབ་ཏུ་སྐུལ་འདེད་བྱས།

བསྡོམས་རྩིས་བྱས་པ་ལྟར་ན། ད་ལྟའི་བར་དུ་ཞིང་ཆེན་ཡོངས་སུ་རིགས་མི་འདྲ་བའི་བྱེད་སྒོ་ཐེངས་རེ་བདུན་ལ་སྤེལ་བ་དང་ནད་པ་མི་གྲངས་ཉིས་བརྒྱ་ཙམ་ལ་ཡུལ་དངོས་ནས་ནད་བརྟག་སྨན་བཅོས་བྱས་ཤིང་། མང་ཚོགས་ཁྲི་ཉེར་གཅིག་ལྷག་ལ་སྣེ་ལེན་དང་འདྲི་རྟོག་ཀྱང་ བྱས་ནས་དབུལ་ཕོངས་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ངེས་ཤེས་ཚད་གཞི་དངོས་སུ་ཇེ་མཐོར་བཏང་བ་དང་དབུལ་ཕོངས་མི་གྲངས་བརྒྱ་ཆའི་བརྒྱ་སྨན་བཅོས་ཉེན་ཚབ་ཁྲོད་ཟབ་ཞུགས་བྱེད་པ་མངོན་འགྱུར་བྱུང་ཞིང་། སྨན་བཅོས་དབུལ་སྐྱོར་གྱི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་འགན་སྲུང་བྱས་པ་རེད།

ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དོན་སྡེ་ཁག་དང་གཞུང་སྒྲུབ་ལས་ཁུངས་དག་གིས “སྨན་བཅོས་ཉེན་ཚབ་དེ་སྒོ་ཁར་སྐྱེལ ”བའི་ཞབས་ཞུའི་བྱེད་སྒོ་ནི་སྨན་བཅོས་དབུལ་སྐྱོར་ལག་བསྟར་བྱེད་པའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཏུ་བྱས་ནས་འགོ་ཁྲིད་ཀྱི་རྩ་འཛུགས་ལ་ཤུགས་སྣོན་དང་ལས་འགན་རིགས་བགོས་ཞིབ་ཚགས་ཀྱིས་དངོས་སུ་འགན་ཁུར་ནས་ལས་བགོས་བློ་མཐུན་དག་གིས་རང་རང་གི་འགན་འཁྲི་ལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་སྒོས་ཁུལ་གྱིས་རྫོང་ལུས་སུ་མི་འཇུག་པ་དང་རྫོང་གིས་ཞང་ལུས་སུ་མི་འཇུག་པ། ཞང་གིས་སྡེ་བ་ལུས་སུ་མི་འཇུག་པ། སྡེ་བས་སྡེ་མི་ལུས་སུ་མི་འཇུག་པ། མིས་ལས་གཞི་ལུས་སུ་མི་འཇུག་པ་སྟེ “མི་ལུས་པ་ལྔ ”ཡི་བྱ་བ་ལེགས་པོར་སྒྲུབ་པ། བྱ་བ་ཁྱོན་ཡོངས་ལ་ཁེབས་པ་དང་མི་སྣ་ཁྱོན་ཡོངས་ལ་ཁེབས་པ། འགན་འཁྲི་ཁྱོན་ཡོངས་ལ་ཁེབས་པ་བཅས“ཁེབས་པ་གསུམ ”ལ་འགན་སྲུང་བྱས། ས་ཁུལ་སོ་སོའི་གྲོང་ཁྱེར་དང་ཁུལ་དག་གིས་ཞིང་བ་དག་ཕྱིར་ཡུལ་དུ་ལོག་ནས་དུས་ཆེན་ལ་རོལ་བ་དང་གཅིག་བསྡུས་ཀྱིས་འགན་སྲུང་རིན་དངུལ་སྤྲོད་པའི་གོ་སྐབས་དམ་འཛིན་བྱས་ཏེ། ལོ་སར་གྱི་རོལ་རྩེད་འཁྲབ་སྟོན་གཞིར་བཟུང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་སྒྲོག་བྱེད་པ། ཞང་གསུམ་རིག་རྩལ་འཁྲབ་སྟོན། ཡིག་ཆ་ཨང་དང་པོ་དྲིལ་སྒྲོག་བྱེད་པ། ལས་ཞུགས་དཔྱིད་རླུང་ལས་འགུལ་སོགས་ཀྱི་བྱེད་སྒོ་དེ་དག་ཐང་ཆེན་དང་ཞང་། གྲོང་བརྡལ། ཞིང་སྡེ། འབྲོག་ཁུལ་བཅས་ཀྱི་མང་ཚོགས་ཀྱི་ཧ་གོ་བ་དང་གོ་སླ་བའི་སྐད་བརྡ་ལ་བརྟེན་ནས་མང་ཚོགས་ལ་མིག་གིས་མཐོང་རྒྱུ་ཡོད་པ་དང་རྒྱུས་ལོན་བྱེད་ཐུབ་པའི་རི་མོ་དང་ཡི་གེ་ལ་བརྟེན་ནས་མཁར་གྲོང་གི་སྡོད་དམངས་སྨན་བཅོས་སྲིད་ཇུས་གལ་ཆེན་དྲིལ་སྒྲོག་གིས་དབུལ་ཕོངས་མི་གྲངས་སྨན་བཅོས་དམིགས་གསལ་སྲིད་ཇུས་ཁྲོད་ཟབ་ཞུགས་བྱེད་པ། སྨན་བཅོས་རེ་འདུན་སྙན་ཞུ་སྒྲུབ་པའི་བརྒྱུད་རིམ་ལ་འགྲེལ་བ་གསལ་བོ་ཞིག་རྒྱག་པ། འབྲེལ་ཡོད་རྒྱུ་ཆ་འདོན་སྤྲོད་བྱེད་པ། དཔང་ཡིག་ལེན་པར་སྒུག་པ་སོགས་སེམས་ཁུར་ཆེ་བའི་གནད་དོན་མང་པོ་ཞིག་འགྲེལ་བཤད་བྱས། དེ་དང་མཉམ་དུ་རྒྱང་སྒྲོག་དང་བརྙན་འཕྲིན། དྲ་རྒྱ། སྐད་འཕྲིན་སྤྱི་གཞུང་སྟེགས་བུ། སྤྱི་ཚོགས་འགན་བཅོལ་གཞུང་སྒྲུབ་ཚོམས་ཆེན་དང་གཏན་ཁེལ་སྨན་བཅོས་སྒྲིག་གཞིའི་རྩིས་རྒྱག་སྒེའུ་ཁུང་སོགས་རྣམ་པ་མི་འདྲ་བའི་དྲིལ་སྒྲོག་དང་ཞབས་ཞུའི་བྱེད་སྒོ་སྤེལ།

