ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

གླུ་མ་ཚེ་རིང་གཡང་དཀར་གྱིས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་བ།

སྤེལ་དུས། 2018-06-19 09:48:41   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།
 ད་ལོའི་ཟླ5པའི་ཚེས6ཉིན་གྱི་དགོང་མོར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་གསུམ་པའིསྐར་འོད་ལམ་ཆེནགྱི་གར་སྟེགས་སྟེང་། མཚོ་སྔོན་ཞིང་ཆེན་གྱི་དམག་ཁུལ་དུ་དམག་ལ་ཞུགས་ཤིང་དམག་ཁོངས་ནས་ཕྱིར་བུད་པའི་འཐབ་མོ་བ་ཞིག་གིས་གཟའ་འཁོར་རེའི་འགྲན་བསྡུར་ལས་ཨང་དང་པོ་བླངས་ཏེ། བདེ་བླག་ངང་ཟླ་རེའི་འགྲན་བསྡུར་དང་ལོ་མཇུག་གི་རྟིང་རྩོད་འགྲན་བསྡུར་དུ་ཚུད། གནས་ཚུལ་འདི་དེ་མ་ཐག་མཚོ་སྔོན་གྱི་ས་ཕྱོགས་ཀུན་ཏུ་ཁྱབ་པ་དང་། མཚོ་སྔོན་མི་དམངས་ཀྱི་སྐད་འཕྲིན་གྱི་གྲོགས་ཚོམས་སོགས་སུའང་བརྒྱུད་བསྐུར་མང་དུ་བྱེད་བཞིན་མཆིས་པས། མཚོ་སྔོན་གྱི་སྨྱན་བྱད་ཆེ་མ་ཆུང་གསུམ་གྱིས་དེར་དོ་ཁུར་རྒྱ་ཁྱབ་བྱུང་།
ཁོ་མོའི་མིང་ལ་ངག་བཟའ་ཚེ་རིང་གཡང་དཀར་ཟེར་ཞིང་། དྲི་མེད་དྭངས་གཙང་གི་གཙང་གསུམ་འབྱུང་ཡུལ་ཏེ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་མི་རེད། 2013ལོའི་ཟླ9པར། དམག་སྒར་གྱི་ཕུགས་འདུན་ཡིད་ལ་བཅངས་ནས་ཁོ་མོ་སློབ་མ་ནས་དམག་ལ་ཞུགས་ཏེ། ཧའེ་ཁོའུ་ཡི་ཆུང་ཐའེ་དགེ་ཐོན་སློབ་གླིང་ནས་དམག་སྐུལ་དང་བླངས་ཀྱིས་དམག་ནང་དུ་ཞུགས་པ་དང་། ཡང་བསྐྱར་གངས་ལྗོངས་མཐོ་སྒང་གི་ཕང་བར་ལོག་ཅིང་། མཚོ་སྔོན་ཞིང་ཆེན་གྱི་དམག་ཁུལ་དུ་དམག་ནང་དུ་ཞུགས།
ཚེ་རིང་གཡང་དཀར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། 2013ལོའི་ལོ་མཇུག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་གཏིང་ཟབ་ཏུ་ཁོང་དུ་ཆུད་པར་བྱེད་པ་དང་། གཞི་རིམ་ལ་རྒྱ་བསྐྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། རྒྱུད་ཆད་མེད་པར་ཏང་གི་གསར་གཏོད་གཞུང་ལུགས་མང་ཚོགས་ཅན་དང་གླེང་ཕྱོགས་དྲིལ་སྒྲོག་གཙོ་ཁྲིད་ཅན་གྱི་ཐབས་ལམ་དར་རྒྱས་སུ་གཏོང་ཆེད། ཞིང་ཆེན་དམག་ཁུལ་གྱིས་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པའི་སློབ་ཆེན་སློབ་མའི་དམག་མི17བདམས་ཏེབོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ཡན་ལག་རུ་ཁག་ཆུང་བཞིག་བཙུགས། རིག་རྩལ་ཐད་ནས་དམིགས་བསལ་གྱི་ཡོན་ཏན་ཡོད་པ་དང་གཞན་རྒྱ་བོད་སྐད་གཉིས་ལའང་བྱང་ཆུབ་པས། དམག་མི་གསར་པའི་གསོ་སྦྱོང་མཇུག་རྫོགས་རྗེས། ཚེ་རིང་གཡང་དཀར་རུ་ཁག་དེའི་ནང་དུ་འདེམ་མངགས་བྱས།
