ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་བར་དབོན་སྡེ་བའི་སྨན་པ་འཇིགས་མེད་བཟང་པོ།

སྤེལ་དུས། 2018-05-08 15:54:44   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

ལུས་ལ་སྨན་པའི་ལྭ་བ་དཀར་པོ་གྱོན་ཞིང་། སྐེ་ལ་ཉན་བརྟག་ཡོ་བྱད་བཏགས་པ་དང་། མིག་ཟུང་གིས་མཚམས་ལན་རེར་ཁྲག་ཤེད་འཇལ་ཆས་སྟེང་ལྟ་ཙམ་བྱེད་ལ། ལག་པ་གཡོན་པས་ནད་པའི་རྩ་ལ་རེག་ནས་བློ་གཅིག་སེམས་གཅིག་གིས་བརྟག་དཔྱད་བྱེད་པའི་ཚུལ་དེ་ནི་བར་དབོན་སྡེ་བའི་སྨན་པ་འཇིགས་མེད་བཟང་པོའི་རྒྱུན་ལྡན་གྱི་ལས་ཀ་ཞིག་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་བར་དབོན་སྡེ་བའི་འཇིགས་མེད་བཟང་པོ་གཅིག་སྟོང་དགུ་གྱ་དྲུག་ལོར་ཞང་དང་སྡེ་བའི་སྨན་པར་གྱུར་བ་དང་། ཁོས་བཤད་རྒྱུར། ཁོ་རང་གཅིག་དགུ་གྱ་དྲུག་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་ཞིང་། དེ་དུས་ལོ་བཅོ་བརྒྱད་ཙམ་ཡིན། སྐབས་དེར་ཕྱིར་སྡེ་བར་ལོག་ནས་དགེ་རྒན་དང་མཉམ་དུ་བོད་ལུགས་གསོ་རིག་སྐོར་ལ་སྦྱངས་པ་བྱས་པ་དང་། དེའི་ཞོར་དུ་ཉི་མ་རེ་རེར་རི་འགོར་འགོས་ནས་སྨན་བཏུས་པ་དང་སྨན་སྣ་སྡེབ་སྦྱོར་བྱས་ལ། རིམ་བཞིན་ནད་རིགས་བརྟག་དཔྱད་སྐོར་ལ་སློབ་སྦྱོང་བྱས་ནས་ལོ་འགའ་འགོར་རྗེས་ས་གནས་ཀྱི་ཞང་དང་སྡེ་བའི་སྨན་པ་ཞིག་ཏུ་གྱུར། ད་ལྟའི་བར་སྨན་པའི་ལས་ཀ་འདི་གཉེར་ནས་ལོ་ངོ་སོ་གཉིས་འགོར་ཟེར།
མང་ཚོགས་ཀྱི་མིག་ལམ་དུ་ལུས་ལ་སྨན་པའི་ལྭ་བ་དཀར་པོ་གྱོན་པའི་འཇིགས་མེད་བཟང་པོ་ནི་རྒྱུན་པར་ནད་བརྟག་དང་སྨན་ཡིག་འབྲི་བར་མཁས་པ། ནད་པའི་སྡུག་བསྔལ་སེལ་ཞིང་རིམས་ནད་སྔོན་འགོག་ལ་མཁས་པའི་སྨན་པ་ཞིག་ཡིན་པ་ལས་གཞན། སྨན་པའི་ལས་ཀ་གྲོལ་རྗེས་ཁོ་ནི་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཞིག་ཀྱང་རེེད།

ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་། འཇིགས་མེད་བཟང་པོའི་སེམས་སུ་སྡེ་དམངས་ལ་རོགས་བྱས་ནས་མཉམ་དུ་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་རྒྱུའི་འདུན་པ་དྲག་པོ་ཞིག་སྐྱེས། ཐེངས་ཤིག་གྲོགས་པོ་ཚོ་དང་མཉམ་དུ་ཁ་བརྡ་གློད་པའི་སྐབས་སུ་ཁོས་སྡེ་དམངས་ལ་རོགས་རམ་ཅུང་ཙམ་བྱེད་རྒྱུའི་དྲན་ཚུལ་དྲག་པོ་ཡང་བསྐྱར་བསླངས། གྲོགས་པོ་ཚོས་ཀྱང་དེ་ནི་དོན་བཟང་ཞིག་ཡིན་པ་ཤེས་པས། ཚང་མས་དཀའ་ངལ་ལ་མ་འཛེམས་པར་ཚོང་རར་མྱུལ་བ་དང་ཚོང་ལམ་འཚོལ་བ་བཅས་བྱས་པ་བརྒྱུད། མཐར་ཁོ་ཚོས་ནོར་ལུག་ཚོ་གསོ་མཉམ་ལས་ཁང་ཞིག་གཉེར་རྒྱུ་ཐག་བཅད། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། འཇིགས་མེད་བཟང་པོས་མ་དངུལ་སྒོར་འབུམ་བརྒྱད་བཏང་བ་དང་། སྡེ་དམངས་གཞན་དག་གིས་མ་རྐང་གི་ཚུལ་དུ་མ་དངུལ་སྒོར་མོ་འབུམ་གཉིས་བཏང་ནས་ཚ་རྔ་འགག་གྲོང་རྡལ་བར་དབོན་སྡེ་བའི་བོད་ཀྱི་ནོར་ལུག་ཚོ་གསོ་ཆེད་ལས་མཉམ་ལས་ཁང་གཉེར་མགོ་བརྩམས།

