ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

ཁྱིམ་ཚང་གི་གདུང་མ། རྒན་བཀུར་གྱི་མ་དཔེ།

སྤེལ་དུས། 2017-03-09 15:59:10   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ལྷ་མོ།

རྒན་བཀུར་དང་རྒན་གཅེས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་ཡིན་ལ། ང་ཚོ་མི་རེ་རེས་སྒྲུབ་འོས་པ་ཞིག་ཀྱང་ཡིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྨ་བྱང་ཞང་བྲག་དམར་གོང་མ་སྡེ་བའི་སྡེ་དམངས་ཅན་ཁྲོན་ནི་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད་པའི་དཔེ་སྟོན་དང་མིག་དཔེ་ཞིག་ཡིན། ཁོ་ནི་འབྲོག་ཁྱིམ་ཞིག་ནས་སྐྱེས་པ་དང་བཟའ་མི་ལྔ་ཡོད་པའི་ཁྱིམ་ཚང་ཞིག་ལ་མཚོན་ན་ཁོ་ནི་ཁྱིམ་ཚང་དེའི་གདུང་མ་ལྟ་བུ་ཞིག་ཡིན་པ་དང་། སྡེ་བའི་བདག་མེད་ལོ་ལོན་དག་ལ་མཚོན་ན་ཁོ་ནི་ཁོ་ཚོའི་བུ་ངོ་མ་ཞིག་དང་མཚུངས་ཡིན།

གཅིག་སྟོང་དགུ་བརྒྱ་བརྒྱད་ཅུའི་ལོར། ཅན་ཁྲོན་གཉེན་སྒྲིག་བྱས་མ་ཐག་ཡིན་པ་དང་། སྐབས་དེར་ཁོས་སྡེ་བའི་ནང་གི་བདག་མེད་ལོ་ལོན་གཉིས་ལ་བརྟེན་ས་ཆགས་ས་མེད་པར་ཁེར་རྐྱང་དང་རང་ཉིད་ཀྱི་འཚོ་བར་ཡང་རང་ཉིད་ཀྱིས་བདག་སྐྱོང་བྱེད་མི་ཐུབ་པ་ཤེས་རྗེས། ཅན་ཁྲོན་བཟའ་ཟླ་གཉིས་ཀྱིས་བདག་མེད་ལོ་ལོན་དེ་གཉིས་རང་ཁྱིམ་དུ་བསུས་ནས་གཉོར་སྐྱོང་བྱེད་པའི་འོས་འགན་ཁུར་བ་རེད།

སྐབས་དེར་ཅན་ཁྲོན་ཚང་གི་འཚོ་བ་ཕྱུག་པོ་མིན་པ་དང་ཁོ་ཚང་གིས་ཀྱང་རང་གི་ཕ་མ་དང་བུ་ཕྲུག་གཉོར་སྐྱོང་བྱེད་དགོས་པ་ལས་ད་དུང་བདག་མེད་ལོ་ལོན་གཉིས་ཀྱང་གཉོར་སྐྱོང་བྱེད་དགོས་པས། རྒྱུན་དུ་དཔལ་འབྱོར་གྱི་དཀའ་ཁག་མྱང་པ་དང་ཁྱིམ་ཚང་གི་ལས་ཀ་ཧ་ཅང་ལྗིད། དེ་འདྲའི་ཆ་རྐྱེན་དང་དེ་འདྲའི་གནས་ཚུལ་འོག ཅན་ཁྲོན་བཟའ་ཟླ་གཉིས་ཀྱིས་བདག་མེད་ལོ་ལོན་གཉིས་ལ་རང་གི་ཕ་མ་བཞིན་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོའི་བར་དུ་གཉོར་སྐྱོང་བྱས་པ་དང་། ལོ་དེར་སྔ་གཞུག་ཏུ་ལོ་ལོན་གཉིས་ཀ་ཚེ་ལས་འདས།

ཅན་ཁྲོན་གྱིས་དཔལ་འབྱོར་ཐད་ཀྱི་དཀའ་ཁག་དང་ལུས་སེམས་ཀྱི་ཁུར་བོ་ལྗིད་པ་དེ་གཏན་ནས་ཁྱིམ་མི་ལ་མི་བཤད་པར་རང་གིས་འབད་བརྩོན་གྱིས་ལེགས་བཅོས་བྱེད་ཅི་ཐུབ་བྱས། ཁོས་སློབ་ཁྲིད་ཀྱི་བྱ་བ་ལས་པ་ལས་གཞན་ད་དུང་ཁོམ་སྐབས་ཀྱི་དུས་ཚོད་བེད་སྤྱད་ནས་ཕྱུགས་ལས་བདག་གཉེར་གྱི་ཕྱོགས་ལ་ཐབས་དང་བཀོད་པ་རེ་འཐེན་ནས་ཁྱིམ་ཚང་གི་ཡོང་སྒོ་འཕར་བའི་བགྲོད་ལམ་ཞིག་བཙལ་སྟེ། ཧུར་ཐག་སྒོས་ཕྱུགས་རྩྭ་འདེབས་པ་དང་ཕྱུགས་རྒྱུད་རྫོགས་པ། ནོར་ལུག་ཚོ་གསོ་བྱེད་པ་སོགས་ཚན་རིག་གི་བྱེད་ཐབས་སྤྱད་ནས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་བཏང་པས། ཁྱིམ་ཚང་གི་གནས་ཚུལ་ཡང་རིམ་བཞིན་ཇེ་བཟང་དུ་གྱུར།