དེ་ལས་གཞན་རིམ་པ་སོ་སོའི་མི་དོན་སྡེ་ཁག་དང་འགན་སྲུང་ལས་སྒྲུབ་ལས་ཁུངས་དག་གིས་ཞབས་ཞུའི་མི་སྣ་དག་སྡེ་བ་དང་གཞིས་ཁུལ། ཞིང་བའི་ཁྱིམ་ཚང་སོགས་ལ་སོང་སྟེ་ཞབས་ཞུའི་ཞིབ་བཤེར་རྩིས་ལེན་བྱས་ཏེ་སྨན་བཅོས་འགན་སྲུང་ལ་ཟབ་ཞུགས་བྱས་ཏེ་ཞབས་ཞུའི་རོགས་སྐྱོར་དང་སྲིད་ཇུས་དྲིལ་སྒྲོག་སོགས་ཀྱི་ཆེད་དོན་བྱ་འགུལ་སྤེལ་ནས་དབུལ་ཕོངས་མི་གྲངས་བརྒྱ་ཆའི་བརྒྱ་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་ནས་དུས་ལྟར་སྨན་བཅོས་འགན་སྲུང་ལོངས་སུ་སྤྱོད་པར་ཁག་ཐེག་བྱས། རྒྱུས་ལོན་ལས་ཤེས་གསལ་ལྟར་ཐེངས་རྗེས་མར་ཞིང་ཆེན་མི་དོན་ཐིན་གྱི་ཉམས་མྱོང་ཕྱོགས་བསྡོམས་བརྒྱུད “སྨན་བཅོས་ཉེན་ཚབ་དེ་སྒོ་ཁར་བསྐྱལ ”བའི་ཞབས་ཞུའི་བྱེད་སྒོ་མུ་མཐུད་དུ་སྤེལ་ནས་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་བྱ་བའི་དྲིལ་སྒྲོག་གི་ནུས་ཤུགས་ཆེས་ཆེར་བཏང་བ་དང་། མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ངོས་ཟིན་ཚད་གཞི་དང་སྨན་བཅོས་འགན་སྲུང་ཁྲོད་ཟབ་ཞུགས་བྱེད་པའི་ཧུར་བརྩོན་རང་བཞིན་མཐོར་འདེགས་སུ་བཏང་ནས་དམངས་ལ་ཞབས་ཞུ་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་། དམངས་ཀྱི་དོན་ལ་ཞབས་ཞུ་བྱེད་པའི་ཆུ་ཚད་དང་ནུས་པ་ཡང་མཐོར་འདེགས་སུ་བཏང་བ་མ་ཟད། མང་ཚོགས་ཀྱི་ཕན་འབྲས་རང་བཞིན་དང་བདེ་སྐྱིད་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་ཚོར་ཤེས་ཡང་ཇེ་མཐོར་བཏང་བ་རེད།

རྩོམ་སྒྲིག་པ། འབྲུག་མོ། 
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།