མཉམ་ལས་ཁང་དུ་འབྲོག་ཁྱིམ་གྱ་བདུན་དང་ཁོངས་མི་བཅུ་གཅིག་ཡོད། སའི་རྒྱ་ཁྱོན་ལ་སྤྱི་ཆིངས་གཉིས་དང་གྲངས་ཆུང་གཉིས་བདུན་ཡོད་པ་དང་། དེའི་ཁྲོད་དྲོད་ཁང་གསོ་སྤེལ་ར་བ་དང་། གཟན་ཆས་ཁང་། དུག་སེལ་ཁང་སོགས་ཆ་ཚང་ཡོད། མཉམ་ལས་ཁང་ཐོག་མར་གཉེར་དུས། ཉམས་མྱོང་དབེན་པའི་རྐྱེན་གྱིས་ལོ་གཅིག་གི་རིང་ལ་ཁེ་སྤོགས་གཅིག་ཀྱང་ལོན་མ་ཐུབ། འཇིགས་མེད་བཟང་པོས་སེམས་མ་ཕམ་པར་ས་ཁུལ་གཞན་གྱི་མཉམ་ལས་ཁང་དུ་ཉམས་མྱོང་བརྗེ་རེས་བྱེད་དུ་ཕྱིན། མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གཅིག་ཀྱང་མེད་ཅེས་པའི་དཔེ་ལྟར། ཉིས་སྟོང་བཅུ་དྲུག་ལོར་མཉམ་ལས་ཁང་གི་ཁེ་སྤོགས་སྒོར་མོ་འབུམ་བཞི་དང་ཁྲི་གསུམ་ལ་སླེབས།
འཇིགས་མེད་བཟང་པོས་གསར་འགོད་པར་བཤད་རྒྱུར། ང་ཚོས་སྐབས་དེར་ལུ་གུ་སྟོང་གཅིག་དང་བཞི་བརྒྱ་དང་བོང་བུ་བརྒྱ་དང་བཞི་བཅུ་ལྷག་ཉོས་ནས་མིན་ཡོན་ས་ཆར་ཕྱིར་འཚོང་བྱས་པ་དང་། ཡོང་སྒོ་སྒོར་མོ་འབུམ་བཞི་དང་ཁྲི་གསུམ་ཐོབ་ལ། ཡོང་སྒོའི་བརྒྱ་ཆའི་སུམ་ཅུ་སྡེ་དམངས་ཚོར་བགོ་བྱ་བརྒྱབ་པ་ཡིན། ན་ནིང་ལོ་མགོར། ངས་མཉམ་ལས་ཁང་གི་ལས་མི་རྣམས་ཁྲིད་དེ་ལུ་གུ་སྟོང་གཅིག་ཉོ་རུ་ཕྱིན་པ་དང་། ཟླ་གསུམ་ལྷག་ལ་གསོ་སྐྱོང་བྱས་རྗེས་ཚང་མ་ཕྱིར་བཙོངས་བས་ཡོང་སྒོ་སྒོར་མོ་འབུམ་གཉིས་དང་ཁྲི་གསུམ་ལ་སླེབས་ཟེར།

ཡོང་སྒོ་དེ་དག་ནི་དགའ་འོས་པའི་གཏམ་བཟང་ཞིག་ཡིན་པར་མ་ཟད། རེ་བ་ཞིག་ཀྱང་ཡིན་པར་བརྗོད་ཆོག་ཆོག་རེད། མཉམ་ལས་ཁང་རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་སྡེ་དམངས་ཚོའི་ཡོང་སྒོ་ཡང་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད། ཡིན་ཡང་འཇིགས་མེད་བཟང་པོ་ཁོམ་ནས་མི་སྡོད་པར་ནམ་རྒྱུན་མང་ཚོགས་ཀྱི་ཁྱིམ་ལ་སོང་ནས་ནད་པར་བརྟག་ཞིབ་བྱེད་བཞིན་ཡོད། ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་ཁོས་རང་སྟེང་ནས་མ་དངུལ་བཏང་སྟེ་སྨན་རྫས་ཉོས་ཤིང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་ཉི་ཤུ་ཡི་སྡེ་དམངས་ཚོའི་ནད་ལ་བརྟག་དཔྱད་དང་སྨན་སྦྱིན་བཏང་། ཉིས་སྟོང་བཅུ་དྲུག་ལོར་འཇིགས་མེད་བཟང་པོས་སྒོར་མོ་ཁྲི་དྲུག་ལྷག་བཏང་བ་དང་། ཉིས་སྟོང་བཅུ་བདུན་ལོར་ཁོས་སྒོར་མོ་ཁྲི་བདུན་ལྷག་བཏང་སྟེ། སྡེ་དམངས་ཚོར་ཕན་བདེ་བསྐྲུན་ལ། དེ་ནི་ཁོས་སྡེ་དམངས་ཚོར་བཅངས་པའི་བརྩེ་བ་ཞིག་ཀྱང་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།