ཆུང་དུས་ནས་བཟུང་ཁྱིམ་ཚང་གི་ཤུགས་རྐྱེན་འོག ཚེ་རིང་གཡང་དཀར་རིམ་བཞིན་རོལ་དབྱངས་དང་ལས་འབྲེལ་ཆགས་ཤིང་། སྐད་ངག་སྙན་མོ་ཞིག་ཡོད་པར་གྱུར། བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ཡན་ལག་རུ་ཁག་ཆུང་བའིནང་དུ་ཞུགས་རྗེས། ཁོ་མོ་རུ་ཁག་གི་རྗེས་སུ་འབྲངས་ཏེ་མཐོ་སྒང་དུ་བསྐྱོད་ཅིང་གངས་རི་དང་སྤང་ཐང་བརྒལ་ལ། གྲོང་གསེབ་དང་སྡེ་བ་གང་མང་ཞིག་ཏུ་སོང་སྟེ་ཁྱིམ་ཚང་མང་པོར་འཚམས་འདྲི་བྱས་ཤིང་། གླུ་དབྱངས་ལེན་པ་དང་བྲོ་འཁྲབ་པ། སྒྲོག་འགྲེལ་བྱེད་པབཅས་ཀྱི་རྣམ་པར་བརྟེན་ནས། ཀྲུའུ་ཞིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དྲིལ་སྒྲོག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག ཁོ་མོའི་ཡིད་སེམས་འགུལ་བའི་གླུ་སྐད་ཀྱིས་རིགས་སོ་སོའི་མཚོ་སྔོན་གྱི་མང་ཚོགས་ལ་བརྗེད་དཀའ་བའི་དྲན་ཤིང་བཞག་ཡོད། 2014ལོའི་ལོ་མགོར། རུ་ཁག་ཆུང་བ་ཁ་བའི་ཁྲོད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་བདེ་སྐྱིད་སྤོ་དམངས་སྡེ་གསར་དུ་སྒྲོག་འགྲེལ་བྱེད་དུ་སོང་ལ། ཚེ་རིང་གཡང་དཀར་གྱིས་འགྱུར་ཁུགས་སྙན་ལ་བརྩེ་བ་དང་ལྡན་པའི་སྒོ་ནས་ཨ་ཕ་དང་ཁོ་མོ་གཉིས་ཀྱིས་མཉམ་དུ་གསར་རྩོམ་བྱས་པའི་མ་རྩོམ་གླུ་གཞས་ཏེདྲིན་དྲནཞེས་པའི་གླུ་དབྱངས་དེ་བླངས་ཤིང་། གར་སྟེགས་ཀྱི་མངོན་ཤུགས་དང་ལྷན་སྐྱེས་ཀྱི་མཉམ་འདྲེས་ནུས་ཤུགས་ལ་བརྟེན་ནས། བོད་རིགས་སྤུན་ཟླས་ཏང་ལ་བཅངས་པའི་དྲིན་དྲན་གྱི་བརྩེ་བ་མཚོན་པ་ནི་མི་སེམས་འགུལ་བ་ཞིག་ཡིན་པས། ཡུལ་དངོས་སུ་ཡོད་པའི་མང་ཚོགས་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པ་དང་། ཐལ་མོའི་རྡེབ་སྒྲ་ལྷང་ལྷང་དང་བཅས་དགའ་བསུ་ཆེན་པོ་ཐོབ།
དམག་ལ་ཞུགས་པའི་ལོ་གཉིས་ཀྱི་རིང་ལ། ཚེ་རིང་གཡང་དཀར་ཡན་ལག་རུ་ཁག་གི་རྗེས་སུ་འབྲངས་ཏེ་ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་ཤར་བཅས་སུ་སོང་ནས། དབྱངས་རྟ་གཙོ་བོ་དར་སྤེལ་བཏང་ཞིང་སྐད་ངག་སྙན་མོ་བརྒྱུད་སྤྲོད་བྱས་ལ། རྫོང(གྲོང་ཁུལ)38དང་གྲོང་རྡལ97དང་། སློབ་གྲྭ་དང་སྡེ་ཁུལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་གཞིས་ཆགས་ས119བཅས་སུ་རྐང་རྗེས་བཞག་ཡོད། རིམ་བསགས་ཀྱིས་གཞི་རིམ་གྱི་དཔོན་དམག་