ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

གུང་ཧོ་རྫོང་ཨེར་སྟི་ཞང་ཆོས་ཚ་དགོན་པའི་གྲྭ་བཙུན་སྐལ་ལྡན་རྒྱ་མཚོའི་མི་ཚེའི་ལོ་རྒྱུས།

སྤེལ་དུས། 2017-03-16 11:39:26   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྟོབས་ལྡན་རྒྱལ།

གྲྭ་བཙུན་སྐལ་ལྡན་རྒྱ་མཚོ་ནི1966ལོའི་ཟླ3པར་གུང་ཧོ་རྫོང་ཨེར་སྟི་ཞང་ཆོས་ཚ་སྡེ་བའི་དབུལ་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་སུ་སྡེ་བའི་བྱིས་པ་ཚོ་དང་ལྷན་དུ་དགུན་གྲང་ངར་དང་དབྱར་ཆར་ཆུའི་ཁྲོད་ནས་ཕྱུགས་ཟོག་འཚོས་ཤིང་། ལོ་ན་ཆུང་བའི་དུས་བཟུང་ནས་བྱིས་པ་ཡ་རབས་ལྷུན་ཆགས་ཤིག་ཡིན་ལ། 1985ལོར་ཁྱིམ་ནས་ཁྱིམ་མེད་པར་ཆོས་ཚར་དགོན་པར་རབ་བྱུང་བསྒྲུབས་ཤིང་། ད་ལྟ་ཁོས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཁུར་ཡོད། ཁོའི་ལྷག་བསམ་གྱི་ཉི་ཟེར་གྱིས་སེམས་ཅན་གྱི་སྙིང་ཁོང་གི་མེ་ཏོག་ལྷུག་པོར་གྲོལ་ཞིང་། ང་ཚོ་འཚོ་གཞིས་གནང་སའི་ཁོར་ཡུག་འདི་ལ་ཡིད་ཆེས་ཀྱི་མེ་དཔུང་རབ་ཏུ་སྦར། ཁོས་ད་བར་དུ་བློ་ཐག་རྦད་ཆོད་ཀྱིས་དགོན་པའི་བྱ་བར་འབད་ཞོར་དུ། ཡུལ་མི་སྤུན་ཟླ་ཚོ་དང་ལྷན་དུ་སྐྱིད་སྡུག་མཉམ་ཁུར་བྱས་ཤིང་། སྡེ་བའི་མང་ཚོགས་ཀུན་གྱིས་ཁོང་ལ་བསྟོད་བསྔགས་ཀྱི་མེ་ཏོག་བར་མེད་དུ་གཏོར་བཞིན་ཡོད་པར་མ་ཟད། གྲྭ་བཙུན་ཞིག་ལ་ཚང་དགོས་པའི་བྱམས་སྙིང་རྗེ་དང་། ལས་རྒྱུ་འབྲས་སོགས་ཀྱི་བློ་ཁོག་མངོན་པར་བྱས་ཡོད།

