དབྱར་ཚེས་མ་ཐག་པའི་ཉིན་ཞིག་ལ། གསར་འགོད་པས་མདོ་ལའི་མུ་རི་བ་རྒ་སྡེ་བའི་ཏང་ཡོན་རྒན་པ་རྒྱ་མཚོ་ཡི་ཟིན་བྲིས་སྟེང་ནས་འདི་འདྲའི་དོན་དག་ཞིག་མཐོང་། ཉིས་སྟོང་དགུ་ལོར་རང་ཞིང་གི་ཞིང་ཕྱུགས་བྱ་བའི་གནད་ཆེ་བའི་བྱེད་ཐབས་ལྔ་དང་རྒྱུན་འཁྱོངས་ལྔ། རྩ་དོན་ལྔ། ལམ་ལུགས་ལྔ་ཞེས་ཕྱུགས་ལས་ཐོན་སྐྱེད་དང་འབྲེལ་བའི་སྲིད་ཇུས་སོགས་ཀྱི་ཟིན་ཐོ་སྐོར་ཞིག་རེད།
ད་ལོར་ལོ་དོན་བཞིར་བུད་པའི་ཏང་ཡོན་རྒན་པ་རྒྱ་མཚོ་ལོ་བཅུ་བཞིར་བུད་མ་ཐག་བྱ་བར་ཞུགས་ལ། རྫོང་སྲིད་གཞུང་གི་འཕྲིན་གཏོང་བ་ཞིག་ནས་རྩ་འཛུགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ནས་བྱ་བ་བསྒྲུབས་པ་དང་། དེའི་སྐབས་སུ་མཚོ་སྔོན་མི་རིགས་སློབ་ཆེན་དུ་ལོ་ལྔའི་རིང་སློབ་སྦྱོང་བྱས་ཏེ་ལོ་བཅོ་བརྒྱད་སྟེང་ཏང་ནང་དུ་ཞུགས། རིག་གནས་གསར་བརྗེའི་སྐབས་སུ་ཕྱིར་སྡེ་བའི་ནང་དུ་ལོག་ནས་ཕྱུགས་འཚོས། འོན་ཀྱང་1978ལོར་འབྲེལ་ཡོད་རྩ་འཛུགས་ཀྱིས་ཁོར་དཀར་འདོན་གནང་ནས་ཏང་ཐོ་དང་གཞུང་གི་ལས་འགན། ལས་གནས་སོགས་སླར་གསོ་བྱས། ཡིན་ཡང་ཁོས་གྲོང་ཁྱེར་རང་བཞིན་ཅན་གྱི་འཚོ་བ་དང་བྱ་བ་དེ་དེང་ལེན་མ་བྱས་པར་ཕ་ཡུལ་ལམ་སྡེ་བའི་ནང་ཐོན་སྐྱེད་ཀྱི་འགན་ཁུར་བ་དང་ཕྱུགས་ནད་སྨན་པ། སྡེ་བའི་ཀྲུའུ་རིན། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་ཀྱི་བྱ་བ་དག་ཧུར་ཐག་འབད་ཐག་གིས་བསྒྲུབས་མཐར་ལོ་ང་ལྔའི་སྟེང་ལས་འཁྱུར་ངལ་གསོ་བྱས།
ཁོས་སྡེ་བའི་ལས་བྱེད་མི་སྣའི་འགན་ལེན་དུས་ཧུར་ཐག་གིས་ཏང་གི་ཞིང་ཕྱུགས་ལས་བྱ་བའི་སྲིད་ཇུས་སྣ་ཚོགས་དང་མི་རིགས་སློབ་གསོ། འཆར་ལྡན་བུ་སྐྱེ། ཕྱུགས་ལས་འཕེལ་རྒྱས་བཅས་ཕྱོགས་མང་པོ་ནས་བྱ་བ་མང་པོ་ཞིག་བསྒྲུབས་པར་གོང་རིམ་སྡེ་ཁག་དང་མང་ཚོགས་ཀྱིས་ཁས་ལེན་ཐོབ་པར་མ་ཟད་།ཐེངས་མང་པོར་རྫོང་རིམ་པ་དང་ཞིང་རིམ་པའི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་གནང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་བཟུང་ཁོ་བོས་སྔར་ལས་ལྷག་པར་ཧུར་ཐག་སྒོས་ལས་གཞི་བརྩོན་ལེན་དང་། མང་ཚོགས་ཀྱི་དོན་དུ་དོན་དངོས་བསྒྲུབས་པ་དང་། དོན་བཟང་བསྒྲུབས་པར་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཀྱང་གདེང་འཇོག