ཅན་ཁྲོན་གྱིས་ལོ་ལོན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་གནས་ཚུལ་དེ་ཚང་མས་ཤེས་སུ་གྱུར་བ་རེད། ཁོ་ལ་དུས་ཚོད་ཅུང་ཙམ་རེ་ཡོད་སྐབས་སྡེ་བའི་ནང་གི་བདག་མེད་ལོ་ལོན་དག་དང་མཉམ་དུ་ཁ་བརྡ་བྱས་ནས་ཁོ་ཚོར་འདུག་རོགས་བྱེད་པ་དང་། ཡང་ན་གོན་པ་འགའ་རེ་དང་འཚོ་བའི་མཁོ་ཆས་རེ་སྟེར་གྱིན་འདུག དེ་བས་ཅན་ཁྲོན་གྱིས་རོགས་རམ་བྱས་མྱོང་བའི་ལོ་ལོན་རྒན་པ་ཚོས་ཁོ་རིག་མ་ཐག་གདོང་ལ་འཛུམ་གྱིས་ཁེངས་ཡོང་།

རང་ལོ་དོན་བདུན་ཡིན་པའི་བཀྲ་ཁོ་ནི་ཅན་ཁྲོན་གྱིས་གཉོར་སྐྱོང་བྱས་པའི་བདག་མེད་ལོ་ལོན་གྲས་ཀྱི་གཅིག་ཡིན། ཉིས་སྟོང་དྲུག་ལོར། ཅན་ཁྲོན་གྱིས་ཐག་རིང་ན་ཡོད་པའི་རང་གི་ཤ་ཉེ་བཀྲ་ཁོས་རང་གི་འཚོ་བ་རང་གིས་བདག་སྐྱོང་བྱེད་མི་ཐུབ་པར་དུས་ཡུན་རིང་བོར་གཅིག་པུས་འཚོ་བ་རོལ་བཞིན་ཡོད་པའི་གནས་ཚུལ་ཐོས་རྗེས། ཁོ་དང་ཁོའིཆུང་མ་གཉིས་ཀྱིས་གྲོས་བྱས་ནས་རང་ཁྱིམ་དུ་བླངས། ལོ་ངོ་བཅུ་ལྷག་རིང་གི་འཚོ་བའི་ཁྲོད་ཅན་ཁྲོན་གྱི་ཆུང་མས་སེམས་དང་བསམ་པའི་གཏིང་ནས་བདག་མེད་ལོ་ལོན་དེ་རང་མིར་བརྩིས་ཏེ་ཇི་འདྲའི་ཁོམ་པ་མེད་ནའང་ལོ་ལོན་ལ་བདག་སྐྱོང་བྱེད་པའི་བྱ་བ་དེ་སེམས་ལ་བཟུང་ནས་ཟ་འཐུང་དང་འགྲོ་འདུག་སྤྱོད་ལམ་ལ་དོ་ཁུར་ལེགས་པོ་བྱེད་བཞིན་ཡོད།

ཅན་ཁྲོན་བཟའ་ཟླ་གཉིས་ཀྱིས་ནམ་ཡིན་ཡང་ལོ་ལོན་གྱི་སེམས་འདུན་དེ་ཀུན་ལས་གཙོ་བོར་བཞག་ཏེ་དོན་དག་ལ་ལ་ཐག་གཅོད་བྱེད་སྐབས་ཀྱང་ཐོག་མར་ལོ་ལོན་ལ་འདྲི་བ་དང་། མཚམས་ལན་རེར་ཁོ་གཉིས་ཀྱི་བསམ་ཚུལ་དང་ལོ་ལོན་གྱི་བསམ་ཚུལ་མི་མཐུན་པའི་སྐབས་སུ་ཁོ་ལོ་ལོན་གྱི་གམ་དུ་བཙོག་ནས་ལོ་ལོན་དང་མཉམ་དུ་གྲོས་བྱེད་པ་དང་ལོ་ལོན་ཚོ་མི་འཐད་པའི་གནས་ཚུལ་ལ་ཞིབ་ཏུ་ཉན་པ་མ་ཟད། ལོ་ལོན་ལ་སེམས་གསོ་བྱས་ནས་ལོ་ལོན་ཚོ་དགའ་བ་དང་ཡིད་ཚིམ་པར་བྱས་དང་བྱེད་བཞིན་འདུག