དང་དམངས་དམག་གྲ་སྒྲིག་དམག་ཞབས་མི་སྣ། གཞན་རིགས་སོ་སོའི་མང་ཚོགས་བཅས་མི་གྲངས་ཁྲི14ལྷག་ལ་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་དང་། ཁོ་མོ་དང་འཐབ་གྲོགས་ཚོ་མཚོ་སྔོན་མཐོ་སྒང་གི་རི་ཆུ་གང་མང་ཞིག་བརྒལ་བས། འབྲོག་པ་ཚོས་ཁོ་ཚོརརྩྭ་ཐང་གི་འཇོལ་མོཞེས་བསྔགས་བརྗོད་བྱེད་བཞིན་མཆིས།
ཁོ་མོའི་ཚབ་མཚོན་གླུ་གཞསདྲིན་དྲནཞེས་པ་དང་འདྲ་བར། ཚེ་རིང་གཡང་དཀར་ནི་བབ་ཆགས་དང་དྲིན་ཤེས་དྲིན་དྲན་གྱི་བརྩེ་སེམས་མངའ་བའི་བོད་རིགས་བུ་མོ་ཞིག་ཡིན་ལ། ཁོ་མོས་ཕ་ཡུལ་གྱིས་རང་ཉིད་གསོ་སྐྱོང་བྱས་པ་དང་། ཁྱིམ་མིས་རང་ཉིད་ལ་ཐུགས་ཁུར་གནང་བ། དམག་དཔུང་ནས་རང་ཉིད་ལ་སྦྱོང་བརྡར་ཐོབ་པ་བཅས་ཀྱི་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད། ཁོ་མོའི་སེམས་སུ་ནམ་ཡང་ཕུགས་འདུན་ཞིག་ཡོད་དེ། དུས་ནམ་ཞིག་གི་ཚེ་ན་རང་ཉིད་པེ་ཅིན་དུ་སོང་སྟེ། རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚང་མས་གཟིགས་ཐུབ་པའི་གར་སྟེགས་ཆེན་པོ་ཞིག་གི་སྟེང་འགྲེངས་ནས། ཕ་ཡུལ་གྱི་རིག་གནས་གང་སར་ཁྱབ་ཏུ་འཇུག་འདོད་པ་དེ་རེད།
ད་ལྟ། ཁོ་མོའི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ་སོང་། ཁོ་མོ་དང་མོའི་སྔོན་ཆད་ཀྱི་འཐབ་གྲོགས་འགའ་སྟེ། ཞིང་ཆེན་དམག་ཁུལ་ལས་ཁུངས་ཀྱི་ཐད་གཏོགས་རུ་ཁག་གི་བོད་རིགས་འཐབ་མོ་བ4ཡིས་མཉམ་དུ་དམག་དཔུང་ཞབས་བྲོ་འཁྲབ་ཅིང་། ལང་ཚོའི་གར་སྟབས་ལ་བརྟེན་ནས་དེང་རབས་བུད་མེད་དམག་མིའི་དཔའ་ཉམས་དང་ལང་ཚོ་མངོན་པ་དང་། ཁོ་མོ་དང་ཡུས་ཧྲུའུ་ནས་ཐོན་པའི་འཁྲབ་སྟོན་པ་ཚོས་མཉམ་དུ་བོད་རིགས་ཀྱི་དམངས་ཁྲོད་གདོད་མའི་རིག་གནས་འཁྲབ་སྟོན་གྱི་ལམ་ནས་མངོན་པར་མཚོན་པས། ལྐོག་གྱུར་གྱི་ཉམས་དང་ལྡན་ལ་མི་སེམས་འགུལ་བར་བྱེད།
མཇུག་མཐར། ཁོ་མོའི་གླུ་སྐད་དང་འཁྲབ་སྟོན་གྱིས་ཡུལ་དངོས་ཀྱི་ལྟད་མོ་བ་དང་དཔྱད་འདེམས་པའི་ཡིད་དབང་འཕྲོག་སྟེ། ཁོ་མོར་བདེ་བླག་ངང་གཟའ་འཁོར་རེའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ། ཁོ་མོས་རང་ཉིད་ཀྱི་མངོན་ཐབས་ལ་བརྟེན་ནས་དུས་རབས་གསར་པའི་མཚོ་སྔོན་བོད་རིགས་ན་གཞོན་གྱི་མཛེས་ཉམས་མངོན་པ་དང་། དམག་སྒར་གྱིས་ཁོ་མོར་བསྩལ་བའི་ཐུན་མིན་གྱི་གཤིས་ཀ་དང་སྤོབས་པ་མངོན་པ་རེད། །
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།
 
མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།