ཁོ་དང་ཐོག་དགོན་པར་ཐོན་མ་ཐག་དགོན་པའི་ནང་དུ་ལོ་ན་བདུན་ཅུ་ནས་བརྒྱད་ཅུར་སོན་པའི་གྲྭ་བ་རྒན་པ་འགའ་ཡོད་ལ། ཁོང་ཚོར་དགོན་པའི་ནང་དུ་ཤ་ཉེ་སྲིང་མེད་པར་མ་ཟད། མི་འདོད་ནད་ཀྱིས་མནར་བས་ཁ་ལ་ཟ་འཐུང་དང་། རྒྱབ་ལ་གོས་ལྭ་གྱོན་པར་ཡང་དཀའ་ངལ་ཆེན་པོར་འཕྲད་ཡོད། གྲྭ་བཙུན་སྐལ་ལྡན་རྒྱ་མཚོས་གནས་ཚུལ་འདི་མཐོང་མ་ཐག སེམས་པ་སྡུག་གིས་མནར་ཞིང་། ཡིད་སེམས་རབ་ཏུ་སྐྱོ་ནས། རྗེས་མར་གྲྭ་བ་རྒན་པ་དག་ལ་རོགས་རམ་ཞིག་བྱེད་པར་སེམས་ཐག་བཅད། ཁོས་ད་དུང་། སྡེ་བའི་ནང་གི་ལོ་ལོན་བདག་མེད་དག་དགོན་པའི་ནང་དུ་ཁྲིད་ཡོང་ནས་ཁང་བ་བཀོད་སྒྲིག་བྱས་པར་མ་ཟད། ནད་བྱུང་ཚེ་སྨན་པར་སྟོན་པ་དང་། ལྭ་བ་དཀྲུ་བ་སོགས་ཞབས་ཞུ་ལེགས་པོར་བསྒྲུབས། ཨ་ཐོ་ནི་དེའི་ཁྲོད་ཀྱི་ལོ་ལོན་གཅིག་ཡིན། 2016ལོར་ཁོས་ཡང་བསྐྱར་རྩ་འཛུགས་བྱས་ཏེ། སྡེ་བའི་ནང་གི་ལོ་ལོན་བཞི་བཅུ་ལྷག་ཁྲིད་དེ་སྨན་པར་བསྟན་པ་དང་། རང་སྟེང་ནས་སྒོར་ཁྲི་གཅིག་དང་སྟོང་གསུམ་བཏང་ནས་རེབ་དེའི་ཟ་མ་དང་འདུག་ཁང་ཐམས་ཅན་མཁོ་སྤྲོད་བྱས་པ་རེད། ད་དུང་ལོ་སར་དང་དུས་ཆེན་སྐབས་སུ་སྡེ་བའི་ནང་གི་དབང་བོ་སྐྱོན་ཅན་དང་། དྭ་ཕྲུག ལོ་ལོན་བདག་མེད་སོགས་མི་སྣ་སུམ་ཅུ་ལྷག་ལ་འཚོ་བའི་རྒྱུན་སྤྱོད་ཡོ་ཆས་མཁོ་སྤྲོན་བྱས་པར་མ་ཟད། ཁོ་ཚོའི་ཁང་ཁྱིམ་སོགས་གཙང་སྦྲ་བྱས་ཏེ། དུས་ཆེན་སྐྱིད་པོ་ཞིག་རོལ་བར་མཐུན་རྐྱེན་གང་ལེགས་བསྐྲུན་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོར་རོགས་སྐྱོར་བྱས་ནས་ད་བར་དུ་ཐོན། ཁོས་རང་གི་ཁེ་ཕན་དང་རྒྱུ་འབྱོར་སོགས་ལོགས་སུ་དོར་ནས། ལོ་ལོན་ཚོར་སེམས་གསོ་བྱེད་པ་དང་། རོགས་སྐྱོར་བྱེད་པ། བརྩེ་བ་འབུལ་བ་བཅས་ནི་མི་ཚེ་འདིའི་རེ་བ་ཉག་ཅིག་ཏུ་བསམ་ཡོད། ཁོས་ལོ་ལོན་ཚོ་གཉོར་སྐྱོར་བྱེད་ཞོར་དུ་ནང་ཆོས་ལ་སློབ་སྦྱོང་བྱས་ནས། རང་རྟོགས་ཀྱི་བསམ་བློ་དང་སྦྱོར་བ་མཐོར་འདེགས་སུ་བཏང་བར་མ་ཟད། སློབ་སྦྱོང་གི་རྒྱུན་མ་ལྷོད་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན། ཁོས་མ་འོངས་པ་ན་རང་གི་རྒྱུད་ཀྱི་ཤེས་བྱ་མཐའ་དག་གྲྭ་བ་ཆུང་ཆུང་དག་ལ་ཁྲིད་དེ། ཁོ་ཚོར་སློབ་སྦྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་སྤྲོད་རྒྱུ་ཡིན་པ་དང་།  དེ་བཞིན་དུ་ཕ་ཡུལ་གྱི་སློབ་གསོའི་ཕྱོགས་ལ་འབད་འབུངས་བྱས་ཏེ། རང་ནུས་ཅི་ལྕོགས་ཀྱིས་བྱས་རྗེས་ཕྲན་ཙམ་རེ་འཇོག་པའི་ཕུགས་བསམ་ལ་ནམ་ཡངས་ལྷོད་པ་མེད། གཞན་ཡང་ཁོས་རང་འགུལ་གྱིས་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་མི་སྣར་འབྲེལ་བ་བྱས་ཏེ། རིག་གནས་དང་ནུས་པ་མེད་པའི་སྡེ་བའི་ན་གཞོན་དབང་བོ་སྐྱོན་ཅན་ལྔ་དུས་ཡུན་ལོ་གསུམ་གྱི་རིང་ལ་ཟི་ལིང་དུ་མངགས་ནས། རིན་མེད་ངང་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག ཁོས་འདི་ལྟར་རང་གི་ལྷག་བསམ་དང་།གཞན་ཕན་གྱི་བསམ་བློ་ཉམས་པ་མེད་པར་རང་ལས་གཞན་གཙོ་དང་། རང་གི་ཁེ་ཕན་དོར་ནས་ཉམ་ཆུང་མི་སྣ་དག་གི་བདེ་སྡུག་ལ་འབད་བཞིན་མཆིས་སོ།།

 ལོ་ཙྭ་བ། སྟོབས་ལྡན་རྒྱལ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།