ཁོ་ཚོས་ནམ་ཡང་རང་ཉིད་ཡང་ལོ་ལོན་རྒྱུ་ཡོད་པ་ཤེས་པ་དང་སྐབས་དེར་རང་ཉིད་ལའང་བུ་བུ་མོ་ཚོས་བདག་སྐྱོང་བྱེད་པས་ཐོག་མར་རང་ཉིད་ཀྱིས་ལོ་ལོན་ལ་བདག་སྐྱོང་ལེགས་པོ་བྱས་ནས་མ་དཔེ་སྟོན་དགོས་པར་འདོད་ཀྱིན་ཡོད། ཅན་ཁྲོན་གྱིས་བཀྲ་ཁོ་ལ་རང་ཉིད་ཀྱི་ཨ་མ་བཞིན་གཅེས་སྐྱོང་བྱེད་བཞིན་ཡོད། རང་ཉིད་ཀྱི་ཨ་མ་སྤྱི་ལེ་དྲུག་ཅུའི་མཚམས་ཀྱི་རི་སྒང་ན་གནས་པའི་ནུ་བོའི་ཁྱིམ་ན་ཡོད། ལོ་རེར་ཁོའི་བུ་དང་བུ་མོར་བཀྲ་ཁོ་གཉོར་སྐྱོང་བྱེད་པའི་དུས་ཚོད་ཡོད་སྐབས་ད་གཟོད་རང་ཉིད་ཀྱི་ཨ་མར་སྐོར་རྒྱག་གི་འགྲོ་བཞིན་ཡོད། ཁོ་འགྲོ་ཐེངས་རེར་ལོ་ལོན་དང་གྲོས་བྱེད་པ་དང་བུ་བུ་མོར་ལོ་ལོན་ལ་བདག་སྐྱོང་བྱེད་པའི་སྐོར་གྱི་བྱ་བ་གསལ་བཤད་བྱས་རྗེས་ད་གཟོད་འགྲོ་བ་ཡིན། ཅན་ཁྲོན་ཚང་དང་ཅུང་ཐག་རིང་སར་གནས་པའི་ཅན་ཁྲོན་གྱི་ཨ་མས་བུ་དང་མནའ་མ་གཉིས་ཀ་རང་ཉིད་ལ་སྐོར་རྒྱག་གི་ཡོང་བ་མཐོང་རྗེས་ནམ་ཡང་མིག་མཐར་དགའ་སྤྲོའི་མཆུ་མ་འཁོལ་བཞིན་འདུག ཁོ་མོ་ལོ་མཐོ་བས་བུ་དང་མནའ་མ་གཉིས་ཀ་མོ་ལ་སྐོར་རྒྱག་གི་ཡོང་སྐབས་ཡར་ལངས་ནས་བསུ་མ་བྱེད་མི་ཐུབ་ཀྱང་མོ་བྱིས་པ་ཇི་བཞིན་ཁོ་གཉིས་ཀྱི་སྐེ་ལ་འཁྱུད་ཀྱིན་འདུག ཕ་མ་དང་མཉམ་འཛོམས་བྱས་ན་ཧ་ཅང་སྐྱིད་ཀྱང་དུས་དེའང་ཧ་ཅང་ཐུང་བ་རེད། ལོ་ལོན་བཀྲ་ཁོ་སེམས་ལ་ཐོགས་པ་དང་ལམ་བར་དུ་ཡང་དུས་ཚོད་གཉིས་ལ་འགྲོ་དགོས་པས་ཁོ་ཚོ་ནམ་ཡང་ཅུང་ཙམ་ལ་བསྡད་རྗེས་ཕྱིར་ལམ་ལ་ཆས་པ་ཡིན།

བྲག་དམར་གོང་མ་སྡེ་བའི་ནང་ཅན་ཁྲོན་ལ་བསྟོད་བསྔགས་ཀྱི་མཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད། ཁོ་ཚོས་ཅན་ཁྲོན་ནི་མི་ནུས་པ་ཅན་ཞིག་དང་མི་བཟང་ཞིག་ཡིན་པས། ང་ཚོས་ཁོ་ལ་སློབ་སྦྱོང་བྱེད་འོས་ཟེར། དུས་ཡུན་རིང་བོར་ཅན་ཁྲོན་བཟའ་ཟླ་གཉིས་ཀྱིས་ལོ་ལོན་ལ་གཅེས་སྐྱོང་དང་དབུལ་བོར་རོགས་རམ་བྱེད་པ། ཁྱིམ་མཚེས་བར་མཐུན་སྒྲིལ་བྱེད་པ་སོགས་ཕྱོགས་ཀྱི་དོན་དངོས་ཀྱི་བྱ་སྤྱོད་ལ་ཞང་དང་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དགའ་བསུ་ཐོབ།
 

ལོ་ཙཱ།  བསོད་ནམས་ལྷ་མོ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།