་མི་དམན་པ་ཐོབ། ཁོས་མང་ཚོགས་ལ་བཅངས་བའི་ལྷད་མེད་ཀྱི་བརྩེ་སེམས་བཅངས་ཏེ། རང་ཉིད་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱང་རང་ཉིད་ཀྱི་གླ་ཕོག་ཉུང་ཙམ་དེ་བཀོལ་ནས་མང་ཚོགས་ཀྱི་དཀའ་ཁག་ཐག་གཅོད་བྱེད་པར་རོགས་སྐྱོར་གནང་། དེ་དང་མཉམ་དུ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་དུས་རྒྱུན་དུ་རྒྱ་ཆེའི་མང་ཚོགས་རྣམ་པར་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་བྱས།
གསར་འགོད་པས་ཁོའི་ཟིན་བྲིས་ལ་ཞིབ་མོའི་ངང་ཐེངས་གཅིག་བལྟས་ཀྱང། སྔོན་དུ་བཀོད་པ་ཚང་མ་བོད་ཡིག་གིས་བྲིས་ཡོད་པ་དང་། ཏང་ཡོན་རྒན་པ་རྒྱ་མཚོས་མཚམས་སྦྱོར་བྱས་པ་ལྟར་ན་དེ་ཡང་ཏང་གི་རིག་གཞུང་སྐོར་གྱི་ཤེས་བྱ་རྐྱང་རྐྱང་ཡིན་ཟེར། གསར་འགོད་པས་རྒྱུས་ལོན་བྱུང་བའི་རྗེས་མའི་གནས་ཚུལ་དག་2009ལོ་ནས་2010ལོར་བཏབས་པའི་ཟིན་བྲིས་ཡིན། དེའི་སྟེང་ན་ཏང་གི་ཚོགས་ཆེན་བཅུ་དྲུག་པ་དང་བཅུ་བདུན་པའི་དགོངས་དོན་གལ་ཆེན། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་སུམ་བཅུའི་རིང་གི་གྲུབ་འབྲས་གཙོ་བོ་དང་ཉེ་བའི་ལོ་འགའི་རིང་གི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་བྲིས་ཡོད། ཁོས་ཟིན་བྲིས་འབྲི་སྟངས་ཀྱི་ཆ་ནས་ཀྱང་ཟིན་ཐོ་རེ་རེའི་ཁ་བྱང་ཚོན་མདངས་དམར་པོའི་བྲིས་ཡོད་ལ་ཟིན་ཐོ་ཡི་དངོས་གཞིའི་ནང་དོན་ཚོན་མདོག་སྔོན་པོས་བྲིས་ཡོད། ཁོའི་ཟིན་ཐོའི་ཡིག་འབྲི་གྲལ་དག་པར་མ་ཟད་བྲིས་པར་ཞིབ་ཆ་ལྡན་ལ་ནང་དོན་ཡང་ཧ་ཅང་གསལ་བོ་རེད། ཟིན་ཐོར་ཤོག་ངོས་ང་གསུམ་ཡོད་ལ་ཕལ་ཆེར་ཡིག་འབྲི་ཁྲི་གསུམ་ལྷག་ཡོད་པ་འདྲ།
གསར་འགོད་པས་ཏང་ཡོན་རྒན་པ་རྒྱ་མཚོར་ཁོང་གི་གནས་ཚུལ་རེ་རེ་ཟིན་བྲིས་སུ་བཀོད་པའི་རྒྱུ་མཚན་འདྲི་སྐབས། རྒྱ་མཚོ་ཡིས་བཤད་རྒྱུར། ད་སྐབས་ཏང་གི་དམངས་ཕན་སྲིད་ཇུས་ཧ་ཅང་མང་པོ་ཡོད་ལ། སྨན་བཅོས་ཉེན་ཚབ་དང་རྒན་གསོ་ཉེན་ཚབ། མ་མཐའི་འཚོ་བའི་འགན་སྲུང་།འབྲོག་པའི་གཏན་སྡོད་ལས་གཞི་བཅས་དམངས་ཕན་སྲིད་ཇུས་ཧ་ཅང་མང་པོ་ཡོད་རྐྱེན་སྡེ་མི་དང་རུ་ཁ་ཁྱིམ་མཚེས་རྣམས་གོང་གི་སྲིད་ཇུས་ འདི་དག་ནང་ཚབས་ཞུགས་དང་རྒྱུས་ལོན་བྱེད་པའི་གོ་རིམ་ཁྲོད་དོགས་གཞི་དང་དཀའ་ཁག་ལ་འཕྲད་ཚེ་ཁོར་འདྲི་བ་ཡིན། ཁོ་བོས་ཀྱང་རང་གི་ཤེས་ཚོད་ལྟར་དུ་དཀའ་ཁག་དང་དོགས་པ་རེ་རེ་སེལ་རོགས་བྱས་པར་མ་ཟད། ཁོས་ད་དུང་རང་ནུས་སྒོས་སྲིད་ཇུས་ཕྱོགས་ཀྱི་ཤེས་བྱ་དང་ཆུ་ཚད་བསྡུ་ལེན་གང་ལེགས་བྱས་ཏེ་འབྲོག་པ་མང་ཚོགས་རྣམས་ལ་ཅི་ལྟར་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སློབ་གསོ་འཛིན་སྤེལ་དང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་སྲུང་བ་བཅས་དྲིལ་སྒྲོག་བྱས་པས། ཁོ་ནི་ཏང་གི་སྲིད་ཇུས་འོས་འགན་གྱིས་དྲིལ་སྒྲོག་བྱེད་མཁན་ཞིག་ཏུ་གྱུར་ཡོད་ཟེར།
ལོ་ཙཱ་བ། དབྱངས་ཅན་སྐྱིད།
- རྐང་ཚའི་རྩྭ་ཐང་གི་ཉམས་མེད་འགྱུར་ཁུགས།
- སྡེ་དམངས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་ལ་བསྙེགས་མཁན།
- འབྲོག་པ་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་མཁན།
- སྡེ་ཁུལ་གྱི“གདུང་འདེགས་ཀ་བ།”
- འབྲོག་མོ་རིག་ལེ་ཡི་མངར་མ་སྐྱུར་གྱི་མི་ཚེའི་གཏམ་གླེང་།
- གྲྭ་རྐྱང་ཞིག་གི་ལྷག་བསམ་དཀར་པོ།
- རྩམ་འཐག་རྒད་པོའི་བདེ་སྐྱིད་ཀྱི་མི་ཚེ།
- ཏང་ཡོན་རྒན་པ་ཞིག་གི་ཟིན་ཐོ།
- རྩོམ་སྒྲིག་པ་ཞིག་གི་ཕ་སྐད་ལ་བཅངས་པའི་ལྷག་བསམ་འོ་མའི་རང་མདངས།
- གཡུ་ཐོག་རྒྱུད་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་མི་ཚེའི་གཏམ་རྒྱུད།༼ཁག་གཉིས་པ༽
- རྩོམ་སྒྲིག་པ་ཞིག་གི་ཕ་སྐད་ལ་བཅངས་པའི་ལྷག་བསམ་འོ་མའི་རང་མདངས།
- གཡུ་ཐོག་རྒྱུད་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་མི་ཚེའི་གཏམ་རྒྱུད། ༼ཁག་དང་པོ ༽
- གྲྭ་རྐྱང་ཞིག་གི་ལྷག་བསམ་དཀར་པོ།
- འབྲོག་མོ་རིག་ལེ་ཡི་མངར་མ་སྐྱུར་གྱི་མི་ཚེའི་གཏམ་གླེང་།
- གཡུ་ཐོག་རྒྱུད་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་མི་ཚེའི་གཏམ་རྒྱུད།
- གཡུ་ཐོག་རྒྱུད་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་མི་ཚེའི་གཏམ་རྒྱུད།༼ཁག་གཉིས་པ༽
- ༼བཞུད་ལམ༽དུས་དེབ་གཙོ་སྒྲིག་པ་ཞིག་གི་མི་ཚེའི་གཏམ་གླེང་། (ཁག་དང་པོ)
- ༼བཞུད་ལམ༽རོལ་མོ་སློབ་གསོ་བ་ཞིག་གི་མི་ཚེའི་གཏམ་གླེང་།
- ༼བཞུད་ལམ༽དུས་དེབ་གཙོ་སྒྲིག་པ་ཞིག་གི་མི་ཚེའི་གཏམ་གླེང་། (ཁག་གཉིས་པ)
- གཞི་རིམ་ཁྲིམས་སྐྱོང་བ་ཞིག་གི་གཏམ་རྒྱུད།








"